དབུ་ཤོག>ཆེད་སྒྲིག
  • གཞིས་རྩེ་གྲོང་ཁྱེར་གྱིས་བྱེད་ཐབས་ཁག་བཅུ་བཏོན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-02-21

     ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་། གོ་བ་གཏིང་ཟབ་ལེན་པ། ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་གཙོ་གནད་བྱེད་ཐབས་ཁག་བཅུ་ཁ་གསལ་བཟོས་ནས་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།

    ནུས་ལྡན་གྱི་མ་འཇོག་གི་ཆུ་ཚད་མཐོ་རུ་བཏང་བ།

    ཐོན་ལས་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་ཞིང་། སྐྱེ་ལྡན་འདེབས་གསོ་དང་ལས་སྣོན་ལས་རིགས་དང་། མི་རིགས་ལག་ཤེས་བཟོ་ལས། ནུས་རྒྱུ་གཙང་མའི་ལས་རིགས། མཐའ་མཚམས་ཚོང་དོན་ཟོག་འགྲེམས་ལས་རིགས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་རེད།

    གཉེར་སྐྱོང་བྱེད་པོར་འགུལ་ནུས་བསྣན་ཞིང་། “ཁེ་ལས་དང་། གླིང་ཁུལ། མཉམ་ལས་ཁང་། ཞིང་འབྲོག་དུད་ཚང་བཅས་ཟུང་དུ་འབྲེལ་བའི”གཉེར་སྐྱོང་རྣམ་པ་འཐུས་སྒོ་ཚང་དུ་བཏང་ནས་གཞིས་རྩེའི་རྒྱལ་ཁབ་ཞིང་ལས་ཚན་རྩལ་ཁུལ་དང་། དཔལ་འབྱོར་གསར་སྤེལ་ཁུལ། རིག་གནས་གསར་གཏོད་གླིང་། སྐྱིད་གྲོང་རྒྱལ་ཁབ་ཀྱི་གཙོ་གནད་གསར་སྤེལ་སྒོ་དབྱེའི་ཚོད་ལྟ་ཁུལ་སོགས་གཙོ་གནད་ཐོག་འཕེལ་རྒྱས་གཏོང་བ་དང་། ཇོ་མོ་གླང་མའི་ཞིང་ལས་མ་འཇོག་དང་། གྲོང་ཁྱེར་མ་འཇོག རིག་གནས་ཡུལ་སྐོར་ཚོགས་པ་བཅས་རྒྱ་སྟོབས་ཆེ་རུ་བཏང་ནས་གཞུང་ཁོངས་ཁེ་ལས་ཀྱི་གསོན་ཤུགས་དང་ལས་ཕྱོད་ཆེ་རུ་གཏོང་བ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཆེད་ལས་མཉམ་ལས་རྩ་འཛུགས་ས་ཁོངས་སྒྲོལ་བ་དང་བྱེད་པོ་མང་བའི་མཉམ་འབྲེལ་ཁང་འཛུགས་པར་སྐུལ་མ་གཏོང་བ་བཅས་བྱས་ཏེ་མཉམ་ལས་ཁང་གི་དཔལ་འབྱོར་དངོས་ཤུགས་དང་། འཕེལ་རྒྱས་ཀྱི་གསོན་ཤུགས། སྐུལ་ཁྲིད་ཀྱི་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད།

    སྒྱུར་བཅོས་གསར་གཏོད་ལ་གསོན་ཤུགས་འཕེལ་བ།

    ཚོང་གཉེར་ཁོར་ཡུག་བསྐྲུན་པར་ཕན་ནུས་ཐོན་པ།

    དམངས་འཚོ་ལེགས་བཅོས་ཐད་སྤུས་ཚད་བསྣན་ཞིང་། ལས་ཞུགས་དང་། སློབ་གསོ། སྨན་བཅོས་སོགས་དམངས་འཚོའི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་ཞིང་འབྲོག་མང་ཚོགས་ཁྲི་25ཡན་ལས་ཞུགས་གཞན་སྒྱུར་ཐུབ་པ་དང་ཡོང་འབབ་སྒོར་དུང་ཕྱུར་30ཟིན་པ་བྱེད་པ་དང་། ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་རྒྱུན་འཁྱོངས་ཐུབ་པ་བྱེད་པ། བུ་བཅོལ་ཁང་30གསར་དུ་བསྐྲུན་པ། འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་98.6%ཡན་ཟིན་པ། གྲོང་ཚོ་དང་གྲོང་ལྷན་གྱི་སྤྱི་པའི་འཕྲོད་བསྟེན་ཨུ་ལྷན་ཡོངས་སུ་བསྐྲུན་ཟིན་ནས་རྫོང་ཁོངས་སུ་སྨན་པ་བསྟེན་ཚད་85%ཡན་རྒྱུན་འཁྱོངས་ཐུབ་པ་བྱས་པ་རེད།

    གྲོང་གསེབ་དར་རྒྱས་ལ་གཏིང་ཤུགས་བསྣན་པ།

    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་མངོན་མེད་ནུས་ཤུགས་བསྣན་ཞིང་། བྱེ་ཐང་ཅན་དང་ས་ཆུ་ཤོར་བ་སོགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཚན་རིག་དང་མཐུན་པའི་ངང་སྐུལ་འདེད་གཏོང་བ་དང་། “ལྗང་མདོག་ར་སྐོར”རིམ་སྤོར་དང“མ་ལམ་སྔོ་འགྱུར”གྱི་ལས་གྲྭར་སྐུལ་འདེད་ཧུར་ཐག་གཏོང་བ། ཕྱུགས་རིགས་ཀྱི་ཚང་གསོ་དང་ཕྱེད་ཚང་གསོ་དང་གཅིག་སྡུད་ཚབ་གསོ་སོགས་རྒྱ་ཁྱབ་ངང་ཁྱབ་གདལ་བཏང་ནས་འདྲེ་ཚེར་མ་དང་། གླ་ཚེར། སྡོང་ཕྲུག་སོགས་སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མང་ཚོགས་ལ“སྐྱེ་ཁམས་ཡོང་འབབ”ཡོང་བ་བྱས་ནས་ཁོང་ཚོ་ཕྱུག་འགྱུར་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱས་པ་རེད།

    མཐའ་བརྟན་མཐའ་དར་ལ་རང་འགུལ་བསྣན་ཞིང་། རྒྱལ་ཁབ་ཀྱི་འདུ་ཤེས་དང་། རྒྱལ་མཚམས་ཀྱི་འདུ་ཤེས། རྒྱལ་སྲུང་གི་འདུ་ཤེས་བཅས་བརྟན་པོ་བཙུགས་ནས་མཐའ་མཚམས་སྟོབས་ཆེར་གཏོང་བ་དང་སྲ་བརྟན་དུ་གཏོང་རྒྱུ་སྤྱིའི་དམིགས་ཚད་དུ་བྱེད་པ་དང་། ཁ་ཚ་དགོས་གཏུགས་དང་། འཕྲལ་མཁོ། རེ་སྒུག་བཅས་ཐག་གཅོད་བྱ་རྒྱུ་འཇུག་གཞིར་བྱེད་པ། གཙོ་གནད་ཁྱབ་ཁོངས་དང་། ཁ་ཕྱོགས་གལ་ཆེན། རྣམ་གྲངས་གལ་ཆེན་བཅས་ཚད་བརྒལ་དུ་བྱེད་པ། ས་སྲུང་མཐའ་བརྟན་གྱི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱེད་པ། མཐའ་མཚམས་མི་སེར་གྱི་འཚོ་བར་འགན་ལེན་ཡོད་པ་དང་། ཕྱུག་འགྱུར་གྱི་ཐབས་ལམ་ཡོད་པ། མཐའ་མཚམས་སྲུང་བར་སྒུལ་ཤུགས་ཡོད་པ། འཕེལ་རྒྱས་གཏོང་བར་འདེགས་སྐྱོར་ཡོད་པ་བཅས་ཀྱི་རྣམ་པ་གསར་པ་བཏོད་ཡོད་པ་རེད།

    ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་པར་བདེ་འཇགས་བསྣན་ཞིང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་དཔལ་འབྱོར་ཁྱབ་ཁོངས་སུ་ཁྱབ་པའི་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་མ་ལག་ཁྱོན་ཡོངས་ནས་འཛུགས་པ། སྲིད་གཞུང་གི་བུ་ལོན་དང་། དངུལ་རྩ། ལས་ཤོར། འབྲུ་རིགས། བདེ་འཇགས་ཐོན་སྐྱེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་སེལ་བ་དང་མ་ལག་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མཐའ་ཚད་དམ་པོར་བསྲུང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་ཀྱི་བདེ་སྐྱིད་བཅས་འགན་ལེན་མཐའ་གཅིག་ཏུ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་བཏོད་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།