དབུ་ཤོག>ཆེད་སྒྲིག
  • སྡུག་བསྔལ་དང་འཚོ་བ་གསར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-01-17

    1473723_yis_1640620800000_s.jpg

    འདི་ནི་བློ་བཟང་རྡོ་རྗེ(རྒྱབ་གྲལ་གྱི་གཡོན་གྱི་གསུམ་པ)དང་བཟའ་ཟླ་ཚེ་རིང་སྒྲོལ་མ(རྒྱབ་གྲལ་གྱི་གཡོན་གྱི་གཉིས་པ)དང་ནང་མིའི་མཉམ་པར་ཡིན་པ།

    1473725_yis_1640620800000_s.jpg

    འདི་ནི་བགྲེས་སོང་བློ་བཟང་རྡོ་རྗེ་ཡིན་པ།

    བགྲེས་སོང་བློ་བཟང་རྡོ་རྗེ་1942ལོར་སྐྱེས་པ་དང་། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གཉའ་ནང་རྫོང་གཉའ་ནང་གྲོང་རྡལ་རྫོང་དར་གྲོང་ཚོ་ནས་རེད།

    བོད་རྙིང་པའི་མུན་ནག་གི་འཚོ་བ་ནི་བགྲེས་སོང་ཁོང་གི་ཕྱིར་དྲན་བྱེད་མི་འདོད་པའི་འདས་དོན་ཞིག་ཡིན་ཞིང་། ལོ་16ལ་སོན་པའི་བློ་བཟང་རྡོ་རྗེས་གཉའ་ནང་ས་གནས་ཀྱི་ཞིང་བྲན་བདག་པོར་དོ་པོ་དབོར་མཁན་བྱས་ནས་ཞིང་བྲན་བདག་པོར་ཚྭ་སོགས་ཀྱི་དངོས་ཟོག་དབོར་བ་དང་། དབོར་ཐེངས་གཅིག་ལ་རྒྱ་མ་100ཙམ་སྒལ་པར་འཁུར་ནས་སྤྱི་ལེ་30ལྷག་ཙམ་སྐྱོད་དགོས་ཀྱི་ཡོད། ཡུན་རིང་འཚོ་བཅུད་མི་འདང་ལ་རྒྱབ་ཏུ་དངོས་ཟོག་ལྗིད་པོ་འཁུར་དགོས་པས། ཁོང་ལ་རྐང་པར་ཞ་ཉེ་བསྒྲོགས་པ་ལྟར་ལྗིད་པའི་ཚོར་སྣང་སྐྱེ་ཡི་ཡོད།

    ཞིང་བྲན་བདག་པོས་སྟེར་བའི་རྩམ་པས་གྲོད་པ་རྩ་བ་ནས་མི་རྒྱགས་པས་དགོང་མོའི་རྨི་ལམ་དུའང་ལྟོགས་ལྷང་ལྷང་བྱེད་ཅིང་། གལ་ཏེ་དུས་ཆད་ལྟར་དམིགས་སར་མ་འབྱོར་ཚེ་ད་དུང་ཀོ་ལྕག་དང་གཤེ་གཤེ་བཟེད་དེ་དུད་འགྲོ་བཞིན་ཞིང་བྲན་བདག་པོའི་བརྙས་བཅོས་མྱོང་དགོས་ཀྱི་ཡོད།

    1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ཅིང་། བློ་བཟང་རྡོ་རྗེས“དམངས་གཙོའི་བཅོས་སྒྱུར་བྱས་རྗེས། ངའི་ཁྱིམ་ལ་འབྲི་གཡག་བགོས་པ་དང་ལྟོ་རྒྱགས་ཚད་ཟ་རྒྱུ་ཡོད་པ་མ་ཟད། ད་དུང་གུང་ཁྲན་ཏང་གིས་ང་ལ་ལས་ཀ་བཀོད་སྒྲིག་གནང་བྱུང་། ད་ལྟ་ངའི་ཁྱིམ་ལ་ནང་མི་བཅུ་ལྷག་ཙམ་ཡོད་པ་དང་། ཚ་བོ་དང་ཚ་མོ་ཡོད་ལ་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོད་པས། ང་ཚོས་ནམ་ཡང་གུང་ཁྲན་ཏང་གི་བཀའ་དྲིན་བརྗེད་མི་སྲིད་ལ། རླབས་ཆེན་མེས་རྒྱལ་ལ་ནམ་ཡང་དགའ་ཞེན་ཡོད”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།