
2017ལོའི་ཟླ་10ཚེས་25ཉིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཌ་ཐེངས་དང་པོར་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་བདམས་ཐོན་བྱུང་བ།

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་བཞེས་པ། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཀྱིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་འགན་བཞེས་པ།(དཔྱད་གཞིའི་པར་རིས)

2017ལོའི་ཟླ་10ཚེས་31ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཀྱི་སྣེ་ཁྲིད་དེ་ཧྲང་ཧའེ་ཀྲུང་གུང་ཚོགས་ཆེན་དང་པོ་འཚོག་ཡུལ་དང་ཀྲེ་ཅང་ཅ་ཤིང་ནན་ཧུའི་གྲུ་དམར་ལ་གཟིགས་པ་རེད། འདི་ནི་ཞི་ཅིན་ཕིང་སོགས་ཀྱིས་ཀྲེ་ཅང་ཅ་ཤིང་ནན་ཧུའུ་མཚོ་ངོགས་ནས་གྲུ་དམར་ལ་གཟིགས་བཞིན་པ། (དཔྱད་གཞིའི་པར་རིས)

2017ལོའི་ཟླ་10ཚེས་31ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཀྱི་སྣེ་ཁྲིད་དེ་ཧྲང་ཧའེ་ཀྲུང་གུང་ཚོགས་ཆེན་དང་པོ་འཚོག་ཡུལ་དང་ཀྲེ་ཅང་ཅ་ཤིང་ནན་ཧུའི་གྲུ་དམར་ལ་གཟིགས་པ་རེད། འདི་ནི་ཧྲང་ཧའེ་ཀྲུང་གུང་ཚོགས་ཆེན་དང་པོ་འཚོག་ཡུལ་གྱི་དྲན་གསོ་ཁང་དུ་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་བློ་མཐུན་གཞན་དག་གི་སྣེ་ཁྲིད་དེ་ཏང་ཞུགས་དམ་བཅའ་བསྐྱར་འཇོག་གནང་བ། (དཔྱད་གཞིའི་པར་རིས)

2018ལོའི་ཟླ་12ཚེས་18ཉིན། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད།
སྒྱུར་བཅོས་སྒོ་དབྱེ་ནི་རང་རེའི་ཏང་གི་གོ་རྟོགས་རླབས་ཆེན་སད་པ་ཞིག་རེད། གོ་རྟོགས་རླབས་ཆེན་སད་པ་དེས་རང་རེའི་ཏང་གི་རིགས་པའི་གཞུང་ལུགས་ནས་ལག་ལེན་བར་གྱི་གསར་གཏོད་རླབས་ཆེན་ཞིག་སྐྱེད་སྲིང་བྱས་ཡོད། སྒྱུར་བཅོས་སྒོ་དབྱེ་ནི་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ལོ་རྒྱུས་ཀྱི་གསར་བརྗེ་རླབས་ཆེན་ཞིག་རེད། གསར་བརྗེ་རླབས་ཆེན་དེས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་མཆོང་སྐྱོད་རླབས་ཆེན་ལ་སྐུལ་འདེད་བཏང་ཡོད། (དཔྱད་གཞིའི་པར་རིས)
2020ལོའི་ཟླ་9ཚེས་8ཉིན་གྱི་སྔ་དྲོར། རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་འཐོབ་མཁན་ལ་བྱས་རྗེས་གཟེངས་རྟགས་དང་བྱ་དགའི་གཟེངས་རྟགས་གནང་བ་མ་ཟད། གསུང་བཤད་གལ་ཆེན་ཡང་གནང་བ་རེད།

ཀྲུང་ནན་ཧྲན་ལ“སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”སྤྲད་པ་དང་། ཀྲང་པོ་ལི་དང་། ཀྲང་ཏིང་ཡུས། ཁྲེན་ཝུའེ་བཅས་ལ“མི་དམངས་དཔའ་བོའི”རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ། རྒྱལ་ཡོངས་སུ་ད་དུང་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་སྔོན་ཐོན་མི་སྒེར་དང་། སྔོན་ཐོན་མཉམ་སྡེབ། རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན། རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་བྱས་པ་རེད།(དཔྱད་གཞིའི་པར་རིས)