དབུ་ཤོག>ཆེད་སྒྲིག
  • དགོན་སྡེའི་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ལེཌ་སུ་གཏོང་གི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-08

    ཉེ་བའི་ལོ་ཤས་རིང་ཆབ་མདོ་གྲོང་ཁྱེར་བྱམས་པ་གླིང་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། “ཁྲིད་སྟོན”བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ། དགོན་སྡེ་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་ལེགས་སུ་གཏོང་བ་བཅས་བྱས་ཏེ། ཆོས་ལུགས་ཞི་མཐུན། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་བའི་འགན་ལེན་བྱས་ནས། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཕུལ་ཡོད།

    བྱམས་པ་གླིང་དགོན་སྡེ་དོ་དམ་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་ཝང་ཁྲའོ་ཡིས། “བྱམས་པ་གླིང་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་དགོན་སྡེ་དོ་དམ་གྱི་བརྒྱུད་རིམ་ཧྲིལ་པོར་ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་ཏང་ཙུའུ་ཡིས་དུས་བཀག་དང་དུས་ངེས་མེད་དུ་དགོན་སྡེ་དོ་དམ་གྱི་ལས་དོན་ལ་ཞིབ་འཇུག་བྱས་ཤིང་། ཏང་ཙུའུ་ཡིས་ཁ་ཕྱོགས་འགན་ལེན་དང་། སྤྱི་ཡོངས་ལ་དོ་དམ། དོན་འཁྱོལ་ལ་སྐུལ་འདེད་བཅས་དངོས་འབྲེལ་མངོན་འགྱུར་བྱུང་ཡོད། དེ་དང་དུས་མཚུངས《བྱམས་པ་གླིང་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་ལས་དོན་ལ་ཁག་དབྱེ་ནས་དོ་དམ་གྱི་ལག་བསྟར་བྱ་ཐབས》བཏོན་ཅིང་། དོ་དམ་ཞིབ་ཚགས་དང་། ཚན་པར་གཞིགས་ནས་ཇུས་འདོན་པ། གནས་ཚུལ་ཆེ་བ་ཆུང་དུ་གཏོང་བ། གནས་ཚུལ་རྙོག་དྲ་སྟབས་བདེ་རུ་གཏོང་བ་བཅས་བྱས་ནས། དགོན་སྡེའི་དོ་དམ་ཚན་རིག་ཅན་དང་གནད་སྨིན་ཅན་ལ་སྐུལ་འདེད་བཏང་ཡོད། དེའི་རྨང་གཞིའི་ཐོག་ད་དུང《བྱམས་པ་གླིང་དགོན་དམངས་གཙོ་དོ་དམ་ཨུ་ལྷན་གྱི་ཁོངས་མིའི་ལས་དོན་ཁག་བགོས་མཛུབ་ཁྲིད》བཏོན་ནས་ཁྲིམས་བཞིན་དོ་དམ་དང་དམངས་གཙོའི་དོ་དམ་ཟུང་འབྲེལ་བྱེད་པའི་དོ་དམ་ལམ་སྲོལ་ལག་ལེན་བསྟར་ཏེ། དགོན་སྡེའི་སློབ་གསོ་དང་། དོ་དམ། བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ལས་འགན་ཁག་མི་སྒེར་གྱི་ཕྲག་ཏུ་བསྐུར་ཡོད”ཅེས་བརྗོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།