དབུ་ཤོག>ཆེད་སྒྲིག
  • ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་བཅངས་ནས་འགན་འཁྲི་ཁུར་སེམས་ལྷག་པར་མངོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-01-08

    “མི་གཅིག་ཕྱུག་པོ་ཆགས་ན་ཕྱུག་པོ་མིན། གྲོང་ཚོའི་མང་ཚོགས་ཚང་མ་ཕྱུག་པོ་ཆགས་ན་རང་ཉིད་གཞི་ནས་ཚད་གཞི་ལོན་པའི་ཏང་ཀྲི་པུའི་ཧྲུའུ་ཅི་ཞིག་ཡིན”ཞེས་པ་དེ་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་མཐོ་ལྡིང་གྲོང་ལྷན་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་སྟོབས་རྒྱལ་གྱིས་རྒྱུན་དུ་ཤོད་པའི་སྐད་ཆ་ཞིག་རེད།

    2007ལོར་མཐོ་ལྡིང་གྲོང་ལྷན་གྱིས་ཧོ་པེའི་བོད་སྐྱོར་མ་དངུལ་སྒོར་ཁྲི་175སྤྱད་ནས་སྔོ་ཚལ་དྲོད་ཁང་ཆེ་མོ་5བསྐྲུན་པ་དང་། 2014ལོར་བཀྲ་ཤིས་སྟོབས་རྒྱལ་མཐོ་ལྡིང་གྲོང་ལྷན་གྱི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་པ་རེད། ཁོང་གི་འབད་བརྩོན་འོག་གྲོང་ལྷན་གྱི་དྲོད་ཁང་ཆེ་མོའི་རྟེན་གཞི་སྔར་བས་རྒྱ་སྐྱེད་བཏང་ནས། འདེབས་འཛུགས་བྱས་པའི་སྔོ་ཚལ་དང་ཀྭ་རིགས་སྣ་ཁ་30ལྷག་ཙམ་བར་མང་དུ་བཏང་ཡོད། འབྲོག་ལས་ཡོང་འབབ་དམའ་བའི་གནས་ཚུལ་དངོས་ལ་གཞིགས་ནས། ཁོང་གིས་གྲོང་ལྷན་གྱི་ཉེ་འགྲམ་དུ་ཡོད་པའི་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་མཛེས་ལྗོངས་ཁུལ་དང་། གྲོང་ཁྱེར་དང་གྲོང་གསེབ་ཟུང་འབྲེལ་གྱི་ས་ཁོངས་ཀྱི་ལེགས་ཆར་དམ་འཛིན་གྱིས་རྫོང་ཡུལ་སྐོར་སྡེ་ཚན་ནས་དམངས་སྲོལ་བྱེད་སྒོ་སྤེལ་ཡུལ་འཛུཌ་སྐྲུན་དང་ཡུལ་སྐོར་ཚོང་ཟོག་སོགས་ཀྱི་རྣམ་གྲངས་བརྩོན་ལེན་གྱིས་གྲོངལྷན་གྱི་མང་ཚོཌ་ལ་ལོ་རེར་མི་རེར་ཆ་སྙོམས་འབབ་འཕར་སྒོར་4000ནས་5000བར་རག་ཐབས་བྱས་ཡོད།

    2015ལོའི་ཟླ་5པར། བཀྲ་ཤིས་སྟོབས་རྒྱལ་གྱི་སྣེ་ཁྲིད་འོག་མང་ཚོགས་ཀྱིས་མ་འཇོག་དང་ཕྱོགས་མང་ནས་གྲབས་གསོག་གི་ཐབས་ལ་བརྟེན་ནས། སྒོར་ཁྲི་240གྲབས་གསོག་གིས་རྩྭ་མདའ་རྫོང་གི་བྱེ་རྡོ་ར་བ་ཆེ་ཤོས་དེ་ཉོས་པས་ལོ་དེ་རང་ལ་འབབ་འཕར་སྒོར་ཁྲི་80ལྷག་ཙམ་བྱུང་ཡོད།

    འདི་ལོའི་ཚོགས་འདུ་གཉིས་ཀྱི་ཐོག་བཀྲ་ཤིས་སྟོབས་རྒྱལ་གྱིས་རྩྭ་མདའ་རྫོང་གི་མཐའ་སྲུང་གནས་སྤོའི་ཐོན་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་འགོ་འབུལ་རྒྱུའི་གྲ་སྒྲིག་བྱས་ཡོད། མཐའ་མཚམས་ཀྱི་ཤང་གྲོང་མང་པོ་ཡོད་པའི་རྩྭ་མདའ་རྫོང་ནི་རི་མཐོ་གཡང་གཟར་གྱི་ཁུལ་དུ་གནས་པས་ཐོན་ཁུངས་དེ་ཙམ་སྙོམས་པོ་མེད། ས་སྲུང་མཐའ་བརྟན་གྱི་རྨང་གཞིའི་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་ཏེ། ཐོན་ལས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་ཐད། མཐའ་སྲུང་མང་ཚོགས་དང་དེ་སྔ་གནས་དེར་འདུས་སྡོད་བྱེད་མཁན་མཐའ་མཚམས་མི་སེར་གྱི་སྲིད་ཇུས་ཁག་ཁ་གསལ་བཟོས་ནས་མཐའ་མཚམས་མི་སེར་གྱི་འཚོ་བར་འགན་ལེན་དང་། ཕྱུག་འགྱུར་ལ་ཐབས་ལམ་ཡོད་པ། མཐའ་སྲུང་ལ་སྒུལ་ཤུགས་ཡོད་པ། འཕེལ་རྒྱས་ལ་འདེགས་སྐྱོར་ཡོད་པ་བཅས་ཀྱི་རྣམ་པ་གསར་པ་ཞིག་གཏོད་རྒྱུའི་རེ་བ་བྱེད་ཀྱི་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།