དབུ་ཤོག>ཆེད་སྒྲིག
  • རང་འགན་གཙང་སྒྲུབ་ཀྱིས་འཕེལ་རྒྱས་དོན་གཉེར་བྱེད་ཀྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-01-08

    “མི་དམངས་ཀྱིས་ང་རང་འཐུས་མིར་བདམས་པས། ངས་འཐུས་མི་བྱས་ནས་དམངས་དོན་སྒྲུབ་དགོས”རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གངས་ས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་འཇིགས་མེད་རྡོ་རྗེས་སྔ་ཕྱི་བར་གསུམ་དུ་བྱ་སྤྱོད་ངོ་མའི་ཐོག་ནས་རང་གི་དམ་བཅའ་ལག་ལེན་བསྟར་གྱི་ཡོད།

    འཇིགས་མེད་རྡོ་རྗེ་གནས་སའི་གངས་ས་གྲོང་ཚོ་ནི་གངས་རིན་པོ་ཆེའི་རི་གཤམ་དུ་ཆགས་པ་དང་། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་འཇིགས་མེད་རྡོ་རྗེས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཁག་གི་ལས་དོན་དོ་དམ་གྱི་འགན་འཁུར་བ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡང་ལོ་རེ་བཞིན་སྟོབས་ཆེར་འགྲོ་བཞིན་ཡོད། དེའི་ཁྲོད་ལོ་30ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི“རྙིང་ཁུངས་མིང་ཅན”འབྲི་གཡག་སྐྱེལ་འདྲེན་རུ་ཁག་དེ་གཏན་འཇགས་རྒྱུ་ནོར་སྒོར་ཁྲི་6000ལྷག་ཙམ་ཟིན་པའི་དེང་རབས་ཅན་གྱི་ཁེ་ལས་སུ་འཚར་ལོངས་བྱུང་ནས། ཡུལ་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བ་དང་ལས་ཞུགས་གཞན་སྒྱུར་གྱི་ཐབས་ལམ་གཙོ་བོར་གྱུར་ཡོད།

    འདི་ལོའི་ཚོགས་འདུ་གཉིས་ཐོག་འདོན་རྒྱུའི་གྲོས་འགོའི་སྐོར་གླེང་སྐབས། འཇིགས་མེད་རྡོ་རྗེས་མཐའ་མཚམས་ས་ཁུལ་གྱི་སློབ་གྲྭར་དྲོད་རླངས་དང་གསོ་རླུང་མཁོ་འདོན་དང་དེ་བཞིན་གཞི་རིམ་གྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཀྱི་ཐོབ་ཐང་ལེགས་སུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསར་འགོད་པར་གསུངས།

    དམངས་ཀྱི་བསམ་ཚུལ་ཉན་པ་དང་དམངས་ཀྱི་བསམ་ཚུལ་མཚོན་པར་བྱེད། ལས་འགན་བཞེས་ཚུན་འཇིགས་མེད་རྡོ་རྗེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོཌ་ཀྱི་འཐུས་མིའི་ཕྲག་ཏུ་འཁུར་བའི་འགན་འཁྲི་དང་འོས་འགན་ཟབ་མོ་ཚོར། “སླད་ཕྱིན་ངའི་འགན་ནུས་མུ་མཐུད་འདོན་སྤེལ་བྱེད་པ་དང་ཐབས་དང་ཇུས་ཧུར་ཐག་བཏོན་ནས། རང་ལྗོངས་ཀྱི་སྤུས་ལེཌ་འཕེལ་རྒྱས་ཆེད་ལེཌ་སྐྱེས་མང་ཙམ་འབུལ་རེ་ཡོད”ཅེས་འཇིགས་མེད་རྡོ་རྗེས་གསུངས། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།