དབུ་ཤོག>ཆེད་སྒྲིག
  • “ཉེ་འགྲམ་ཁེ་ཕན”གྱིས་མི་དེ་བས་མང་བར་ཕན་པ་ཐོབ་པ་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-01-08

    ཟླ་1ཚེས་4ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་ཤིང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2000ལས་བརྒལ་ནས་7%ཙམ་འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་13%དང་14%འཕར་ནས་ནུབ་རྒྱུད་ས་ཁུལ་གྱི་མདུན་གྲལ་དུ་སླེབས་པ། གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་5.2གསར་དུ་ལས་ཞུགས་ཐུབ་པ་བཅས་གསལ་པོར་བསྟན་ཡོད།

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྐྱེད་པ་ཤང་སྟར་ཤིང་གྲོང་ཚོར་ཕྱིར་གླ་པར་འགྲོ་མཁན་ཉུང་ཉུང་ཡིན་མོད། འོན་ཀྱང་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་དེ་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་མི་རེའི་ཆ་སྙོམས་ཡོང་འབབ་ཀྱི་ལྡབ་གཉིས་ཟིན་གྱི་ཡོད། གྲོང་ཚོ་དེ་ཕྱུག་པོར་འགྱུར་བའི་ཐབས་བཟང་ནི། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དེ་ཡིན། སྟར་ཤིང་གྲོང་ཚོར་བྱེ་རྡོ་ར་བ་དང་། བོད་ཕག་གསོ་ཚགས། འབྲི་ཏ་ས་འཛིན་འདེབས་འཛུགས། བཞོན་མའི་རྟེན་གཞི། སྤྲོ་གསེང་གླིང་ཁ་སོགས་ཁྱད་ལྡན་ཐོན་ལས་11ཡོད། གྲོང་ཚོ་ཡོངས་ཀྱི་ཁྱིམ་ཚང་ཚང་མ་ས་ཆ་དེ་རང་དུ་དབུལ་སྒྲོལ་བྱུང་བ་དང་ཕྱུག་པོ་ཆགས་ཡོད།

    གནམ་ལོ་གསར་ཚེས་ཀྱི་སྔ་ནུབ་ཏུ། སྤོ་བོ་རྫོང་ཆུ་མདོ་གྲོང་རྡལ་དཔའ་ཁང་གྲོང་ཚོའི་གྲོང་མི་ཚོས་བཀྲ་ཤིས་པའི་བྱ་བ་ཞིག་བསུས་ཤིང་། དཔའ་ཁང་གྲོང་ཚོའི་ཁམ་སྡོང་འདེགས་འཛུགས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་ཡོང་འབབ་བགོ་བཤའ་རྒྱག་པའི་མཛད་སྒོ་འཚོགས་ནས་ཞིང་དུད་72ལ་ཐོབ་ཆ་སྒོར་861700བགོས་ཡོད། མཉམ་ལས་ཁང་བཙུགས་ནས་ལོ་དྲུག་སོང་ཚུན་ལོ་རེར་ཆ་སྙོམས་ཁེ་སྤོགས་སྒོར་ཁྲི་80ཙམ་ཟིན་པ་དང་རིམ་རྩིས་བྱས་ན་མང་ཚོགས་ལ་ཁེ་སྤོགས་སྒོར་ཁྲི་480ཙམ་བགོས་ཡོད།

    ཉེ་ཆར། བསམ་གྲུབ་རྩེ་ཆུས་ཉ་མོ་ཤང་སྐྱིད་མོ་གཞུང་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་ཆེད་ལས་མཉམ་ལས་ཁང་གིས་ལོ་གཅིག་དུས་གཅིག་གི་ཐོན་ལས་ཀྱི་ཁེ་སྤོགས་བགོ་བཞིན་ཡོད། ད་ཐེངས་ཁེ་སྤོགས་སྒོར་ཁྲི་67.07བགོས་པའི་ནང་དངུལ་སྨར་སྒོར་ཁྲི་9.58དང་ཞིང་པ་ལས་མིར་གླ་ཆ་སྒོར་ཁྲི་59.49དེ་དག་ཤང་ཡོངས་ཀྱི་དུད་ཚང་112ཀྱི་དབུལ་སྒྲོལ་སྲ་བརྟན་དུད་ཚང་དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་དུད་ཚང་6ལ་སྤྲད་ཡོད།

    ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ལས་འགན་གསར་པ་ལག་བསྟར་དང་བྱས་རྗེས་གསར་པ་བཞག་ནས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།