དབུ་ཤོག>ཆེད་སྒྲིག
  • སྔར་རྒྱུན་བཞིན་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་ཀྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-01-08

    རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་གྲོལ་ཟིན་མོད། འོན་ཀྱང་ཚོགས་འདུ་གཉིས་ཀྱི་སྐོར་གླེང་ཚད་ཉུང་དུ་ཕྱིན་མེད། “གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་13%དང་14%འཕར་བ”དང་། “མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.19བར་མཐོ་རུ་ཕྱིན་པ”“མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་624ཚང་མ་བསྐྲུན་ཟིན་པ”ལ་སོགས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བསྟན་པའི་བྱ་བཟང་ཁག་དང་བྱ་བ་དངོས་ཁག་ལས། རང་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གཞི་ནས་མི་དམངས་མང་ཚོགས་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པའི་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་ཡོད། ཚང་མས་སྔར་རྒྱུན་བཞིན་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    “བོད་རྙིང་པར་སྡོད་ཁང་གསར་པ་དང་། སྨན་བཅོས། ཚེ་རིང་བ་བཅས་ནི་རྨི་ལམ་དུའང་འཁོར་མི་ཕོད་པའི་བྱ་བ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་གིས་མ་གཏོཌ་ང་ཚོར་བདེ་སྐྱིད་ཀྱི་འཚོ་བ་དེ་འདྲ་སྐྱེལ་རྒྱུ་ཡོང་མི་སྲིད”ཅེས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་སྡེ་ཁུལ་གྱི་ལོ་75ལ་སླེབས་པའི་བསོད་ནམས་རྡོ་རྗེས་རྒྱ་ཆེ་ལ་དཀར་ཆ་དོད་པའི་སྡོད་ཁང་ཞིག་གི་ནང་མྱོང་ཚོར་ཟབ་མོའི་སྒོ་ནས་དེ་ལྟར་བཤད། བོད་གསར་རྙིང་གི་དུས་རབས་གཉིས་བརྒྱུད་མྱོང་བའི་ཁོང་ལ་ད་ཆ་ཚ་བོ་ཚ་མོ་མང་པོ་ཡོད་པ་དང་། འབྱུང་འགྱུར་གྱི་འཚོ་བར་རེ་བས་ཁེངས་བཞིན་ཡོད།

    2020ལོར། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིཌ་ཤང་ཁྱུང་གླིང་གྲོང་གསར་དུ་སྤོས་པའི་གྲོང་མི་ཡཱ་དབྱིང་གིས་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོའི་འཛུཌ་སྐྲུན་སྐོར་གླེང་སྐབས། “ང་ཚོའི་ད་ཆའི་འཚོ་བའི་ཆ་རྐྱེན་གྲོང་ཁྱེར་བ་ལས་ཞན་པ་མེད”ཅེས་བཤད།

    གནས་སྤོས་ས་ཚིགས་ཤིག་ཡིན་པའི་ཁྱུང་གླིང་གྲོང་གསར་ནི་2019ལོའི་ཟླ་8པར་སྐྲུན་འགོ་ཚུགས་པ་དང་ཁྱོན་མ་དངུལ་སྒོར་ཁྲི་7500བཏང་ཞིང་། དེ་གར་ཁང་པ་ཡག་པོ་བརྒྱབ་ཡོད་ལ། ད་དུང་དམངས་ཕན་ཞབས་ཞུའི་ཚོམས་ཆེན་དང་། ཏང་འཛུགས་སྐྱོང་བྱེད་སྒོ་ཁང་། ལུས་སྦྱོང་ཡོ་བྱད་སོགས་འཚོ་བའི་རྨང་གཞིའི་སྒྲིག་བཀོད་སྣ་ཚོགས་སྒྲིག་སྦྱོར་བྱས་ཡོད།

    མིག་སྔའི་བར་བོད་ཀྱིས་ཚད་གཞི་མཐོ་བའི་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་624བསྐྲུན་ཟིན་ཞིང་། གློག་དྲ་གཙོ་བོ་མཐའ་མཚམས་ཀྱི་ཤང་གྲོང་ཚང་མར་ཁྲིད་པ་དང་། གྲོང་ཚོ་ཚང་མར་སྦྲག་ཟམ་ཤར་གཏོང་ཐུབ་པ། སྒུལ་བདེའི་འཕྲིན་གཏོང་དྲ་རྒྱ་ཡོངས་ཁྱབ་བྱུང་བ། གྲོང་གསེབ་མི་འབོར་གྱི་འཐུང་ཆུའི་བདེ་འཇགས་འགན་ལེན་ཡག་པོ་ཐུབ་པ་བཅས་བྱུང་སྟེ། མཐའ་མཚམས་གྲོང་སྡེའི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་ཐོན་ལས་སྣ་ཚོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས། མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།