དབུ་ཤོག>ཆེད་སྒྲིག
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་2022ལོའི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-08

    ཚེས་7ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི་2022ལོའི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་སྟེ། “ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། རྒྱལ་ཡོངས་ཀྱིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་རྩ་བཅོས་བྱེད་པའི་ལས་དོན་དང་ཞིང་པ་ལས་མིའི་ལས་དོན་སྐོར་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་གནང་བའི་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ། 《〈སྲིད་གཞུང་གི་ལས་དོན་སྙན་སྒྲོན〉གྱི་ལས་འགན་ཁག་བགོས་ཇུས་གཞི》དང《〈སྲིད་གཞུང་གི་ལས་དོན་སྙན་སྒྲོན〉གྱི་ལས་འགན་དང་དམིགས་ཚད་ཀྱི་འགན་འཁྲིའི་ཡི་གེའི》གནས་ཚུལ་སྙན་ཞུ་ཉན་པ། དེ་བཞིན་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བླང་བྱ་ལྟར་སྲིད་གཞུང་ཁོངས་གཏོགས་ཀྱིས་བསམ་འཆར་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ཞིབ་འཇུག་བྱས་པ་རེད།

    ཡན་ཅིན་ཧའེ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”ལས་དོན་ལ་ཆེད་དོན་ཞིབ་འཇུག་གནང་བ་དང་འབྲེལ་མཛུབ་སྟོན་གལ་ཆེན་ཡང་གནང་བ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིས“ཞིང་གསུམ”ལས་དོན་ལ་མཐོང་ཆེན་དང“ཞིང་གསུམ”ལས་དོན་ཐུགས་ལ་བཅངས་པའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་དང་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མཚོན་པ། དེ་ནི་ང་ཚོས་འགོ་འཛུགས་ས་གསར་པའི་ཐོག“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཞིག་རེད། རིམ་ཁག་སྲིད་གཞུང་གིས་ངེས་པར་དུ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་ཧ་ཅང་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་སློབ་སྦྱོང་ནན་ཏན་དང་། གོ་བ་གཏིང་ཟབ་ལེན་པ། དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་དགོས།

    ཡན་ཅིན་ཧའེ་ཡིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ། རང་སྐྱོང་ལྗོངས་ཀྱིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་རྩ་བཅོས་བྱེད་པའི་ཆེད་དོན་བྱ་སྤྱོད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་། “མིང་ཐོ་ནག་པོའི”ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་འདོན་སྤེལ་ཡག་པོ་བྱས་ཏེ་ཁྲིམས་ལྟར་ཆད་གཅོད་དང་ཆོག་འཐུས་ཚོད་འཛིན་སོགས་ཀྱི་བྱེད་ཐབས་བརྒྱུད་ལམ་ལུགས་ཀྱི་རླུང་ཙི་དམ་ཚགས་སུ་གཏོང་དགོས་པ་དང་། རྣམ་ཀུན་ནས་ལས་ཀ་ཧུར་ཐག་བྱས་ཏེ་གླ་ཆ་འགྱངས་ཆད་བཅོས་སྒྲིག་གི་དམ་བསྒྲགས་རྣམ་པ་དུས་དང་རྣམ་པ་ཀུན་དུ་རྒྱུན་འཁྱོངས་བྱེད་དགོས་པ། རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་པ་ལས་མི་དེ་བས་མང་བ་ས་ཆ་དེ་རང་དང་སྟབས་བདེ་སར་ལས་ཞུགས་ཐུབ་པར་བྱེད་དགོས།

    ཡན་ཅིན་ཧའེ་ཡིས་བསྟན་དོན། 《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་བཏོན་པའི་དམིགས་ཚད་ལས་འགན་དང་ལས་ཀའི་བྱེད་ཐབས་ཚང་མ་ལྗོངས་ཡོངས་ཀྱི་མི་དམངས་ལ་བཞག་པའི་བརྗིད་ཆེའི་དམ་བཅའ་ཡིན་པས། ངེས་པར་དུ་ཁ་དན་ཚིག་གནས་དང་གང་བྱས་ལ་གྲུབ་འབྲས་ཐོབ་པར་བྱེད་དགོས། འདི་ལོའི་ལས་དོན་གྱི“ལས་འགན་ཡི་གེ”དང“དམག་འཐབ་ས་བཀྲ”གཞིར་བཟུང་། སྔར་བས་ཞིབ་ཕྲ་དང་། དངོས་ཡོད། ཚད་འབེབས་བཅས་ཡོང་བར་བྱེད་པ་དང་། ལས་འགན་རེའུ་མིག་དང་། དུས་ཚོད་རེའུ་མིག འགན་འཁྲིའི་རེའུ་མིག་བཅས་བཟོ་བ། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་རང་རྟོགས་རང་བཞིན་ཆེ་རུ་གཏོང་བ་དང་། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་འགག་གནད་ཁོང་དུ་ཆུད་པར་བྱེད་པ། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་མཉམ་ཤུགས་ཆགས་པ་བཅས་བྱས་ནས། སྤུས་འབོར་གཉིས་ལྡན་ངང་ཐུན་མོང་ཐོག་བཞག་པའི“དམག་བཀའ་ཁུར་ལེན་ཞུ་ཡིག”དུས་ཐོག་ཏུ་ལེགས་སྒྲུབ་ཡག་པོ་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།