1904ལོར། རྒྱལ་རྩེའི་མི་དམངས་ཀྱིས་མེས་རྒྱལ་གྱི་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་གིས་དབྱིན་འགོག་འཐབ་རྩོད་བྱས་པ་ལོ་རྒྱུས་ཐོག་སྐད་གྲགས་ཆོད་ཡོད། ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་སུ་རང་སྲུང་འགོག་རྒོལ་གྱི་དམག་འཁྲུག་ལངས་སྐབས། རྒྱལ་རྩེའི་མང་ཚོགས་ཚོས་གཅིག་རྗེས་གཉིས་མཐུད་ངང་གཡུལ་སར་རྒྱབ་སྐྱོར་བྱས་ཏེ་མེས་རྒྱལ་གྱི་རི་ཆུ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ་དང་། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་རྒྱལ་རྩེ་རྫོང་ལ་སྔ་རྗེས་སུ་མི་རིགས་མཐུན་སྒྲིལ་བྱ་གཞག་ཆེད་ལེགས་སྐྱེས་འབུལ་མཁན་གྱི་སྔོན་ཐོན་དཔེ་མཚོན་ཁག་གཅིག་ཐོན་ནས། མི་རིགས་མཐུན་སྒྲིལ་གྱི་གླུ་གཞས“དཔའ་བོའི་གནའ་གྲོང”དུ་མི་རབས་ནས་མི་རབས་བར་བརྒྱུད་གཏོང་བྱས་ཡོད།
“རྒྱལ་རྩེ་རྫོང་གི་ལོ་རྒྱུས་ནི་མི་རིགས་མཐུན་སྒྲིལ་དང་ཐུན་མོང་ཐོག་འབད་འཐབ་བྱེད་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཤིག་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ཡར་ཐོན་གྱི་ལོ་རྒྱུས་ཤིག་རེད། 2021ལོ་ཚུན། རྒྱལ་རྩེ་རྫོང་གིས་ལོ་རྒྱུས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས‘བྱེད་དགོས་པ་ལྔ’དམ་འཛིན་བྱ་གཞིར་བྱས་ཏེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལས་དོན་ཧུར་ཐག་སྤེལ་ནས‘ཁ་འབྲལ་ཐབས་མེད་པ་གསུམ’དང‘མོས་སེམས་ལྔའི’བསམ་བློའི་ཐུན་མོང་ངོས་འཛིན་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་པ་དང་མི་རིགས་ལས་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྤྱི་འདོམས་སྐུལ་འདེད་བཏང་ཡོད”ཅེས་རྒྱལ་རྩེ་རྫོང་མི་རིགས་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་བྱམས་པ་དོན་གྲུབ་ཀྱིས་བཤད།
2021ལོར་རྒྱལ་རྩེ་རྫོང་གིས“གཤམ་སྤེལ་དགུའི”བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། “གྲོང་ཁྱེར་གྲགས་ཅན་དར་རྒྱས”ཀྱི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ཏེ་འཛུགས་གཏོད་ལས་དོན་ལས་རིགས་ཁག་ནང་ཁྱབ་པར་བྱས་ནས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་མོས་སེམས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས་པའི་སློབ་གསོ་བརྒྱབ་སྟེ་མི་རིགས་ཁག་ཞི་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཡོང་བར་སྐུལ་འདེད་བཏང་ཡོད།
རྒྱལ་རྩེ་རྫོང་གིས་ཆུས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་མི་རིགས་མཐུན་སྒྲིལ་དཔེ་བཟང་མི་སྒེར་87དང་སྔོན་ཐོན་མཉམ་སྡེབ་56བདམས་ཐོན་བྱས་པ་དང་། ལྕང་ར་ཤང་དཔལ་འབྱོར་ལྷུན་པོ་གྲོང་ཚོ་དང་། ཉན་སྟོད་ཤང་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་ཕུགས་རེའི་སློབ་ཆུང་། ལུང་དམར་ཤང་གི་ཏུའུ་ཧུའེ་ཡོན་བཟའ་ཚོ་སོགས་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས། རྒྱལ་རྩེ་རྫོང་གི་མི་རིགས་མཐུན་སྒྲིལ་བྱ་གཞག་ལ་སྣེ་ཁྲིད་བྱེད་པའི་རླུང་ཕྱོགས་སྟོན་རྟགས་བདམས་ཏེ་རྒྱལ་རྩེ་རྫོང་གི་མི་རིགས་མཐུན་སྒྲིལ་ལས་དོན་ལ་སྐུལ་འདེད་གཏོང་བའི་ལེའུ་གསར་བརྩམས་ཡོད།