རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཚོགས་པའི་མཚམས་སུ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་འཕེལ་རིམ་ནང་། ལྷ་སས་ལྟེ་བའི་གྲོང་ཁྱེར་གྱི་གནས་རིམ་དང་པོའི་ནུས་པ་ཇི་ལྟར་འདོན་ནམ། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་འཐུས་མི་དང་། ཨུ་ཡོན། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱི“འབོད་སྒྲ”ང་ཚོ་མཉམ་དུ་གསན་དང་།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ལྷ་ས་གྲོང་ཁྱེར་སྲིད་འཛིན་མཆན་འགོད་དང་དམངས་ཕན་ཞབས་ཞུ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་གཞོན་པ་བྱམས་པ་ཚེ་སྐྱིད་ཀྱིས། སེམས་ནུས་གཅིག་སྒྲིལ་གྱིས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་བྱ་ཐབས་སྣ་ཚོགས་བརྒྱུད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་བྱས་ཏེ། ལས་བྱེད་པ་དང་ལས་བཟོར་གོ་རིམ་ལྡན་པ་དང་ཆ་ཚང་བའི་ངང་ཀློག་པ་དང་། ཞིབ་ཀློག་ནན་པོ། གོམ་སྟབས་རྗེས་མའི་ལས་དོན་ཇུས་འགོད་བཅས་ལ་ཁྲིད་སྟོན་བྱས་ཏེ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་མི་སེམས་ལ་ཟུག་པ་བྱ་རྒྱུ་ཡིན། སེམས་ནུས་གཅིག་སྒྲིལ་གྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་མི་རིགས་མཐུན་སྒྲིལ་དེ་ལས་དོན་ཁག་གི་འགོ་ནས་མཇུག་བར་མཉམ་འདྲེས་ཐུབ་པ་བྱེད་པ་དང་། གཉེན་སྲོལ་རིག་གནས་ཀྱི་བར་ཁྱམས་རིང་མོ་སོགས་མི་རིགས་མཐུན་སྒྲིལ་གྱི་རྟེན་གཞི་འཛུགས་སྐྲུན་ལ་གང་མགྱོགས་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་ལས་བྱེད་པ་དང་ལས་བཟོ་དང་ལས་དོན་སྒྲུབ་མཁན་མང་ཚོགས་ལ་སྤུན་ཉེ་འཆམ་མཐུན་དང་ལྟ་རེས་སྐྱོང་རེས་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་བཅས་བྱས་ནས། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུ་ཚོམས་ཆེན་གྱི་གང་སར་བཞད་པ་བྱ་རྒྱུ་ཡིན”ཞེས་གསུངས་པ་རེད།
“ལྟེ་བའི་གྲོང་ཁུལ་གྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཡིན་པའི་ངོས་ནས་ང་ཚོས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལ་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩི་རྒྱུ་ཡིན། མང་ཚོགས་ཀྱི‘འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག’བཅས་ཀྱི་གནད་དོན་ལ་དམ་པོར་དམིགས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་འབྲེལ་མཐུད་བྱེད་རྒྱུར་ལྟ་སྐུལ་ཡག་པོ་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ཁྲེང་ཀོན་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་སྟོབས་ཤུགས་ཡོད་ཚད་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ཀྱི་རྒྱུན་ཨུ་དང་། ཁྲེང་ཀོན་ཆུས་སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ལི་ཆིས་གསུངས་པ་རེད།