དབུ་ཤོག>ཆེད་སྒྲིག
  • མཐུན་སྒྲིལ་ཡར་བརྩོན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་བཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-07

    ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ནི་རྒྱལ་ཁབ་གཅིག་གྱུར་གྱི་རྨང་གཞི་དང་། མི་རིགས་མཐུན་སྒྲིལ་གྱི་རྩ་བ། བསམ་པའི་སྟོབས་ཤུགས་ཀྱི་བླ་སྲོག་བཅས་ཡིན། “ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོ་བསྒྲུབ་པའི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད”འདི་ལོའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཚོས། མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན་པ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་ནི་མི་ཚང་མའི་བླ་ན་མེད་པའི་འགན་འཁྲི་ཞིག་རེད་ཅེས་གཅིག་རྗེས་གཉིས་མཐུད་ངང་གསུངས།

    “ཏང་དབུ་བརྙེས་པའི་ཐོག་མའི་དུས་ནས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་བྱ་རྒྱུ་དེ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་བརྩིས་ནས། མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འོད་སྟོང་འབར་བའི་གྲུབ་འབྲས་བཏོད་ཡོད། ཀྲུང་ཧྭ་མི་རིགས་ཀྱི་དེ་སྔའི་རྗེས་ལུས་དང་དབུལ་ཕོངས་ཀྱི་རྣམ་པར་འགྱུར་ལྡོག་བྱུང་ནས་རིམ་བཞིན་ཕྱུག་པོ་ཆགས་ཏེ་དུས་རབས་གསར་པར་བསྐྱོད་པ་དང་འབྲེལ། དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད”རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཆབ་མདོ་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་ཆུས་ཙེ་ཀང་གིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་རང་རེའི་ཏང་གི་དགོངས་པ་གལ་ཆེན་བརྒྱུད་རིམ་ལྡན་པའི་ངང་གསལ་འགྲེལ་གནང་བ་དང་། དུས་རབས་གསར་པར་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་མཛུབ་ཁྲིད་བསམ་བློ་དང་། འཐབ་ཇུས་དམིགས་ཚད། ལས་འགན་གཙོ་བོ། སྲིད་ཇུས་བྱེད་ཐབས་བཅས་ཁ་གསལ་བཏོན་ཡོད། ང་ཚོས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུར་གཞི་ཚུགས་ནས་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོ་བཙུགས་ཏེ་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས”ཞེས་གསུངས།

    2021ལོའི་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི“རྩ་གནད”ཅིག་ཡིན་པས་ལས་དོན་ཚང་མ་དེ་ལ་དམིགས་དགོས་ཞེས་གསུངས་པ་རེད། དེ་ཐོག་ནས་ཏང་ཀྲུང་དབྱང་གིས་མི་རིགས་གནད་དོན་གྱི་འཕེལ་རྒྱས་ཆོས་ཉིད་ཡང་དག་པའི་ངང་ཁོང་དུ་ཆུད་པ་དང་། ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ་དུས་རབས་གསར་པའི་མི་རིགས་ལས་དོན་ཡག་པོ་བསྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད།

    “རྒྱུན་གཏན་གྱི་ལས་ཀའི་ཁྲོད་ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་ཀའི་སྲོག་རྩ་ལྟ་བུར་བརྩི་གི་ཡོད”བྲག་གཡབ་རྫོང་འཁན་ཐང་ཤང་རྟ་རུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་དབྱང་ཤིས་ཧྥེང་གིས“ང་ཚོས་ཐོག་མཐའ་བར་གསུམ་དུ་རང་ཉིད་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཕན་པའི་སྐད་ཆ་མང་ཙམ་ཤོད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཕན་པའི་བྱ་བ་མང་ཙམ་སྒྲུབ་པ། ‘འཛུགས་གཏོད་བཞི’དང‘མདུན་གྲལ་དུ་སླེབས་པ་བཞི’དམིགས་ཚད་དུ་བྱས་ཏེ། ‘ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག’ལག་བསྟར་དོན་འཁྱོལ་བྱེད་དགོས་པའི་ཁ་ཏ་བསླབ་བྱ་བྱེད་ཀྱི་ཡོད”ཅེས་བརྗོད།

    ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་ལོ་རིམ་གསུམ་པའི་འཛིན་གྲྭ་ཉེར་སུམ་པའི་འཛིན་གྲྭའི་ཀྲུའུ་རེན་བདེ་སྐྱིད་ཆོས་མཚོས་མཐོ་རིམ་སློབ་འབྲིང་ལོ་རིམ་གསུམ་པའི་སློབ་མ་སློབ་གྲྭ་ཐོན་ནས་མཐོ་སློབ་ཏུ་སྐྱོད་སྐབས་བོད་ནས་ཐོན་ཏེ་མི་རིགས་གཞན་གྱི་སློབ་མ་དང་མཉམ་དུ་འཚོ་བ་སྐྱེལ་བ་དང་སློབ་སྦྱོང་བྱེད་པའི་གནས་ཚུལ་ལ་བསམ་གཞིག་བྱས་ནས། དུས་རྒྱུན་གྱི་སློབ་གསོ་སློབ་ཁྲིད་ཁྲོད་ཁོང་གིས་རྟག་ཏུ་སློབ་མར“མི་རིགས་མང་བའི་རྒྱལ་ཁབ་ཅིག་གི་ཁོངས་མི་ཡིན་པའི་ངོས་ནས་མི་རིགས་གཞན་གྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་དང་བསམ་ཤེས་བྱེད་པ་དང་ཐུན་མོང་རང་བཞིན་དང་ཧེ་བག་རང་བཞིན་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ་ཐུན་མོང་རང་བཞིན་ཆེ་རུ་གཏོང་བ་དང་ཧེ་བག་རང་བཞིན་ལ་བརྩི་འཇོག་དང་ཁོང་ཡངས་བྱེད་དགོས་། ཀྲུང་ཧྭ་མི་རིགས་དང་དེའི་མི་རིགས་ཁག་དབར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་མཉམ་དུ་སློབ་སྦྱོང་བྱེད་པ་དང་འཚོ་བ་སྐྱེལ་བའི་ཁྲོད་དུ་མི་རིགས་མཐུན་སྒྲིལ་དར་སྤེལ་གཏོང་བ་དང་། དགེ་ལེན་སྐྱོན་སེལ་ཁྲོད་ནས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པའི”སློབ་གསོ་རྒྱག་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།