སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་མཇུག་འགྲིལ་ཚོགས་འདུའི་ཐོག་གི་གསུང་བཤད།
ཨུ་ཡོན་རྣམ་པ་དང་བློ་མཐུན་རྣམ་པ།
ཨུ་ཡོན་རྣམ་པས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་སྟེ་རྒྱལ་ཁའི་ངང་མཇུག་འགྲིལ་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ཚོགས་འདུ་ལེགས་གྲུབ་ངང་སྐོང་འཚོགས་བྱས་ཡོད། ཚང་མས་ད་ཐེངས་ཀྱི་ཚོགས་འདུ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་སྲོག་ཤིང་ལ་སྲུང་སྐྱོང་བྱེད་པའི་ཚོགས་ཆེན་ཞིག་དང་། དམངས་གཙོ་དར་སྤེལ་དང་དམ་པ་དོན་གཉེར་གྱི་ཚོགས་ཆེན་ཞིག་རེད་ལ། མི་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འབུངས་ཀྱི་ཚོགས་ཆེན་ཞིག་དེ་བས་ཀྱང་ཡིན་པའི་ངོས་འཛིན་གཅིག་གྱུར་གནང་བ་རེད།
ཚོགས་འདུའི་རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་ཚབ་ཀྲུའུ་ཞི་ཡན་ཅིན་ཧའེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་སོགས་ཏང་སྲིད་དམག་གི་འགོ་ཁྲིད་བློ་མཐུན་འགོ་ཚུགས་ཚོགས་འདུ་དང་མཇུག་འགྲིལ་ཚོགས་འདུར་ཕེབས་ཤིང་། རིགས་ཁོངས་ཁག་གི་ཚོགས་ཆུང་ལ་ཕེབས་ཏེ་ཨུ་ཡོན་ཚོར་གཟིགས་པ་དང་སྦྲགས་གྲོས་བསྡུར་ལ་ཞུགས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཇུས་ཆེན་མཉམ་གྲོས་གནང་བ་ལས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོར་བྱམས་བརྩེའི་ཐུགས་ཁུར་གནང་བ་གང་ལེགས་མཚོན་ལ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ནན་ཏན་དང་བརྩེ་བ་དངོས་ལ་བརྟེན་ནས་དམངས་ཀྱི་འདུན་པ་ཉན་པའི་དམངས་གཙོའི་སྤྱོད་ཚུལ་དང་ཕྱོགས་ཡོངས་ནས་གྲོས་མོལ་དམངས་གཙོ་དོན་འཁྱོལ་བྱེད་པའི་དཔེ་སྟོན་ནུས་པ་གང་ལེགས་མངོན་ཡོད། ཨུ་ཡོན་ཚང་མས་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། སྲིད་ཞུགས་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བ། གཟབ་ནན་གྱི་ལས་ཀའི་སྤྱོད་ཚུལ་བཅས་ལ་བརྟེན་ཏེ། སྙན་སྒྲོན་ཁག་ལ་གྲོས་ཞིབ་དང་གྲོས་བསྡུར་གནང་ཞིང་འདེམས་བསྐོའི་ལས་འགན་ཁག་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། “དོན་ཆེན་བཞི”དང“འགན་ལེན་བཞི”ལ་དམ་པོར་དམིགས་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ནུས་ཤུགས་གཅིག་སྒྲིལ་བྱས་ཏེ། གྲོས་གཞི་འདོན་པ་དང་ཚོགས་ཆེན་ལ་གཏམ་བཤད་སྤེལ་བ། ཚོགས་ཆུང་གྲོས་བསྡུར་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། ཇུས་འདོན་སྲིད་སྐྱོང་ཧུར་ཐག་དང་། རྒྱ་ཁྱབ་ངང་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱས་པར་གྲུབ་འབྲས་གལ་ཆེན་ཐོབ་ཡོད་ལ། སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ཐུན་མིན་ལེགས་ཆ་སྔར་བས་འདོན་སྤེལ་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་སྐྱེ་སྟོབས་གང་ལེགས་འདོན་ཐུབ་ཡོད།
ད་ལོ་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུ་ཡིན་ཞིང་། འདི་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་དོན་ཆེན་ཞིག་རེད། ད་ལོ་ནི་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་འགོ་འཛུགས་ལོ་ཡང་ཡིན་པས། ད་ལོའི་སྲིད་གྲོས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ལ་ཞུགས་མཁན་ཚན་པ་ཁག་དང་། སྲིད་གྲོས་ཀྱི་ཨུ་ཡོན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ནས། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་སུ་བློ་སྟོབས་ཆེན་པོས་མདུན་སྐྱོད་། ཏང་གི་ཚོགས་ཆེན་ཉི་ཤུ་པར་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་བ་དང་བསུ་བ་ཞུ་བ་གཙོ་རྐང་དུ་འཛིན་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ལས་དོན་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བཅས་བྱས་ནས། “དོན་ཆེན་བཞི”དང“འགན་ལེན་བཞི”ལ་དམ་པོར་དམིགས་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”གཙོ་ཤུགས་འདོན་པ། “དོན་འཁྱོལ་བྱེད་པ་དང་གཅིག་སྒྲིལ་བྱེད་པའི”འགན་འཁྲི་ཕྲག་ཏུ་ཏན་ཏིག་འཁུར་བ། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་མཐའ་འཁྱོངས། སྔར་ལས་ལྷག་པའི་སྒོ་ནས་ཇུས་འདོན་སྲིད་སྐྱོང་དང་། སྔར་ལས་ལྷག་པའི་སྒོ་ནས་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱས་ཏེ། འབད་འཐབ་ཀྱི་ངར་ཤུགས་འཕེལ་བ་དང་འགན་འཁྲི་འཁུར་སེམས་མངོན་པར་བྱེད་དགོས།
—— ང་ཚོས་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་དམ་པོ་བསྲུངས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ལྷག་བསམ་རྣམ་དག་གིས“སྲུང་སྐྱོང་གཉིས”ལག་བསྟར་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བའི་ཁྱད་ཆོས་རེད་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་ཀྱང་རེད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་ཀྱི་གནས་བབ་གཏན་འཁེལ་བྱས་པ་ལས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་པ་དང་། དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད། མི་དམངས་སྲིད་གྲོས་ནི་ཏང་གིས་ལས་དོན་ཁག་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པའི་འཐབ་ས་གལ་ཆེན་ཞིག་ཡིན་པས་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་པ་ནི་མི་དམངས་སྲིད་གྲོས་ཀྱི་ངོ་བོའི་བླང་བྱ་ཞིག་རེད། “སྲུང་སྐྱོང་གཉིས”ཐུབ་པ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་དང་རྩ་བའི་ཆབ་སྲིད་ཀྱི་སྒྲིག་ལམ་ཞིག་ཏུ་བརྩིས་ནས་སྔ་བར་ཕྱི་གསུམ་དུ་སྲོག་ཤིང་ལ་བརྩི་བཀུར་དང་། སྲོག་ཤིང་ལ་ཡིད་ཆེས། སྲོག་ཤིང་ལ་ལྷག་བསམ་རྣམ་དག སྲོག་ཤིང་ལ་སྲུང་སྐྱོང་བཅས་བྱས་ཏེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ཏང་གིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྲིད་གྲོས་ཀྱི་གལ་ཆེའི་ལས་དོན་ཚང་མ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་འོག་ཏན་ཏིག་སྒྲུབ་པ་དང་། བྱེད་སྒོ་གལ་ཆེན་ཚང་མ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ནས་ནུས་ལྡན་ངང་སྒྲུབ་པ། བཀོད་སྒྲིག་གལ་ཆེན་ཚང་མ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞིབ་མཆན་བཀོད་རྗེས་གོ་རིམ་ལྡན་པའི་ངང་སྤེལ་དགོས། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་དགོས་ཤིང་། ཆབ་སྲིད་ལ་སྣང་ཆེན་བྱེད་པའི་བླང་བྱ་བྱ་སྤྱོད་དངོས་སུ་འཁྱོལ་བ་དང་ཞིབ་ཕྲའི་ལས་དོན་ཁྲོད་མཚོན་པར་བྱས་ཏེ་གནད་དོན་ལ་རྟོག་ཞིབ་བྱེད་དུས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དགོས་པ་དང་། ལས་དོན་འཆར་འགོད་བྱེད་དུས་ཆབ་སྲིད་ཀྱི་དོན་ཆེན་ཁོང་དུ་ཆུད་པ། འགན་སྒྲུབ་ལ་སྐུལ་འདེད་གཏོང་དུས་ཆབ་སྲིད་ཀྱི་ཕན་འབྲས་བརྩོན་ལེན་བཅས་བྱས་ནས་རང་ལྗོངས་ཀྱི་སྲིད་གྲོས་ལས་དོན་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སུ་བསྐྱོད་རྒྱུར་འགན་ལེན་བྱེད་དགོས།
—— ང་ཚོས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་། དུས་རབས་21པའི་མར་ཁེ་སི་རིང་ལུགས། ཀྲུང་གོའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་ཉིང་བཅུད། ང་ཚོས་དཔའ་ངར་ཞུམ་མེད་ངང་མདུན་དུ་སྐྱོད་པར་མཛུབ་ཁྲིད་བྱེད་པའི་བསམ་བློའི་དར་ཆ་དང་སྙིང་སྟོབས་ཀྱི་དར་ཆ་བཅས་རེད། མི་དམངས་སྲིད་གྲོས་ནི་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ཀྱིས་མི་རིགས་ཁག་དང་ལས་རིགས་ཁག་གི་ཚབ་མཚོན་མི་སྣར་མཐུན་སྒྲིལ་དང་སློབ་གསོ་ཁྲིད་སྟོན་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ལག་ལེན་མཐའ་དག་ལ་མཛུབ་ཁྲིད་དང་ལས་དོན་མཐའ་དག་ལ་གཅིག་འདོམས་བྱས་ནས་ཆབ་སྲིད་ཐད་མཐུན་སྒྲིལ་མཉམ་ལས་དང་། བསམ་བློའི་ཐད་ཐུན་མོང་ཡར་བརྩོན། བྱ་སྤྱོད་ཐད་གོམ་སྟབས་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱུན་ཆད་མེད་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱེད་དགོས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ལྟེ་བའི་སྙིང་དོན་དང་། དགོངས་པའི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་། གནས་ལུགས་རྟོགས་པ་དང་བདེན་དོན་འཚོལ་བ། གནས་ལུགས་ཤེས་པའི་ཐོག་ནས་མིག་རྒྱང་གི་ཁྱབ་ཚུལ་དང་། བསམ་གཞིའི་བསམ་ཕྱོགས། ལས་ཀའི་བྱེད་ཐབས་བཅས་ཕྱོགས་ཡོངས་ནས་དུས་རབས་གསར་པ་དང་འཚམ་རྒྱུར་སྐུལ་འདེད་གཏོང་བ་དང་། འབད་བརྩོན་ཆེན་པོས་ཇུས་འདོན་སྲིད་སྐྱོང་གི་ཇུས་ལ་ཐབས་ཡོད་པ་དང་། གཏམ་ལ་རྒྱུ་མཚན་ཡོད་པ། སྐྱོང་སྟངས་ནུས་ལྡན་ཡོང་བ་བྱས་ཏེ་བསམ་བློའི་རིགས་གཞུང་གི་དྲག་ཆས་དང་ཐུན་མོང་གི་འབད་འཐབ་དམིགས་ཚད་ལག་ལེན་བསྟར་རྒྱུ་ཟུང་འབྲེལ་དམ་ཟབ་ཐུབ་པ་བྱེད་དགོས། ནུས་ཤུགས་ཡོད་རྒུས་ཚན་རིག་གི་རིགས་པའི་གཞུང་ལུགས་ཀྱིས་མཛུབ་ཁྲིད་བྱེད་པ་དང་། གྲོས་མོལ་སྤེལ་རེས་ཀྱིས་ཁྱད་ཆོས་བྱེད་པ། རང་ངོས་གོང་མཐོར་གཏོང་རྒྱུ་དམིགས་ཡུལ་དུ་བྱེད་པ། མོས་སེམས་ལ་སྐུལ་མ་གཏོང་རྒྱུ་དམིགས་ཚད་དུ་བྱེད་པའི་སློབ་སྦྱོང་དང་། བསམ་གཞིག ལག་ལེན། གོ་རྟོགས་བཅས་ཀྱི་ལས་སྟེགས་འཛུགས་པ། རང་ངོས་སློབ་སྦྱོང་དང་སློབ་གསོའི་སྲོལ་བཟང་དར་སྤེལ་གཏོང་བ། རྒྱུན་མཐུད་ངང་ཀྲུང་གུང་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས། དེ་བཞིན་བོད་ས་གནས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས་སློབ་སྦྱོང་གཏིང་ཟབ་བྱེད་པ། ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོ་བཙུགས་ནས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་ཚད་མཐོའི་མོས་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
—— ང་ཚོས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་འབད་འབུངས་ཀྱི་མཉམ་ཤུགས་ཆེན་པོ་རྒྱ་ཁྱབ་ངང་གཅིག་སྒྲིལ་བྱེད་དགོས། མི་སེམས་ནི་ཆབ་སྲིད་ཆེ་ཤོས་དང་། ཐུན་མོང་གི་ངོས་འཛིན་ནི་འབད་འབུངས་ཀྱི་འགུལ་ཤུགས། མཐུན་སྒྲིལ་ནི་རྒྱལ་ཁའི་ནོར་བུ་བཅས་ཡིན། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་ཏེ། ལེའུ་གསར་པ་རྩོམ་པར་མི་སེམས་ལ་དེ་བས་གཅིག་སྒྲིལ་དང་ཐུན་མོང་གི་ངོས་འཛིན་དེ་བས་ཟབ་ཏུ་གཏོང་བ་ནི་ཁ་ཚ་དགོས་གཏུག་ཅིག་ཡིན། མི་དམངས་སྲིད་གྲོས་ནི་ཆེད་དོན་གྲོས་མོལ་ལས་ཁུངས་ཤིག་དང་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞིའི་ཐོག་ངོས་འཛིན་གཅིག་སྡུད་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པའི་གལ་ཆེའི་ཐབས་ལམ་ཞིག་ཡིན་པས། ངེས་པར་དུ་བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་དང་། གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ལྟེ་བར་དམིགས་པའི་ཁྲོད་སྲིད་གྲོས་ཀྱི་རིན་ཐང་མངོན་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་སྲིད་གྲོས་ཀྱི་འགན་ནུས་མངོན་པར་བྱེད་དགོས། “དོན་ཆེན་བཞི”དང་“འགན་ལེན་བཞིར”དམ་པོར་དམིགས་ནས“འཛུགས་གཏོད་བཞི”དང་“མདུན་གྲལ་དུ་སླེབས་པ་བཞིར”ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་དགོས་པ་དང་། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཡར་བརྩོན་གཉིས་ཕན་ཚུན་མཉམ་འདྲེས་མཐའ་འཁྱོངས་དང་། སྲིད་སྐྱོང་གྲོས་འདོན་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་ལ་ཕྱོགས་གཉིས་ནས་ནུས་ཤུགས་འདོན་རྒྱུ་མཐའ་འཁྱོངས་བྱས་ཏེ། “ལས་སྟེགས་བསྐྲུན་རྒྱུའི”ལས་དོན་སྔར་བས་ཡག་པོ་སྒྲུབ་པ་དང་། “གྲོས་མོལ”གྱི་རྩོམ་ཡིག་སྔར་བས་ཡག་པོ་བྲིས་ནས་དེ་བས་ལེགས་པའི་འགན་སྒྲུབ་ཀྱི་ཕན་འབྲས་ལ་བརྟེན་ཏེ་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་དགོས། ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་སྲིད་ཞུགས་ལས་སྲིད་མི་འཛིན་པ་དང་། གྲོས་འགོ་འདོན་པ་ལས་ཇུས་ཐག་མི་གཅོད་པ། ལྟ་སྐུལ་ལས་བཙན་ཤེད་མི་བྱེད་པ་མཐའ་འཁྱོངས་བྱས་ནས་ཆབ་སྲིད་གྲོས་མོལ་གྱིས་དོན་ཆེན་ལ་དམིགས་པ་དང་། སྲིད་ཞུགས་སྲིད་གླེང་གིས་དོན་དངོས་ལ་དོ་ཁུར། དམངས་གཙོའི་ལྟ་སྐུལ་གྱིས་དཀའ་གནད་ལ་དམ་པོར་དམིགས་པ། བཤད་ཚད་ཆ་འཇོག་མི་བྱེད་པར་བཤད་ཡས་འགྲིག་པར་བརྟེན་ནས་སྲིད་ཞུགས་གནད་ལ་འཁེལ་བ་དང་སྲིད་གླེང་འགག་རྩར་འཁེལ་བའི་འགན་ལེན་བྱེད་དགོས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམ་པས་བྱ་གཞག་སེམས་སུ་འཇོག་པ་དང་འགན་འཁྲི་ཕྲག་ཏུ་འཁུར་ནས་རང་འགུལ་ངང་སྤྱི་ཡོངས་ཁྲོད་ཞུགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། གཞི་རིམ་དང་རིགས་ཁོངས་མང་ཚོགས་ཁྲོད་བསྐྱོད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཁྱིམ་ཚང་ཆེན་མོའི་ཁྲོད་ཀྱི་བོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་དེ། དཔེ་སྟོན་གྱི་བྱ་སྤྱོད་ཐོག་ནས་དུས་རབས་གསར་པའི“འགན་འཁྲིའི་ཨུ་ཡོན”གྱི་ཉམས་འགྱུར་མངོན་པར་བྱེད་དགོས། ལྷག་དོན་དུ་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་། རྒྱལ་ཁབ་གཅིག་གྱུར་བཅས་དང་འབྲེལ་བའི་གལ་ཆེའི་རྩ་དོན་གྱི་གནད་དོན་ཐད། ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། རྣམ་འགྱུར་ཁ་གསལ་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱེད་དགོས། བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཡུལ་ས་མདུན་མར་ལངས་ཏེ། ཉེན་བརྡ་རྒྱུན་སྒྲོག་དང་ཉེན་ཟོན་རྟག་ཏུ་གནས་པ་བྱས་ནས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི་ངོ་བོར་ཐེར་འདོན་དགག་རྒྱག་རྒྱུན་མཐུད་གཏིང་ཟབ་སྤེལ་ཁར་འགག་རྩའི་དུས་སུ་བློས་འགེལ་ཆོག་པ་དང་ལངས་ཐུབ་པ། ཤོད་ཐུབ་པ། རལ་གྲི་འཕྱར་ཕོད་པ། ནུས་པ་འདོན་ཐུབ་པ་བཅས་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་བཙུགས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་གཏོད་ནུས་ལྡན་ཡོང་བར་ཞབས་འདེགས་ཞུས་ནས། མི་རིགས་ཁག་དབར་རྒྱ་ཁྱབ་ངང་འགྲོ་འོང་དང་ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ལ་སྐུལ་འདེད་བཏང་ནས། སེ་འབྲུ་བཞིན་རྡོག་རྩ་གཅིག་ཏུ་སྒྲིལ་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཆོས་ལུགས་ལས་རིགས་ལ་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་འཛུགས་པ་དང་ཆོས་ལུགས་ལས་རྒྱལ་ཁབ་ཆེ་བ་དང་། ཆོས་ཁྲིམས་ལས་རྒྱལ་ཁྲིམས་ཆེ་བ། ཆོས་དད་མང་ཚོགས་དང་ཐོག་སྤྱི་དམངས་ཡིན་པ་བཅས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་ཆོས་དད་མང་ཚོགས་ལ་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ་དང་། བདེ་ཐང་དང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་འཇགས་པར་བྱེད་པ། ལག་གཉིས་ལ་བརྟེན་ནས་ཚེ་འདིའི་འཚོ་བ་བདེ་སྐྱིད་ལྡན་པའི་ངང་སྐྱེལ་བ་བཅས་ཀྱི་ཁྲིད་སྟོན་ཡང་བྱེད་དགོས།
—— ང་ཚོས་དམངས་དོན་ཕྲག་ཏུ་འཁུར་བའི་བརྩེ་སེམས་ཀྱི་རྒྱུན་བསྐྱངས་ནས་འགོ་ཚུགས་ས་གསར་པའི་ཐོག་མི་དམངས་ཀྱི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་གཏོད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལམ་ལུགས་ཀྱི་བཀོད་སྒྲིག་དང་མི་དམངས་དམངས་གཙོའི་རྣམ་པ་གལ་ཆེན་ཞིག་ཡིན་པའི་མི་དམངས་སྲིད་གྲོས་ཀྱི“མི་དམངས”ཞེས་པའི་ཡིག་འབྲུ་འདི་གཉིས་སྲིད་གྲོས་ཀྱི་བཀྲག་མདངས་འཚེར་བའི་གདིང་གཞི་ཡིན་ལ། དེ་བས་ལྗིད་ཏིག་ཏིག་གི་འགན་འཁྲི་ཡང་ཡིན་པས། ངེས་པར་དུ་མི་དམངས་སེམས་ཀྱི་གནས་བབ་མཐོ་ཤོས་སུ་འཇོག་དགོས་པ་དང་། བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོའི་ཕན་འབྲས་དངོས་ཆེ་རུ་ཏན་ཏིག་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་ནན་ཏན་བྱས་ནས། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་དེ་ལས་ཀའི་འགོ་ཚུགས་ས་དང་དོན་ལ་བབས་སར་བརྩིས་ཏེ། “སྲིད”དམངས་ཀྱི་དོན་དུ་གླེང་བ་དང་། “ཐབས”དམངས་ཀྱི་དོན་དུ་འདོན་པ། “ཇུས”དམངས་ཀྱི་དོན་དུ་འབུལ་བ་བཅས་མཐའ་འཁྱོངས་བྱས་ནས། གྲོས་མོལ་དམངས་ཀྱི་ཆེད་དུ་བྱེད་དགོས་ལ། གྲོས་མོལ་དམངས་ཀྱི་ཁྲོད་དུ་བྱེད་ཐུབ་པ་དགོས། ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོའི་དོན་དངོས་ཡག་པོ་བསྒྲུབ་རྒྱུར་རོགས་འདེགས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཁེངས་པ་དང་། སྐྱིད་སྣང་དེ་བས་ཚོར་བ། བདེ་སྣང་དེ་བས་འགན་སྲུང་ཡོང་བ་བཅས་བྱེད་དགོས། “ཨུ་ཡོན་ལ་ངོ་བཅར་གྱིས་ཏང་གི་བཀའ་དྲིན་གླེང་བ་དང་། སེམས་གཏམ་ཉན་པ། ལས་དོན་དངོས་སྒྲུབ་པ། མི་སེམས་གཅིག་སྡུད”བཅས་ཀྱི་ལག་ལེན་བྱེད་སྒོ་རྒྱ་ཁྱབ་དང་གཏིང་ཟབ་ངང་སྤེལ་ནས་ཨུ་ཡོན་གྱིས་རིགས་ཁོངས་ཁག་གི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྒྲིག་གཞི་འཐུས་ཚང་བཟོ་དགོས་པ་དང་། ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ཏེ་འབྲེལ་བ་མཐུན་སྦྱོར་དང་། བློ་དོགས་སེལ་བ། འགལ་བ་འདུམ་འགྲིག་གི་ལས་ཀ་མང་ཙམ་བསྒྲུབས་ནས། གདོང་དང་གདོང་གཏུགས་ནས་དམངས་སྒྲ་ཉན་པ་དང་། གཅིག་སེམས་གཅིག་ལ་འབྲེལ་ཏེ་མཐུན་སྦྱོར་སྤེལ་རེས་བྱེད་པ། དངོས་ཡོད་དྲང་གཞག་ངང་དམངས་ལ་ཞབས་འདེགས་ཞུས་ནས་དམངས་ཀྱིས“དཀའ་གནད་དང་རེ་ལྟོས”བྱེད་པའི་དོན་ལ་གྲོས་མོལ་ཡག་པོ་དང་གྲོས་མོལ་ཐུབ་པ་བྱེད་དགོས། ཨུ་ཡོན་གྱི་ལས་སྒྲུབ་ལ་དེ་བས་དམངས་འཚོའི་དྲོད་ཚད་ལྡན་པ་དང་སྲིད་གྲོས་ཀྱི་འགན་སྒྲུབ་ལ་དེ་བས་དམངས་འཚོའི་ཟབ་ཚད་ལྡན་ཐུབ་པ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་བདེ་སྐྱིད་དང་ཉིན་རེ་བཞིན་མཛེས་སྡུག་ལྡན་པ་ཡོང་བ་བྱེད་དགོས།
—— ང་ཚོས་སྤྱོད་ཚུལ་ལེགས་བཅོས་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་དུས་རབས་གསར་པའི་སྤུས་མཐོའི་འགན་སྒྲུབ་ཐད་སྲིད་གྲོས་ཀྱི་འདྲི་ལན་འདེབས་དགོས། སྲིད་གྲོས་ཨུ་ཡོན་གྱི་ཐོབ་ཐང་ནི་གཟི་བརྗིད་ཅིག་ཡིན་ལ་འགན་འཁྲི་དེ་བས་ཀྱང་ཡིན། རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་དང་འགན་འཁྲི་གསར་པའི་མདུན་དུ་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེན་པོ་བཅངས་ནས་འགན་འཁྲི་སེམས་སུ་འཇོག་པ་དང་། འགན་འཁྲི་ཕྲག་ཏུ་འཁུར་བ། འགན་འཁྲི་ལག་ལེན་བསྟར་དགོས་ཤིང་། ལས་དོན་ཁྲོད་རང་རང་གི་ལེགས་ཆ་འདོན་སྤེལ་བྱེད་པ་དང་། ལས་གནས་སུ་བྱས་རྗེས་འཇོག་པ། རིགས་ཁོངས་ཁག་གི་མང་ཚོགས་ཁྲོད་མིག་དཔེ་བསྟན་ནས་ང་ཚོའི་ཐུན་མོང་གི་དམིགས་ཚད་ལ་ཕྱོགས་ཏེ་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དགོས། ཁ་ཕྱོགས་ཡང་དག་་བཟུང་ནས་འགན་འཁྲི་ལེགས་པར་སྒྲུབ་དགོས། ཆབ་སྲིད་ཀྱི་ཐོག་ནས་བོད་ལྗོངས་སྲིད་གྲོས་ཀྱི་དམིགས་བསལ་རང་བཞིན་དང་། དམིགས་བསལ་ལས་འགན། དམིགས་བསལ་བླང་བྱ་བཅས་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱས་ཐོག བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཏུ་བྱེད་པའི་བརྒྱུད་རིམ་གཙོ་བོ་དམ་པོར་བཟུང་ནས“སྲིད་གྲོས་རྟོགས་པ་དང་། གྲོས་མོལ་ཤེས་པ། སྲིད་གླེང་མཁས་པ། སྒྲིག་ཁྲིམས་སྲུང་བ། སྒྲིག་ལམ་བརྩི་འཇོག ཀུན་སྤྱོད་གཙོ་འདོན”བཅས་ཀྱི་བླང་བྱ་དོན་འཁྱོལ་བྱས་ཏེ། ཕྱོགས་ཡོངས་ནས་ཆབ་སྲིད་ཁོང་དུ་ཆུད་ནུས་དང་། བརྟག་དཔྱད་ཞིབ་འཇུག་བྱེད་ནུས། དམངས་དང་འབྲེལ་འདྲིས་བྱེད་ནུས། མཉམ་ལས་མཉམ་སྒྲུབ་བྱེད་ནུས་བཅས་ཆེ་རུ་བཏང་ནས་མགོ་མཇུག་མཐའ་འཁྱོངས་དང་། ཧུར་བརྩོན་ཡར་ཐོན་བྱས་ཏེ་རྣམ་པ་གསར་པ་སྔར་བས་མངོན་པ་དང་གླེང་ཚུལ་ཡག་པོ་སྔར་བས་ཐོབ་པ་བྱེད་དགོས། དོན་དམ་སྒྲུབ་པར་སྣང་ཆེན་གྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་བོད་ལྗོངས་སྲིད་གྲོས་ཀྱི་དོན་དངོས་ལ་གཞིགས་ནས“ཀུན་སྤྱོད་ལ་ཞིབ་བཤེར་དང་། འགན་འཁྲིར་ཞིབ་བཤེར། སྟོང་ཆར་ཞིབ་བཤེར། དོན་འཁྱོལ་ལ་ཞིབ་བཤེར”བཅས་ཀྱི་སློབ་གསོ་ཏན་ཏིག་སྤེལ་དགོས། འགན་སྒྲུབ་སྤུས་ཚད་ཀྱི་ཁ་ཕྱོཌ་མཐའ་འཁྱོངས་བྱས་ཐོག་འགན་སྒྲུབ་བྱེད་སྒོ་ཁག“ག་རེ་བྱས་པ”དང“ག་ཚོད་བྱས་པ”ནས“ཕན་འབྲས་ག་རེ་ཐོན་པར”བསྒྱུར་རྒྱུར་སྐུལ་འདེད་བཏང་ཐོག་གནས་ཚུལ་གསར་པར་ཞིབ་འཇུག་དང་། གནད་དོན་གསར་པ་ཐག་གཅོད་བྱས་ནས་སྲིད་གྲོས་འགན་སྒྲུབ་ཀྱི་དུས་རབས་རང་བཞིན་དང་ཕན་ནུས་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རང་གཅུན་བློ་སྦྱོང་ནན་པོ་བྱེད་པ་དང་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲངས་ནས་ཐོག་མཐའ་བར་གསུམ་དུ་ཏང་དང་བློ་སེམས་གཅིག་མཐུན་དང་། ཏང་དང་གོམ་སྟབས་གཅིག་གྱུར་བྱས་ཏེ་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་། མི་དམངས་ཀྱི་ཆེད་དུ་འགན་འཁྲི་འཁུར་དགོས། ཁྲིམས་སྲུང་གི་མཐའ་ཚད་བརྟན་པོར་བསྲུངས་ནས་ཀུན་སྤྱོད་བློ་སྦྱོང་ལ་ཤུགས་སྣོན་དང་། སྤྱི་ཚོགས་ཀྱི་སྤྱི་པའི་ཀུན་སྤྱོད་དང་། ལས་རིགས་ཀྱི་ཀུན་སྤྱོད། ཁྱིམ་ཚང་གི་སྤྱོད་བཟང་བཅས་དཔེ་སྟོན་གྱི་སྒོ་ནས་དོན་འཁྱོལ་བྱས་ཏེ། དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད་མི་ཚེའི་འབད་འཐབ་ཀྱི་དམིགས་ས་གཏོད་པ། བོད་ལྗོངས་སྲིད་གྲོས་ཀྱི་གར་སྟེགས་ཐོག་འགན་སྒྲུབ་ཀྱི་གཏམ་རྒྱུད་ལེགས་པོ་བརྗོད་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་པའི་མཛེས་རིས་ཐོག་བཀྲག་མདངས་རབ་ཏུ་འཚེར་བའི་ལེའུ་གསར་པ་རྩོམ་དགོས།
ཨུ་ཡོན་རྣམ་པ་དང་བློ་མཐུན་རྣམ་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་འཆར་འགོད་རླབས་པོ་ཆེ་བཏིང་ནས། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པའི་དུས་རབས་ཀྱི་དུང་བརྡ་བསྒྲགས་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས། དེ་བཞིན་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་སྲ་བརྟན་འགོ་ཁྲིད་འོག དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ། དྲང་ནུས་གཅིག་བསྒྲིལ། སེམས་པ་གཅིག་མཐུན་བཅས་ཀྱི་་སྒོ་ནས། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པ་བསྐྲུན་ཏེ་རླབས་ཆེན་བསྐྱར་དར་གྱི་ཕུགས་མདུན་མངོན་འགྱུར་ཡོང་ཆེད་བྱས་རྗེས་གསར་པ་བཞག་ཐོག གཡུར་དུ་ཟ་བའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།
(ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣