དབུ་ཤོག>ཆེད་སྒྲིག
  • སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་གཞི་ཞིབ་བཤེར་གྱི་གནས་ཚུལ་སྐོར་གྱི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-07

    སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་རིང་། རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན་དང་། སྲིད་གྲོས་ལ་ཞུགས་མཁན་ཚན་པ་ཁག ཆེད་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་ཆེན་པོ་གཉིས་ཁོང་དུ་དམ་པོར་ཆུད་ནས། “དོན་ཆེན་བཞིར”དམིགས་པ་དང་། “འགན་ལེན་བཞི”མངོན་འགྱུར། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”དམ་པོར་དམིགས་ཏེ། གྲོས་གཞིར་བརྟེན་ནས་ཐབས་འདོན་ཇུས་འབུལ་དང་འགན་ནུས་གཙང་སྒྲུབ་ཧུར་ཐག་བྱས་ཡོད།

    2022ལོའི་ཟླ་1ཚེས་4ཉིན་གྱི་ཆུ་ཚོད་16བར་ཁྱོན་བསྡོམས་གྲོས་གཞི་355འབྱོར་ཞིང་། 《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་དོན་སྲོལ་ཡིག》དང་། 《གྲོས་གཞིའི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་སྐོར་གྱི་སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར》གཞིར་བཟུང་ཞིབ་བཤེར་ནན་ཏན་བྱས་པ་བརྒྱུད། ཁྱོན་གྲོས་གཞི་338(ཟླ་སྒྲིལ་བཏང་བ་གཅིག་ཚུད་པ)གྲོས་ཁོངས་སུ་བཅུག་པ་ལས། མི་སྒེར་གྱི་གྲོས་གཞི་244ཡོད་པ་དང་། རུས་མིང་མཉམ་བཀོད་ཀྱི་གྲོས་གཞི་92ཡོད་པ། ཐུན་མོང་གི་གྲོས་གཞི་2ཡོད། གྲོས་གཞི་6བསམ་འཆར་དང་གྲོས་འགོའི་ཁོངས་སུ་བཞག་པ་དང་གྲོས་གཞི་11གྲོས་ཁོངས་སུ་བཅུག་མེད་པ་རེད།

    སྤྱི་ཡོངས་ནས་བལྟས་ན། ཐེངས་འདིའི་ཚོགས་འདུར་ཨུ་ཡོན་ཚོས་འགན་སྒྲུབ་ཇུས་འདོན་ཧུར་ཐག་བྱས་ནས། གྲོས་གཞིའི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་ཡོད་པ་དང་། གྲོས་གཞིའི་ནང་དོན་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་ལྟེ་བའི་ལས་འགན་ལ་དམ་པོར་དམིཌ་པ། དམིཌ་ཚད་ཀྱི་སྟོན་ཕྱོགས་དང་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས། “དོན་ཆེན་བཞི”དང་མི་དམངས་མང་ཚོགས་ཀྱིས་རྒྱ་ཁྱབ་ངང་དོ་ཁུར་བྱེད་པའི་མངོན་གསལ་དོད་པའི་གནད་དོན་དང་དེ་བཞིན་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སོགས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ནས་བཏོན་པའི་གྲོས་གཞི་སྔར་བས་གཟབ་ནན་དང་། བརྗོད་གཞི་སྔར་བས་གནད་ལ་འཁེལ་བ། བརྟག་ཞིབ་སྔར་བས་གཏིང་ཟབ་པ། བསམ་འཆར་དང་གྲོས་འགོའི་ཚན་རིག་རང་བཞིན་དང་ལག་བསྟར་ཆོག་འཐུས་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་ཐད་བཏོན་པའི་གྲོས་གཞི་33ཡོད་པ་དེས་གྲོས་གཞིའི་བསྡོམས་འབོར་གྱི་9.8%ཟིན་ཡོད། གྲོས་འགོ་གཙོ་བོའི་ནང་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་ཁྱོན་ཡོངས་ནས་ཞི་མཐུན་བརྟན་ལྷིང་ཡོང་བར་བྱེད་དགོས་པ་དང་། ཁུལ་ཆུང་གི་སྡེ་ལས་དོ་དམ་ཚད་ལྡན་དུ་གཏོང་བ་དང་སྡེ་ཁུལ་གྱི་བཅོས་སྐྱོང་ཆུ་ཚད་གོང་མཐོར་གཏོང་དགོས་པ། གཞོན་ནུ་ལོ་ཆུང་དྲ་རྒྱའི་རོལ་རྩེད་ལ་དབྱིངས་ཞུགས་པའི་གནས་ཚུལ་ཐད་སློབ་གསོ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་སོགས་ཡོད།

    འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བཏོན་པའི་གྲོས་གཞི་57ཡོད་པ་དེས་གྲོས་གཞིའི་བསྡོམས་འབོར་གྱི་16.9%ཟིན་ཡོད། གྲོས་འགོ་གཙོ་བོའི་ནང་ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གྱི་རྣམ་པ་གསར་པ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་དགོས་པ་དང་། “གྲངས་འཛིན་བོད་ལྗོངས”འཛུཌ་སྐྱོང་དང་འཕེལ་རྒྱས་གང་མགྱོགས་གཏོང་དགོས་པ། ས་ཁོངས་འཕེལ་རྒྱས་ཀྱི་ཞིབ་འཇུག་ལ་དེ་བས་མཐོང་ཆེན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་སྐུལ་འདེད་གཏོང་དགོས་པ་སོགས་ཡོད།

    སྔོ་ལྗང་འཕེལ་རྒྱས་ལ་དམིགས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་བཏོན་པའི་གྲོས་གཞི་70ཡོད་པ་དེས་གྲོས་གཞིའི་བསྡོམས་འབོར་གྱི་20.7%ཟིན་ཡོད། གྲོས་འགོ་གཙོ་བོའི་ནང་མཚོ་བོད་ས་མཐོའི་སྐྱེ་ཁམས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་དགོས་པ་དང་། བོད་ལྗོངས་རྒྱལ་ཡོངས་ཀྱི་ཐཱན་ཚད་སྙོམ་སྦྱོར་དང་ཐཱན་ཉོ་ཚོང་ཁྲོམ་ར་དང་སྦྲེལ་མཐུད་བྱེད་པའི་ལམ་སྲོལ་ལ་ཞིབ་འཇུག་བྱས་ནས་འབྲེལ་ཡོད་སྲིད་ཇུས་བརྩོན་ལེན་བྱེད་དགོས་པ། བོད་ལྗོངས་ཀྱི་ཆུའི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་སྤྲོད་པའི་ལམ་སྲོལ་འཛུགས་དགོས་པ་སོགས་ཡོད།

    མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་སྐུལ་འདེད་གཏོང་བའི་ཐད་བཏོན་པའི་གྲོས་གཞི་6ཡོད་པ་དེས་གྲོས་གཞིའི་བསྡོམས་འབོར་གྱི་1.7%ཟིན་ཡོད། གྲོས་འགོ་གཙོ་བོའི་ནང་མི་རིགས་མཐུན་སྒྲིལ་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་འགོ་ལྔ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོའི་རྣམ་པ་གསར་པ་རྒྱ་སྐྱེད་གཏོང་དགོས་པ། མཐུན་སྒྲིལ་ངང“རིག་རྩལ་གསར་གཉིས”ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ་དེ་བོད་ཀྱི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་གྱི་སྐྱེ་ལྡན་སྟོབས་ཤུགས་ཤིག་ཏུ་ཆགས་པར་བྱེད་དགོས་པ་སོགས་ཡོད།

    མི་དམངས་ལྟེ་བར་འཛིན་པའི་བསམ་བློ་རྒྱུན་འཁྱོངས་བྱས་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་བཏོན་པའི་གྲོས་གཞི་89ཡོད་པ་དེས་གྲོས་གཞིའི་བསྡོམས་འབོར་གྱི་26.3%ཟིན་ཡོད། གྲོས་འགོ་གཙོ་བོའི་ནང་གནས་སྤོས་བཀོད་སྒྲིག་ཁུལ་གྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་བྱིས་པའི་མཛའ་མཐུན་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་ཚོད་ལྟའི་ལས་དོན་བརྩོན་ལེན་ཧུར་ཐག་བྱེད་དགོས་པ། ལྗོངས་ཡོངས་ཀྱི་སྲིད་དོན་ཞབས་ཞུའི་མ་ལག་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པ་སོགས་ཡོད།

    ཨུ་ཡོན་ཚོས་ད་དུང་མཐའ་བརྟན་མཐའ་སྟོབས་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོཌ་མཐའ་འཁྱོངས། རིམས་ནད་སྔོན་འགོག་དང་ཚོད་འཛིན་སོཌ་ཀྱི་ཐད་བཏོན་པའི་གྲོས་གཞི་83ཡོད་པ་དེས་གྲོས་གཞིའི་བསྡོམས་འབོར་གྱི་24.6%ཟིན་ཡོད།

    ཚོགས་ཆེན་གྲོལ་རྗེས། གྲོས་གཞི་སྒྲུབ་རྒྱུར་རྩིས་སྤྲོད་ཚོགས་འདུ་འཚོགས་ཏེ། གྲོས་ཁོངས་སུ་བཅུག་པའི་གྲོས་གཞི་དག་དུས་ཐོག་ཏུ་འབྲེལ་ཡོད་སྒྲུབ་གཉེར་ཚན་པར་སྒྲུབ་གཉེར་བྱེད་པར་འབུལ་རྒྱུ་རེད། གྲོས་གཞི་ཨུ་ཡོན་ལྷན་ཁང་གིས་སྒྲུབ་གཉེར་ཚན་པ་ཁག་དང་གཞོགས་འདེགས་དམ་ཟབ་བྱས་ནས་སྒྲུབ་སྐུལ་དང་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་རྒྱུ་རེད།

    ཐེངས་འདིའི་ཚོགས་འདུའི་གྲོས་གཞི་བསྡུ་མཚམས་འཇོག་པའི་དུས་བཅད་ཚེས་གྲངས་ཡོལ་རྗེས། འབྱོར་བའི་གྲོས་གཞིར་ཞིབ་བཤེར་བྱས་ཏེ་གྲོས་ཁོངས་སུ་བཅུག་ནས་རྒྱུན་གཏན་གྱི་གྲོས་གཞིར་བརྩི་རྒྱུ་དང་། དུས་ཐོག་ཏུ་འབྲེལ་ཡོད་སྒྲུབ་གཉེར་ཚན་པར་སྒྲུབ་གཉེར་བྱེད་པར་རྩིས་སྤྲོད་རྒྱུ་རེད། 

    (ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང) 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།