དབུ་ཤོག>ཆེད་སྒྲིག
  • བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་གྲོས་གཞི་ནན་ཏན་འབྲི་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-01-05

    “ང་གྲོང་གསེབ་ནས་ཡོང་བ་ཞིག་ཡིན། ཞིང་ལས་སློབ་གྲྭ་ཐོན་པ་དང་ད་ཆ་སླར་ཡང་གྲོང་གསེབ་ཏུ་ལོག་ནས་ལས་གཏོད་བྱས་ཏེ་གྲོང་གསེབ་འཕེལ་རྒྱས་ལ་གཞོལ་བཞིན་ཡོད། དེའི་རིང་ངས་གཞི་རིམ་དུ་ལས་གཏོད་བྱེད་སྐབས་ཀྱི་དཀའ་ཚེགས་མྱོང་ཚོར་ཐུབ་བྱུང་ལ་མི་མངོན་པའི་ནུས་ཤུགས་ཆེན་པོ་ཡོད་པའང་མཐོང་བྱུང”བསོད་དོན་གཞོན་པ་ནི་2009ལོར་ནན་ཅིང་ཞིང་ལས་སློབ་ཆེན་ནས་ཐོན་པ་དང་། 2012ལོའི་ལོ་སྟོད་ནས་བཟུང་ལས་གཏོད་ནང་ཞུགས་ཏེ་ནས་ལས་སྣོན་ཞིབ་ཚགས་བྱེད་པའི“ཞིང་པའི”རྒྱུན་འཛིན་པ་ཞིག་བྱས་ནས“ཞིང་གསུམ”ཉིད་མི་ཚེའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཏུ་གྱུར་བ་རེད།

    ད་ཆ་རང་སྐྱོང་ལྗོངས་དང་། གཞིས་རྩེ་གྲོང་ཁྱེར། རྒྱལ་རྩེ་རྫོང་བཅས་རིམ་པ་གསུམ་གྱི་སྲིད་གྲོས་ཨུ་ཡོན་ཡིན་པའི་བསོད་དོན་གཞོན་པས་མུ་མཐུད་གྲོང་གསེབ་ཏུ་གཞི་ཚུགས་པ་དང་ཕ་ཡུལ་གྱི་ཡུལ་མི་དེ་བས་མང་བའི་སྣེ་ཁྲིད་དེ་ཐུན་མོང་ལས་གཏོད་ཕྱུག་འགྱུར་བྱས་ནས་གྲོང་གསེབ་ལས་གཏོད་པར་མིག་དཔེ་བཟང་པོ་ཞིག་བསྟན་ཡོད།

    2014ལོར་བསོད་དོན་གཞོན་པས་ནས་ལས་སྣོན་ཞིབ་ཚགས་བྱེད་པའི་ཁྲོམ་རའི་མདུན་ལམ་མཐོང་སྟེ་ནས་ཀྱི་བཟའ་བཅའ་ལས་སྣོན་ཞིབ་ཚགས་དང་བྲིན་ཚོང་ལས་དོན་སྤེལ་འགོ་ཚུགས་པ་རེད། ཁོང་གིས་ལག་རྩལ་རྐང་འཛིན་པའི་སྣེ་ཁྲིད་དེ་ནས་ཀྱི་ཐོན་རྫས་སྣ་ཚོགས་བཏོད་པ་དང་འབྲེལ་ཁྲོམ་རར་དངོས་སུ་བཏོན་པ་རེད། ཧང་སངས་དགོས་པ་ཞིག་ལ་ཐོན་རྫས་དེ་དག་ཁྲོམ་རར་བཏོན་མ་ཐག་བྲིན་ཁ་ཧ་ཅང་རྒྱུག་པོ་བྱུང་ནས་ཐོན་སྐྱེད་ཡག་པོ་དང་བྲིན་ཁ་རྒྱུག་པའི་དམིགས་ཚད་མངོན་འགྱུར་བྱུང་བ་རེད།

    སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་བསོད་དོན་གཞོན་པ་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་ཀྱི་སྲིད་གྲོས་ཀྱིས་སྒྲིག་འཛུགས་བྱས་པའི་སློབ་སྦྱོང་གསོ་སྦྱོང་སྣ་ཚོགས་ལ་ཧུར་ཐག་ཞུགས་ནས་སློབ་སྦྱོང་བྱེད་རིང་རང་ཉིད་ཀྱི་བྱང་ཚད་མཐོ་རུ་བཏང་སྟེ་དྲིལ་བསྒྲགས་པ་དང་། ལྟ་སྐུལ་པ། འབྲེལ་གཏུག་པ། ཞབས་ཞུ་བ་བཅས་ཡག་པོ་ཞིག་ཏུ་ཧུར་ཐག་འགྱུར་བ་བྱས་ཡོད། ཁོང་གིས་མང་ཚོགས་ཀྱི་བསམ་ཚུལ་གང་ལེགས་ཉན་པ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་དུས་ཐོག་ཏུ་འཚོལ་བསྡུ་དང་ལེགས་སྒྲིག་བྱས་ཏེ་མང་ཚོགས་དང་ཉེ་བཅར་དང་། མང་ཚོགས་ལ་བརྩི་འཇོག མང་ཚོགས་ལ་སྲུང་སྐྱོང་བཅས་བྱས་ནས་ཏང་སྲིད་ཀྱི“ལས་རོགས་བཟང་པོ”དང་མི་དམངས་མང་ཚོགས་ཀྱི“སྙིང་ཉེ་བར”དངོས་སུ་འགྱུར་ཡོད།

    2021ལོའི་ཚུན་དུ་བསོད་དོན་གཞོན་པས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་གྲོས་གཞི་ནན་ཏན་བྲིས་ནས་ཡུལ་བབ་དམངས་འདུན་གྱི་ཆ་འཕྲིན་དུས་ཐོག་ཏུ་བརྒྱུད་སྤྲོད་བྱས་པ་རེད། ཁོང་གཞིས་རྩེ་གྲོང་ཁྱེར་སྲིད་གྲོས་ཀྱིས་སྒྲིག་འཛུགས་བྱས་པའི“ཞིང་འབྲོག་ལས་ཐོན་ལས་གསར་བརྗེར་སྐུལ་འདེད་བཏང་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི”ཆེད་དོན་བརྟག་ཞིབ་གྲོས་མོལ་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། གྲོས་མོལ་སྤེལ་རེས་ཁྲོད་མཐོང་རྒྱ་ཆེ་རུ་དང་ཐུན་མོང་གི་ངོས་འཛིན་ཟབ་ཏུ་ཕྱིན་པ་རེད། འདི་ལོ་བསྡོམས་གྲོས་གཞི་6བསྐྱལ་བའི་ནང་སྒེར་གྱི་གྲོས་གཞི་2དང་མིང་མཉམ་བཀོད་གྲོས་གཞི་4ཡོད་ཅིང་། “རྒྱལ་རྩེ་རྫོང་སློབ་ཆུང་ཁག་གི་ཞོགས་པ་སློབ་གྲྭ་ཚུགས་པའི་དུས་ཚོད་སྐོར་གྱི་གནས་ཚུལ”ལ་བརྟག་ཞིབ་བྱས་པ་དང་འབྲེལ་བརྟག་ཞིབ་སྙན་ཞུ་1བྲིས་པ་རེད། “གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ”དང“རྒྱལ་རྩེ་རྫོང་གི་གཙོ་གནད་ཁེ་ལས་དང་མཉམ་ལས་ཁང་གི་འཕེལ་རྒྱས་སྐོར་གྱི་གནས་ཚུལ”ཞེས་པའི་ཞིབ་འཇུག་བྱ་གཞི་གཉིས་ཀྱི་ལྟ་ཞིབ་ལ་ཞུགས་པ་རེད།

    “ངས་མུ་མཐུད་ཕ་ཡུལ་ལ་བརྩེ་བ་ཟབ་མོ་འཆང་བ་དང་ཡུལ་མི་སྤུན་ཟླ་སེམས་སུ་བཅངས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་དུས་རབས་ཀྱིས་ང་ཚོ་གཞོན་ནུ་ཚོར་དཀྲིས་པའི་འགན་འཁྲི་ཕྲག་ཏུ་འཁུར་རྒྱུ་ཡིན་ལ། གཞོན་ནུ་ཤེས་ལྡན་པ་དེ་བས་མང་བས་གསར་གཏོད་ལས་གཏོད་ཕྱོགས་ལ་འབད་འབུངས་བྱས་ཏེ་དུས་རབས་ཀྱི‘གདོང་མཆོང་པ་ཞིག’བྱེད་པའི་རེ་བ་ཡོད”ཅེས་བསོད་དོན་གཞོན་པས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།