དབུ་ཤོག>ཆེད་སྒྲིག
  • རང་ལྗོངས་ཀྱིས་ཆེད་དོན་ཚོགས་འདུ་འཚོགས་ནས《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ལ་ཚན་སློབ་རིག་འཕྲོད་ལས་རིགས་དང་མི་རིགས་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-30

    ཚེས་28ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཚན་སློབ་རིག་འཕྲོད་ལས་རིགས་དང་མི་རིགས་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་གདན་དྲངས་ཏེ། འདི་ལོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ལ་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་འཆར་ཟིན་ཚོགས་ཆུང་གི་བློ་མཐུན་ཚོས་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་གྲོས་ཞིབ་བྱེད་རྒྱུར་འབུལ་རྩིས་ཡོད་པའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་འཆར་ཟིན་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་དང་། ཚན་སློབ་རིག་འཕྲོད་ལས་རིགས་དང་མི་རིགས་ཆོས་ལུགས་ལས་རིགས་ཀྱི་འཐུས་མིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྙན་སྒྲོན་འཐུས་སྒོ་ཚང་དུ་གཏོང་བའི་ཐད་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། 2021ལོར་ཚན་སློབ་རིག་འཕྲོད་ལས་རིགས་ཀྱིས་ཆེད་ལས་ལག་རྩལ་མི་སྣའི་གཅིག་སྡུད་ལེགས་ཆ་མུ་མཐུད་བཏོན་ནས། རང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་གྲོས་དང་སེམས་ནུས་ཡོད་རྒུ་བཏོན་པ་མ་ཟད། མི་རིགས་ཆོས་ལུགས་ལས་རིགས་ཀྱིས་སྔར་བཞིན་རྒྱལ་གཅེས་ཀྱི་སྲོལ་རྒྱུན་དར་སྤེལ་བཏང་སྟེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཐད་ནུས་པ་གལ་ཆེན་བཏོན་ཡོད། ཚང་མས་བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ནུས་ཤུགས་ཕྱོགས་གཅིག་ཏུ་བཏོན་ནས་2022ལོའི་ལས་དོན་མཉམ་དུ་ཡག་པོ་སྒྲུབ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།