“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གློག་སྤྱོད་དགོས་མཁོ་མགྱོགས་མྱུར་བསྐངས་པས། 2016ལོ་ནས་2020ལོ་བར། བོད་ཀྱི་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ལོ་རེར་ཆ་སྙོམས་13.77%འཕར་བ་དང་2020ལོར་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་82.45ཟིན་ཡོད།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་12ཚེས་23ཉིན། བོད་ལྗོངས་གློག་དྲའི་ལོ་འཁོར་གྱི་གློག་གཏོང་ཚད་དང་སྤྱོད་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་100.2ཟིན་ནས་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་100ལས་ཐོག་མར་བརྒལ་བ་དང་འཕར་ཚད་དུས་མཚུངས་ལས17.6%ལྷག་ཙམ་ཟིན་ཡོད་པ་རེད།
དགུན་དུས་སུ་བོད་ཀྱི་གློག་དྲ་གཙོ་བོའི་སྒྲིག་ཆས་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱ་ཆེད། རྒྱལ་ཁབ་གློག་དྲ་བོད་ལྗོངས་ཚད་བརྒལ་གློག་ཆེན་ཡན་ལག་ཀུང་སིའི་གུང་ཁྲན་ཏང་ཡོན་ཞབས་ཞུ་རུ་ཁག་གིས་སྒྲིག་ཆས་ལ“ལེབ་བཤེར་རྣམ་པའི”ཞིབ་བཤེར་བྱས་པ་དང་ཆབས་ཅིག དགུན་དུས་གློག་དྲའི་སྒྲིག་ཆས་འཁོར་སྐྱོད་ཀྱི་ཉམས་ཞན་ལྷུ་ཚིགས་ལ་དམིགས་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་པ་རེད། ཟླ་12པ་ནས་བཟུང་། འཁོར་སྐྱོད་སྲུང་སྐྱོང་མི་སྣས་གྲང་ངར་ལ་མ་འཛེམས་པར་ལེ་དབར་སྟོང་གི་སར་བསྐྱོད་དེ་གཙོ་གནད་ཁུལ་ལ་དམར་ཕྱིའི་དྲོད་ཚད་འཇལ་ནས་དྲོད་ཚད་འཇལ་བའི་གྲངས་གཞི་ཐོ་འགོད་ཞིབ་ཚགས་བྱས་པ་དང་འབྲེལ་ཞིབ་བསྡུར་དབྱེ་ཞིབ་ཀྱང་བྱས་པ་རེད།
ཉེ་བའི་ལོ་ཤས་རིང་། མཚོ་བོད་དང་། ཁྲོན་བོད། བོད་དབུས། མངའ་རིས་བཅས་དྲ་སྦྲེལ་ལས་གྲྭ་བཞིའི“གློག་ཤུགས་མཁའ་ལམ”བསྐྲུན་ཟིན་པ་དང་བོད་ཀྱི་ཆན་ཧྥུའུ་500ཡི་གཅིག་གྱུར་གློག་དྲ་གྲུབ་པ་དང་ཆབས་ཅིག བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གློག་སྤྱོད་དགོས་མཁོ་ཆེ་རུ་ཕྱིན་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གློག་སྤྱོད་དགོས་མཁོ་མགྱོགས་མྱུར་བསྐངས་པས། 2016ལོ་ནས་2020ལོ་བར། བོད་ཀྱི་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ལོ་རེར་ཆ་སྙོམས་13.77%འཕར་བ་དང་2020ལོར་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་82.45ཟིན་ཡོད་པ་རེད།