དབུ་ཤོག>ཆེད་སྒྲིག
  • ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-29

    2b333502-1f4e-4b28-aa99-daa43ba7a336.jpg.jpg

    དེའི་དམིགས་ཡུལ་ནི་སྲོན་རྒྱུན་རིག་གནས་དེ་སྔར་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་གཏོང་ཆེད་ཡིན་པ་རེད། འདི་ནི་ལས་དོན་མི་སྣས་ལྷོ་པའི་དབྱི་དྷུའི་རྒྱན་གོས་ལ་པར་རྒྱག་བཞིན་པ།

    རྫ་ཡུལ་ལྷོ་པ་རིགས་ཀྱི་དབྱི་དྷུའི་རྒྱན་གོས་ནི་རྫ་ཡུལ་ལྷོ་པ་རིགས་དབྱི་དྷུའི་ཚོ་པའི་མི་རྣམས་ཀྱིས་ཐོན་སྐྱེད་དང་འཚོ་བའི་ཁྲོད་གསར་གཏོད་བྱས་པའི་རྒྱན་གོས་ཀྱི་རིག་གནས་ཤིག་ཡིན་པས། ས་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད། ལྷོ་པའི་དབྱི་དྷུའི་རིག་གནས་ཀྱི་སྲུང་སྐྱོང་དང་རྒྱུན་འཛིན་ལ་ཤུགས་སྣོན་རྒྱག་ཆེད། རྫ་ཡུལ་རྫོང་ཞེད་པ་གྲོང་ཚོར་བཅའ་སྡོད་ཉིང་ཁྲི་གྲོང་ཁྱེར་རིག་གནས་རླུང་འཕྲིན་ཡུལ་སྐོར་ལུས་རྩལ་ཅུས་ཀྱི་ལས་དོན་རུ་ཁག་གིས་མཐུན་སྦྱོར་ཧུར་ཐག་དང་། མང་ཚོགས་ཀྱི་བསམ་འཆར་གང་ལེགས་བསྡུས་པའི་རྨང་གཞིའི་ཐོག་ས་གནས་དེ་གའི“ལྷོ་པའི་དབྱི་དྷུའི་རྒྱན་གོས”དང“དབྱི་དྷུའི་དམངས་གཞས”རྣམ་གྲངས་གཉིས་རིམ་བཞིན་མངོན་མིན་རིག་གནས་ཤུལ་གཞག་གི་རྣམ་གྲངས་སུ་འཇུག་པའི་རེ་འདུན་ཞུས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།