དབུ་ཤོག>ཆེད་སྒྲིག
  • གསར་བརྗེའི་ཐོན་ཁུངས་སྔོག་འདོན་དང་། སྲུང་སྐྱོབ། རྒྱུན་འཛིན་བཅས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-29

     ཆབ་མདོ་ནི་བོད་ཀྱི་སྐར་ལྔའི་དར་དམར་སྒྲེང་ས་དང་པོ་ཡིན་པས་གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ས་གནས་དེ་གའི་གསར་བརྗེའི་རིག་གནས་ཐོན་ཁུངས་ལ་གཞི་ཚུགས་ཏེ། སྲུང་སྐྱོབ་ཨང་དང་པོར་འཇོག་པ་དང་རྒྱུན་འཛིན་སྔོན་ལ་བྱེད་པ་མཐའ་འཁྱོངས་ཀྱིས་གསར་བརྗེའི་ཐོན་ཁུངས་སྔོག་འདོན་དང་། སྲུང་སྐྱོབ། རྒྱུན་འཛིན་བཅས་ཤུགས་ཆེན་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    ཐོན་ཁུངས་བསྡུ་སྒྲིལ་བྱེད་ཤུགས་ཆེ་རུ་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་གསར་བརྗེའི་རིག་དངོས་སྲུང་སྐྱོབ་ཀྱི་སྤྱིའི་འཆར་གཞི་འགོད་འགོ་ཚུགས་ཏེ། གསར་བརྗེའི་རྗེས་ཤུལ་58འཆར་གཞི་བཟོ་འགོད་ཀྱི་ཁྱབ་ཁོངས་སུ་བཅུག་སྟེ། 《ཆབ་མདོ་གྲོང་ཁྱེར་གྱི་སྤོ་མི་རུང་བའི་གསར་བརྗེའི་རིག་དངོས་ཡོངས་བཤེར་ཇུས་གཞི》བཟོས་པ་མ་ཟད། དུས་ཡུན་ལོ་གསུམ་སྤྱད་དེ་གསར་བརྗེའི་རིག་དངོས་དང་གསར་བརྗེའི་རྗེས་ཤུལ་གྱི་རྨང་གཞིའི་རང་བཞིན་གྱི་ཡོངས་བཤེར་ལས་དོན་ཐེངས་བཞི་སྤེལ་བ་རེད། དེ་དང་དུས་མཚུངས། དམག་མི་རྒན་གྲས་ལ་བཅར་འདྲི་དང་། ཞིང་ནང་དུ་བརྟག་དཔྱད། ཚད་ལྡན་ཡིག་ཆ་ལྟ་ཀློག་སོགས་ཀྱི་རྣམ་པར་བརྟེན་ནས་གསར་བརྗེའི་རིག་དངོས་དང་གསར་བརྗེའི་གཏམ་རྒྱུད་འཚོལ་བསྡུ་དང་གསར་བརྗེའི་རིག་དངོས་རྗེས་ཤུལ་51བརྟག་དཔྱད་ཐོ་འགོད་བྱས་ཏེ། 《བོད་ཀྱི་སྐར་ལྔའི་དར་དམར་ཐེངས་དང་པོར་བསྒྲེང་ཡུལ》ཏེ། ཆབ་མདོའི་གསར་བརྗེའི་གཏམ་རྒྱུད་ངག་བརྗོད་ལོ་རྒྱུས་ཀྱི་ཐོག་མའི་འཆར་ཟིན་བཀོད་ཡོད། གཞན་ཡང་། ད་དུང་ལས་དོན་ཆེད་སྒྲུབ་ཚན་ཁག་བཙུགས་ཏེ། གསར་བརྗེའི་རིག་དངོས་སྲུང་སྐྱོབ་ཡུག་ཁུལ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་རེ་ཞུའི་ལས་དོན་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་ནས། ཁ་རུབ་ཆུས་དང་། འཇོ་མདའ་རྫོང་། སྨར་ཁམས་རྫོང་བཅས་རྒྱལ་ཡོངས་ཀྱི་ཁག་གཉིས་པའི་གསར་བརྗེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་ཡུག་ཁུལ་གྱི་གྲས་སུ་གྲུབ་འབྲས་ཐོབ་པའི་ངང་བཅུག་པ་དང་། ཆབ་མདོ་གྲོང་ཁྱེར་གྱི་གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དང་འཇོ་མདའ་རྫོང་སྐམ་ཐོག་གི་དམག་སྡེ་བཅོ་བརྒྱད་པའི་དམག་སྒར་གནས་ཡུལ་རྙིང་པར་ཀྲུང་དབྱང་དྲིལ་བསྒྲགས་པུས་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི་ཞེས་མིང་བཏགས་པ་མ་ཟད། གྲོང་ཁྱེར་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཁག་དང་པོར་ཡང་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།