དབུ་ཤོག>ཆེད་སྒྲིག
  • བདེ་ཐང་འཚོ་བའི་ཁྱིམ་གཞིས་བཏོད། གནས་ཆུང་ཁྲོམ་གཞུང་སྔར་ལས་སྐྱིད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-29

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་རྩ་དོན་མཐའ་འཁྱོངས་ཧུར་ཐག་བྱས་ཏེ། “མང་ཚོགས་གཅིག་ཏུ་སྒྲིལ་བ་དང་། མང་ཚོགས་ལ་སྣེ་ཁྲིད་བྱེད་པ། རིག་གནས་ལ་བརྟེན་ནས་མི་སྣ་ལེགས་སྐྱོང་དང་སྲོལ་བཟང་ཡར་སྐུལ”བཅས་ཀྱི་དམིགས་ཚད་ངེས་གནས་ལ་དམ་པོར་དམིགས་ཤིང་། ལག་ལེན་གྱི་གཞི་རྟེན་རྒྱ་སྐྱེད་དང་ལག་ལེན་གྱི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ་མི་སེམས་གཅིག་ཏུ་བསྒྲིལ་ནས་སྟོད་ལུང་བདེ་ཆེན་ཆུས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བ་རེད།

    —— མང་ཚོགས་ཀྱི་འཚོ་བ་དངོས་དང་ཉེ་བཅར་བྱས་ནས“གཅིག་འཐུས་རྣམ་པའི”ཞབས་འདེགས་་བཏོད་པ། གནས་ཆུང་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱིས་དངོས་ཡོད་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལ་སྐུལ་འདེད་གཏོང་བའི་ལས་དོན་ཟུང་འབྲེལ་དང་མང་ཚོགས་ཀྱི་དགོས་མཁོ་དངོས་ཐག་གཅོད་དང་ཟུང་འབྲེལ་བྱས་ཏེ། “དམངས་ལ་བྱ་བ་དངོས་སྒྲུབ་པའི”བྱེད་སྒོ་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྤེལ་བ་རེད། འདི་ལོ་ཚུན་དུ། “དམངས་ལ་བྱ་བ་དངོས་སྒྲུབ་པའི”བྱེད་སྒོ་ཁྱོན་90ལྷག་ཙམ་སྤེལ་ཞིང་། དམངས་ལ་བྱ་བ་དངོས་སྒྲུབ་པའི་ལས་དོན་སྤེལ་རིང་། གནས་ཆུང་ཁྲོམ་གཞུང་གིས་མང་ཚོགས་དང་འབྲེལ་གཏུག་བྱེད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ་ལས་ཀའི་གཙོ་གནད་དུ་བཟུང་ཞིང་། མང་ཚོགས་ཀྱི་བློ་ཡིད་ཚིམ་པ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས། གནས་ཆུང་ཁྲོམ་གཞུང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སུའོ་ཡི་ནུས་པ་དང་ཟུང་འབྲེལ་གྱིས་རྒྱ་ཆེའི་མང་ཚོགས་ལ“གཅིག་འཐུས་རྣམ་པའི”ཞབས་འདེགས་ཞུ་བཞིན་ཡོད།

    —— མང་ཚོགས་ཀྱི་བསམ་འཆར་གང་ལེགས་བསྡུས་ནས“ཐོ་གསུམ་ལམ་ལུགས”ཀྱི་ཞབས་འདེགས་ལག་བསྟར་བྱས་པ། ཚད་གཞི་མཐོ་བ་དང་ཆུ་ཚད་མཐོ་བའི་མང་ཚོགས་ཀྱི་རིག་གནས་བྱེད་སྒོའི་གཡུལ་ས་གཏོད་ཆེད། གནས་ཆུང་ཁྲོམ་གཞུང་གིས་གྲོང་མི་མང་ཚོགས་ཀྱི་བསམ་འཆར་གང་ལེགས་བསྡུས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་རེ་འདུན་ཐག་གཅོད་ནུས་ལྡན་བྱས་པ་དང་མང་ཚོགས་ཀྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་དམངས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་ཏན་ཏིག་བཏང་ཡོད། “མངགས་ཐོ་མངགས་པ+མངགས་ཐོ་སྤྲོད་པ+མངགས་ཐོ་ལེན་པ”བཅས་ཀྱི“ཐོ་གསུམ་ལམ་ལུགས”སྤྱད་ནས་མང་ཚོགས་ཀྱིས“མངགས་ཐོ་མངགས་པ”དང་། ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱིས“མངགས་ཐོ་སྤྲོད་པ” ཏང་ཡོན་ལས་བྱེད་པས“མངགས་ཐོ་ལེན་པ”བཅས་བྱས་ཏེ། མང་ཚོགས་བློ་ཡིད་ཚིམ་པའི་བྱེད་སྒོ་སྤེལ་ཡུལ་ཞིག་གཏོད་ཆེད་ནུས་ཤུགས་ཡོད་རྒུ་བཏོན་ཡོད།

    —— སློབ་སྦྱོང་གི་ཁོར་ཡུག་ཡག་ཏུ་བཏང་ནས་སྤུས་ཚད་མཐོ་བའི་ཞབས་འདེགས་མཁོ་འདོན་བྱས་པ། མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ཉན་པ་བརྒྱུད། ཁྲོམ་གཞུང་གི་ཐོན་ཁུངས་བསྡུ་སྒྲིལ་གང་ལེགས་བྱས་ཏེ། ཕྱོགས་ཡོངས་ནས་ཁྱེད་ཉིད་ཁྱིམ་དུ་དཔེ་ཀློག་དང་། སློབ་སྦྱོང་། གློག་བརྙན་ལྟ་བ། སྤོ་ལོ་རྒྱག་པ། ལུས་སྦྱོང་བྱེད་པ། ཞབས་བྲོ་འཁྲབ་པ་སོགས་སུ་གདན་འདྲེན་པའི་དམངས་ཡོངས་ཀྱི་བདེ་ཐང་འཚོ་བའི་རྣམ་གྲངས་རབ་དང་རིམ་པ་བཏོད་ཡོད། དཔེར་ན། ཁྱེད་ཉིད་ཁྱིམ་དུ་དཔེ་དེབ་ཀློག་པར་གདན་འདྲེན་པའི་རྣམ་གྲངས་ལ་གནས་ཆུང་ཁྲོམ་གཞུང་གིས་དཔེ་དེབ་ཁང་བསྐྲུན་ཏེ་དཔེ་དེབ་3000ལྷག་ཙམ་ཉར་ཚགས་བྱས་ནས། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱིས་ཐོབ་ཐང་ལག་ཁྱེར་སྤྱད་དེ་རིན་པ་མི་དགོས་པར་དཔེ་དེབ་གཡར་ཆོག་པ་དང་། ཁྱེད་ཉིད་ཁྱིམ་དུ་གློག་བརྙན་ལྟ་བར་གདན་འདྲེན་པའི་རྣམ་གྲངས་ལ་མང་ཚོགས་ཀྱིས་དོན་དངོས་ཀྱི་དགོས་མཁོར་གཞིགས་ནས་དུས་ཆད་བྱས་པ་བརྒྱུད་ཐོག་སོ་དང་པོ་དང་ཡང་ན་ཐོག་སོ་གསུམ་པའི་ཚོགས་ཁང་དུ་རང་འདེམས་སློབ་སྦྱོང་བྱ་ཆོག

    —— ལུས་སྦྱོང་གི་རྣམ་པ་ཡག་པོ་བཏོད་ནས་སྤུས་ཚད་མཐོ་བའི་ཞབས་འདེགས་ཀྱི་སྤུས་རྟགས་བཏོད་པ། ཕྱོགས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་ལ་ཤུགས་སྣོན་དང་། མང་ཚོགས་ཀྱི་ལུས་སྦྱོང་བྱེད་སྟངས་ཕུན་སུམ་ཚོགས་སུ་གཏོང་བ། དམངས་ཡོངས་ཀྱི་བདེ་ཐང་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱེད་ཆེད། གནས་ཆུང་ཁྲོམ་གཞུང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྣ་མང་ཕུན་སུམ་ཚོགས་པའི་རིམ་སྤེལ་བྱེད་སྒོ་སྤེལ་ཞིང་། མང་ཚོགས་ཀྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་ལན་ཆིའུ་སྤོ་ལོའི་ཐང་དུ་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་བྱེད་སྒོ་སྤེལ་ཆོག་པ་དང་། ཁྲོམ་གཞུང་ཟ་ཁང་དུ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་ཐག་མཆོང་དང་། སྒྲོམ་སྟེགས་སྤོ་ལོ། ཕིང་ཕང་སྤོ་ལོ་སོགས་ལུས་སྦྱོང་ཡོ་བྱད་20ལྷག་ཙམ་མཁོ་འདོན་བྱས་ནས་སྒོ་འབྱེད་རིང་ལུས་སྦྱོང་བྱ་ཆོག

    “ང་ཚོའི་ཁྲོམ་གཞུང་གིས‘གནས་ཆུང་གིས་ཁྱེད་ཉིད་ཁྱིམ་དུ་གདན་འདྲེན’པའི་སྤུས་རྟགས་གཏོད་དོན་ནི་ཁོངས་གཏོགས་ཁུལ་གྱི་མང་ཚོགས་དེ་བས་མང་བ་སྤུས་ཚད་མཐོ་བའི་སློབ་སྦྱོང་དང་། རོལ་རྩེད། ལུས་རྩལ་བཅས་ཀྱི་བྱེད་སྒོར་ཞུགས་སུ་བཅུག་ནས་ཁྲོམ་གཞུང་ཡོངས་སུ་སློབ་སྦྱོང་གོང་དུ་བཀུར་བ་དང་། ལུས་སྦྱོང་ལ་ཞུགས་པ། བདེ་ཐང་དང་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ཏེ། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་སྐྱིད་སྣང་ཆེ་རུ་གཏོང་ཆེད་རེད”ཅེས་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་རེན་ཝུའེ་ཡིས་གསར་འགོད་པར་བཤད།

    གནས་ཆུང་ཁྲོམ་གཞུང་ནི་སྟོད་ལུང་བདེ་ཆེན་ཆུས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པའི་བསྡུས་རིས་ཤིག་རེད།

    ཉེ་བའི་ལོ་ཤས་རིང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་དྲིལ་བསྒྲགས་སློབ་གསོའི་གཙོ་རྐང་འདིར་དམ་པོར་དམིགས་པ་དང“ལོ་ལྔ་ཚན་བཅུ་བཞི་པའི”འབད་འཐབ་དང་འབད་འབུངས་ཡར་བརྩོན་གྱིས་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་པར་དམིགས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཤུགས་ཆེན་བསྟར་ཏེ། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་རྒྱུན་མཐུད་ཟབ་ཏུ་བཏང་བ་དང་ཤེས་དཔལ་སྲོལ་གཏོད་འདུ་འགོད་ལ་སྤྱི་འདོམས་སྐུལ་འདེད་ཧུར་ཐག་བཏང་ཡོད། གོམ་སྟབས་རྗེས་མར། སྟོད་ལུང་བདེ་ཆེན་ཆུས་ཀྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་གཡུལ་ས་འཛུགས་སྐྲུན་ལ་སྔར་བས་སྐུལ་འདེད་བཏང་སྟེ། གཏན་འཇཌ་ཀྱི་བར་མཐོངས་འདུ་གནས་དང་། གཏན་འཇགས་ཀྱི་བྱེད་སྒོའི་བརྒྱུད་རིམ། གཏན་འཇགས་ཀྱི་ལག་ལེན་མཚམས་ཚིཌ་བཅས“གཏན་འཇཌ་གསུམ”གྱི་བླང་བྱ་ལྟར་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་རྒྱུ་མ་ཟད། “བོད་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སྐུལ་འདེད་ཉིན་མོའི”བྱེད་སྒོ་ཁག་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཀྲུང་དབྱང་གིས་གཤམ་སྤྲོད་བྱས་པའི་ཚོད་ལྟའི་གྲོན་དངུལ་བེད་སྤྱོད་ཡག་པོ་བྱས་ཏེ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་5འཐུས་སྒོ་ཚང་དུ་གཏོང་བ་དང་ཤེས་དཔལ་ལག་ལེན་ས་ཚིགས་2བཏོད་དེ་ཤེས་དཔལ་ལག་ལེན་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དང་སློབ་གསོ་ཅུས་དང་མཉམ་དུ“ཤེས་དཔལ་སློབ་གླིང”དང“དུས་རབས་གསར་པའི་གཞོན་ནུ་བཟང་པོ”དཔྱད་འདེམས་བྱེད་སྒོ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ་ཡ་རབས་ཁྱིམ་ཚང་དཔྱད་འདེམས་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།