དབུ་ཤོག>ཆེད་སྒྲིག
  • གསོ་སྦྱོང་བྱས་ནས་ལག་རྩལ་བསླབས། ལས་ཞུགས་ཐུབ་སྟེ་ཡོང་འབབ་འཕར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-29

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལས་ཞུགས་ལས་གཏོད་ལས་དོན་སྐོར་གྱི་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་དམིགས་ནས། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་གཞི་ཚུགས་ཏེ་རང་འགུལ་ངང་བྱ་སྤྱོད་སྤེལ་ཏེ། 2020ལོ་ནས་བཟུང“ལྷ་སའི་ཐབ་ཚང་ཆེ་མོའི”ལོ་གསུམ་རིང་གི་འཛུགས་སྐྱོང་ལས་འགན་འཁུར་ནས་སྲིད་ཇུས་དོན་འཁྱོལ་ཐད་དངོས་ཕན་དོན་གཉེར་དང་། དཀའ་གནད་ཐག་གཅོད་ཐད་བྱ་ཐབས་དངོས་འདོན་པ། ལས་དོན་ལག་བསྟར་ཐད་གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། མིག་སྔར་2021ལོའི“ལྷ་སའི་ཐབ་ཚང་ཆེ་མོ”འཛུགས་པའི་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ཡོད།

    ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2020ལོར་དབུལ་སྒྲོལ་འགག་སྒྲོལ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་ལོར། “ལྷ་སའི་ཐབ་ཚང་ཆེ་མོ”ཡིས་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་3གཉེར་ནས་མི་100གསོ་སྦྱོང་བྱས་པའི་ནང་དམའ་རིམ་ཀྲུང་ལུགས་ཁ་ཟས་བཟོ་མཁན་30དང་། དམའ་རིམ་ཀྲུང་ལུགས་གཡོས་སྦྱོར་པ་50 མཐོ་རིམ་ཀྲུང་ལུགས་གཡོས་སྦྱོར་པ་20བཅས་ཡོད་པ་རེད། སྤྱི་ཡོངས་ཀྱི་དཔྱད་ཞིབ་ལོན་ཚད་96%ཟིན་པ་དང་སྤྱི་ཡོངས་ཀྱི་ལས་ཞུགས་ཐུབ་ཚད་87%ཡན་ཟིན་ཡོད། གསོ་སྐྱོང་བྱས་པའི་མཐོ་རིམ་གྱི་ཀྲུང་ལུགས་གཡོས་སྦྱོར་པ་19གསལ་འབྱེད་ཚད་ལོན་བྱུང་བ་དང་ཁོང་ཚོར་ཐོབ་ཐང་ལག་ཁྱེར་རག་ནས་ལྷ་ས་གྲོང་ཁྱེར་གྱི་བཟའ་བཏུང་ལས་རིགས་ཀྱི་མཐོ་རིམ་ལས་རིགས་རྩལ་ནུས་མི་སྣའི་སྟོང་ཆ་རགས་ཙམ་བསྐངས་ཡོད། 2021ལོར་སྤྱོད་གོ་ཆོད་པའི་འབྲིང་རིམ་དང་མཐོ་རིམ་བཟའ་བཏུང་རྩལ་ནུས་ཤེས་ལྡན་པའི་དགོས་མཁོར་གཞི་ཚུགས་ཏེ་ཁྱོན་སློབ་མ་130བསྡུས་པའི་ནང་འབྲིང་རིམ་ཀྲུང་ལུགས་གཡོས་སྦྱོར་པ་30དང་། མཐོ་རིམ་ཀྲུང་ལུགས་གཡོས་སྦྱོར་པ་50 བཟའ་བཏུང་ལས་གཏོད་མཁན་50བཅས་ཡོད་པ་རེད།

    “2004ལོར་ངས་གཡོས་སྦྱོར་སྦྱོང་འགོ་བཙུགས་པ་ཡིན། དགེ་ཕྲུག་ནས་ཨར་ཁང་གི་མ་བྱན་ལས་རོགས་བར་ལོ་ཁ་ཤས་འབད་བརྩོན་བྱས་པ་བརྒྱུད་ང་ལ་མ་བྱན་གྱི་ལག་ཁྱེར་རག་བྱུང་། འདི་ལོ་ངས‘ལྷ་སའི་ཐབ་ཚང་ཆེ་མོའི’གསོ་སྦྱོང་འཛིན་གྲྭའི་ནང་ཞུགས་ནས་ཉིན་45གསོ་སྦྱོང་བྱས་པ་བརྒྱུད། མཐོང་རྒྱ་ཆེ་རུ་ཕྱིན་པ་མ་ཟད། རྩལ་ནུས་གསར་པ་མང་པོ་ཤེས་ནས། འབྲིང་རིམ་མ་བྱན་གྱི་ལག་ཁྱེར་རག་བྱུང་། ངའི་གླ་ཆ་དེ་སྔོན་གྱི་སྒོར་6000ནས་སྒོར་8000བར་མང་དུ་ཕྱིན་སོང”ཞེས་སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་ནས་ཡོང་བའི་མ་བྱན་དབང་ཕྱུག་གིས་དགའ་སྤྲོའི་ངང་བཤད།

    སྣེ་ཁྲིད་མཐའ་འཁྱོངས་བྱས་ནས་ལས་ཞུགས་ཀྱི“ཕྱུག་འགྱུར་ལམ་བུ”གཏོད་ཆེད། 2021ལོར་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྲིད་གཞུང་དང་། གསོ་སྦྱོང་ཁས་ལེན་སྒྲིག་གཞི། ཁེ་ལས་བཅས་ཕྱོགས་གསུམ་གྱི་ནུས་ཤུགས་མུ་མཐུད་མཐའ་འཁྱོངས་བྱས་ནས་བཟའ་བཏུང་ཁེ་ལས་དང་། བཟའ་བཏུང་མཐུན་ཚོགས། རྫོང་དང་ཆུས་ཁག་བཅས་བརྒྱུད་བཟའ་བཏུང་ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་ཀྱི་དགོས་མཁོ་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱས་ཏེ། ལྷ་ས་གྲོང་ཁྱེར་གྱི་བཟའ་བཏུང་ལས་རིགས་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་ཐོན་ཁུངས་དང་དེ་མཚུངས་ཀྱི་གསོ་སྦྱོང་ཐོན་ཁུངས་ཀྱི་གཞི་རྩའི་གནས་ཚུལ་མཐིལ་རྟོགས་བྱས་པ་དང་། ས་གནས་དེ་གའི་བཟའ་བཏུང་ཁྲོམ་རའི་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ཏེ་འཇོན་ཐང་དང་། སྤུས་ཚད། ཕན་འབྲས། ལེགས་སྐྱེས་བཅས་སྟོན་ཕྱོགས་སུ་བྱས་པའི་སྤྱོད་གོ་ཆོད་པའི་ཤེས་ལྡན་པའི་ཚད་གཞི་འཚོལ་ཞིབ་བྱས་ནས་བཙུགས་ཏེ་མངགས་ཐོའི་སློབ་ཁྲིད་དང་། འགྲན་བསྡུར་གྱིས་གསོ་སྦྱོང་གི་ཚབ་བྱེད་པ། ཐོན་ལས་ཀྱི་སྔོན་འགྲོའི་སློབ་ཚན་འཚོགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་སློབ་གྲྭ་ནས་ཐད་ཀར་ཁེ་ལས་སུ་བསྐྱོད་དེ་རྩལ་ནུས་ཤེས་ལྡན་མི་སྣར་ལས་གནས་ཡོད་པ་དང་འཇོན་ཐང་ལྡན་པར་བྱས་པ། འབྲིང་རིམ་དང་མཐོ་རིམ་གྱི་ཀྲུང་ལུགས་གཡོས་སྦྱོར་པ་80གསོ་སྦྱོང་གི་ལས་དོན་ལེགས་སྒྲུབ་བྱས་པས“ལྷ་སའི་ཐབ་ཚང་ཆེ་མོའི”འབྲིང་རིམ་དང་མཐོ་རིམ་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་རིམ་བཞིན་གྲུབ་པ་རེད།

    ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་གསོ་སྦྱོང་ལ་དམ་འཛིན་ཡག་པོ་བྱས་ནས་ཆེད་ལས་ཀྱི་དངོས་ཤུགས་ཆེ་རུ་གཏོང་ཆེད། གསོ་སྦྱོང་བྱེད་རིང་གསོ་སྦྱོང་དང་ལེན་བྱེད་མཁན་གྱི་གསོ་སྦྱོང་བྱེད་སྟངས་དང་གསོ་སྦྱོང་གི་ནང་དོན་ཐད་བླང་བྱ་བཏོན་པ་དང་གསོ་སྦྱོང་སྒྲིག་གཞིར“གསོ་སྐྱོང་བྱེད་རིང”དང་། “གསོ་སྐྱོང་བྱེད་ཀྱིན་ལས་ཞུགས་བྱེད་པ” “གསོ་སྐྱོང་ཚར་རྗེས་ལས་ཞུགས་ཐུབ་པ” “ད་ཡོད་ལས་ཞུགས་མི་སྣའི་ཁྲོད་གསོ་སྐྱོང་མཐོར་གཏོང་བྱེད་པ”བཅས་ཀྱི་གནས་ཚུལ་རིགས་4ལ་གཞིགས་ནས་རིགས་དབྱེ་ཡིག་ཚགས་བཟོ་བ་དང་ཐོ་འགོད་བྱེད་པ་དང་། རིགས་པའི་གཞུང་ལུགས་ཀྱི་འགྲེལ་བཤད་དང་། རྩལ་ནུས་འགྲན་བསྡུར། ལས་གནས་ཀྱི་ལག་ལེན། ལྟ་སྐོར་སློབ་སྦྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་ས་གནས་དེ་གའི་བཟའ་བཏུང་གི་ཤེས་ལྡན་མི་སྣའི་རྩལ་ནུས་ཆུ་ཚད་དང་ཕྱོགས་བསྡུས་བྱང་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་པའི་བླང་བྱ་བཏོན་ཡོད། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་གཟའ་འཁོར་རེར་གསོ་སྦྱོང་ལས་དོན་སྤེལ་ཚུལ་ལ་ཞིབ་བཤེར་དང་ཟུར་བཤེར་བྱས་ནས་གསོ་སྦྱོང་གི་སྤུས་ཚད་དང་གསོ་སྦྱོང་རྗེས་ཀྱི་ལས་ཞུགས་ཆ་འཕྲིན་ངོ་མ་ཡིན་པ་བྱས་ཏེ་གསོ་སྦྱོང་གི་སྤུས་ཚད་འགན་ལེན་བྱས་ཡོད། མིག་སྔར་འབྲིང་རིམ་ཀྲུང་ལུགས་གཡོས་སྦྱོར་པའི་གསོ་སྦྱོང་འཛིན་གྲྭའི་མི་23ལ་དཔྱད་ཞིབ་ཐོབ་པ་དང་། དཔྱད་ཞིབ་ཐོབ་ཚད་77%ཟིན་ཡོད། མཐོ་རིམ་ཀྲུང་ལུགས་གཡོས་སྦྱོར་པའི་གསོ་སྦྱོང་འཛིན་གྲྭའི་མི་49ལ་དཔྱད་ཞིབ་ཐོབ་པ་དང་དཔྱད་ཞིབ་ཐོབ་ཚད་98%ཟིན་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བཟའ་བཏུང་ཁེ་ལས་སུ་བཏང་བའི་ཐོག་མར་ལས་ཞུགས་བྱས་པའི་མི་སྣའི་དོན་དངོས་ཀྱི་ལས་ཞུགས་གནས་ཚུལ་དུས་ཐོག་ཏུ་རྗེས་འདེད་དང་བརྟག་དཔྱད་བྱས་ནས། སྤྱོད་གོ་ཆོད་པའི་རྩལ་ནུས་མི་སྣ་གསོ་སྐྱོང་གི་རྗེས་འདེད་མིང་ཐོ་བཟོས་ཏེ་ལས་གནས་ནས་དགོངས་པ་ཞུ་མཁན་ནམ་ཡང་ན་ལས་གནས་ནས་ཕྱིར་སློག་པའི་མི་སྣ་སླར་ཡང་བསྡོམས་རྩིས་བྱས་ཏེ“ཐེངས་གཉིས་པར་འཚམ་པའི་ལས་གནས”ལས་ཞུགས་འབྲེལ་མཐུད་བྱས་པ་དང་། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་མུ་མཐུད་གསོ་སྦྱོང་དང་སླར་ཡང་སྦྲེལ་མཐུད་བྱས་པ་བརྒྱུད། ལས་གནས་བརྟན་གཏོང་གི་ལས་ཞུགས་རྨང་གཞི་འགན་ལེན་ཐུབ་ཡོད་པ་རེད། མིག་སྔར་འབྲིང་རིམ་ཀྲུང་ལུགས་གཡོས་སྦྱོར་པ་ལས་ཞུགས་ཐུབ་ཚད་60%ཟིན་པ་དང་མཐོ་རིམ་ཀྲུང་ལུགས་གཡོས་སྦྱོར་པ་ལས་ཞུགས་ཐུབ་ཚད་100%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།