ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ཚན་པ་ཁག་དང་སྡེ་ཚན་ཁག་གིས་རིགས་གཅིག་མཁས་ཅན་དང་མཁས་དབང་གདན་དྲངས་ཏེ། ཆེད་དོན་ཟུར་ཁྲིད་དང་འཆད་ཁྲིད་ཀྱི་རྣམ་པར་བརྟེན་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པ་རེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དེ་བས་མཐོ་བའི་ཆབ་སྲིད་ཀྱི་ཚུགས་གནས་དང་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། དེ་བས་བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ནས་དུས་རབས་གསར་པའི་རྒྱུགས་འབུལ་ལམ་བུར་བརྟན་པོ་དང་ཡག་པོ་བསྐྱོད་དེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བརྗོད་པ་རེད།
ཉེ་ཆར་རང་སྐྱོང་ལྗོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་རིགས་ཁོངས་མཉམ་འབྲེལ་ལྷན་ཚོགས་ཀྱིས“དུས་རབས་གསར་པའི་བོད་ཀྱི་སྤྱི་ཚོགས་ཚན་རིག་གི་འཆད་སྟེགས”དུས་ཐེངས་གསུམ་པ་གཉེར་ནས། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་དབན་ཅིང་ཕུང་རིག་གཞུང་སྙན་སེང་ཞུ་བར་གདན་དྲངས་པ་རེད། དབན་ཅིང་ཕུང་གིས་རང་ངོས་ཀྱི་སློབ་སྦྱོང་མྱོང་བ་དང་ཟུང་འབྲེལ་བྱས་ཏེ་གསོན་ཉམས་དོད་པའི་སྐད་ཆ་དང་ཞིབ་ཚགས་པའི་དཔེ་མཚོན་དྲངས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལ་གཅིག་སྡུད་འཆད་འགྲེལ་དང་ཞིབ་ཅིང་ཕྲ་བའི་གསལ་འགྲེལ་བྱས་པ་རེད། ཚང་མས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ཞིབ་འཇུག འཆད་འགྲེལ། ལག་བསྟར། དོན་འཁྱོལ་བཅས་ཡག་པོ་བྱེད་པ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ཡིན་པས། ད་ཐེངས་ཀྱི་རིག་གཞུང་སྙན་སེང་ཚོགས་འདུ་གོ་སྐབས་སུ་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་ཆེན་དར་སྤེལ་ཤུགས་ཆེན་གཏོང་བ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་བཀོད་སྒྲིག་བྱས་པའི་ལས་དོན་ཁག་གི་ཐོག་ཏུ་གཅིག་གྱུར་བཅས་བྱས་ཏེ། ངོས་འཛིན་མཐོ་རུ་གཏོང་བ་དང་། ཡིད་ཆེས་བརྟན་དུ་གཏོང་བ། ཁ་ཕྱོགས་གསལ་པོ་བཟོ་བ། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་སྤྱི་ཚོགས་ཚན་རིག་ལས་དོན་པའི་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བརྗོད་པ་རེད།
ཉེ་ཆར། ལྗོངས་ཚན་རྩལ་ཐིང་གིས་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཏང་ཨུད་ཀྱི་ཨུ་ཡོན་རྩོམ་སྒྲིག་ཆེ་མོ་བ་གཞོན་པ་ཟླ་བ་ཚེ་རིང་གདན་དྲངས་ནས་འབྲེལ་ཡོད་ཆེད་དོན་ཟུར་ཁྲིད་བྱས་པ་རེད། ཆེད་དོན་ཟུར་ཁྲིད་ཚོགས་འདུ་མཇུག་འགྲིལ་རྗེས། ཚོགས་ཞུགས་མི་སྣས་ད་ཐེངས་ཀྱི་ཆེད་དོན་སྒྲོག་འགྲེལ་སྙན་སེང་ཚོགས་འདུ་གོ་སྐབས་སུ་བྱས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཏེ། ཚན་རྩལ་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་དེ་ཉིད་ལས་སྒྲུབ་ལས་གཏོད་དང་རྒྱུན་མཐུད་འབད་འཐབ་ཀྱི་སྒུལ་ཤུགས་སུ་འགྱུར་བར་བྱེད་པ་དང་། མིག་སྔའི་ལས་དོན་ཁག་ཡག་པོ་ཏན་ཏིག་བསྒྲུབས་ཏེ་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚན་རྩལ་གྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།
ཉེ་ཆར་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་རང་སྐྱོང་ལྗོངས་འཆད་ཁྲིད་ཚོགས་པའི་ཁོངས་མི་དང་། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་ཏང་གི་ལོ་རྒྱུས་སློབ་དཔྱོད་ཁང་གི་དགེ་རྒན་ཆེ་མོ་བ་ཆོས་འཛོམས་གདན་དྲངས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད། སྒྲོག་འགྲེལ་ཉན་རྗེས་ཏང་ཡོན་ལས་བྱེད་པས། ད་ཐེངས་ཀྱི་སྒྲོག་འགྲེལ་གོ་སྐབས་སུ་བྱས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ལ་སྔར་བས་དམ་འཛིན་ལྷོད་མེད་ཏན་ཏིག་བྱས་ཏེ། དེའི་ཁྲོད་ནས་བསམ་བློའི་སྟོབས་ཤུགས་ཆེན་པོ་ཚོར་བ་དང་། བདེན་དོན་གྱི་ཡིད་དབང་འཕྲོག་ཤུགས་ཚོར་བ། འབད་འཐབ་ཀྱི་སྒུལ་ཤུགས་འཕེལ་བ་བཅས་དངོས་འབྲེལ་བྱས་ནས་དུས་རབས་གསར་པའི་དམངས་སྲིད་བྱ་གཞག་གི་རྒྱང་སྐྱོད་ལམ་བུ་གསར་པར་སྐུལ་འདེད་མྱུར་པོ་གཏོང་བ་དང་། “དམངས་སྲིད་དམངས་ཆེད་དང་དམངས་སྲིད་དམངས་གཅེས”ཀྱི་ལས་དོན་གྱི་འདུ་ཤེས་ལག་ལེན་ཧུར་ཐག་བྱས་ནས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ཧུར་ཐག་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།