དབུ་ཤོག>ཆེད་སྒྲིག
  • ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་སྙན་སྒྲོན་སྙིང་བཏུས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-20

    “གཏན་འཁེལ་གཉིས”

    ★ བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གནས་བབ་གཏན་འཁེལ་བྱས་པ་དང་། 

    ★ ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱས་པ།

    འགོ་ཁྲིད་ལས་བྱེད་པས“མཐའ་འཁྱོངས་དྲུག་དང་ མིག་དཔེ་དྲུག”གི་ནུས་པ་འདོན་དགོས།

    ★ གཅིག་ནས་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པ་མཐའ་འཁྱོངས་ཀྱིས་ཀུན་གྱི་སྣེ་ཁྲིད་དེ“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པའི་མིག་དཔེ་འདོན་དགོས།

    ★ གཉིས་ནས་མང་ཚོགས་ཀྱི་ལམ་ཕྱོགས་མཐའ་འཁྱོངས་ཀྱིས་ཀུན་གྱི་སྣེ་ཁྲིད་དེ་དམངས་ལ་སྲིད་བརྩོན་གྱི་མིག་དཔེ་འདོན་དགོས། 

    ★ གསུམ་ནས་དམ་པ་དོན་གཉེར་མཐའ་འཁྱོངས་ཀྱིས་ཀུན་གྱི་སྣེ་ཁྲིད་དེ་འགན་འཁུར་ཕོད་པའི་མིག་དཔེ་འདོན་དགོས། 

    ★ བཞི་ནས་དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་ཀྱིས་ཀུན་གྱི་སྣེ་ཁྲིད་དེ་མཐུན་སྒྲིལ་ལས་སྒྲུབ་ཀྱི་མིག་དཔེ་འདོན་དགོས།

    ★ ལྔ་ནས་ཀུན་སྤྱོད་ལ་བརྟེན་ནས་རང་བཀུར་མཐའ་འཁྱོངས་ཀྱིས་ཀུན་གྱི་སྣེ་ཁྲིད་དེ་སྤྱོད་གཙང་གཞུང་དྲང་གི་མིག་དཔེ་འདོན་དགོས། 

    ★ དྲུག་ནས་ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་ཀྱིས་ཀུན་གྱི་སྣེ་ཁྲིད་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་མིག་དཔེ་འདོན་དགོས། 

    “སྤྱི་ཡོངས་གཉིས”

    ★ ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འཕོ་འགྱུར་ཆེན་པོ།

    དོན་ཆེན་བཞི།

    བརྟན་ལྷིང་དང་། གོང་འཕེལ། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི།

    “དུས་མཚམས་གཉིས”

    ★ དུས་མཚམས་དང་པོ་ནི། 2020ལོ་ནས་2035ལོ་བར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྨང་གཞིའི་ཐོག་སླར་ཡང་འབད་འཐབ་ལོ་བཅོ་ལྔ་བྱས་ནས་གཞི་རྩའི་ཆར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པ་དང་། 

    ★ དུས་མཚམས་གཉིས་པ་ནི། 2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་གཞི་རྩའི་ཆར་དེང་རབས་ཅན་མངོན་འགྱུར་བྱེད་པའི་རྨང་གཞིའི་ཐོག་སླར་ཡང་འབད་འཐབ་ལོ་བཅོ་ལྔ་བྱས་ཏེ་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་སྐྲུན་དགོས།

    “འགན་ལེན་བཞི”

    ★ རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་དང་། 

    ★ མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བའི་འགན་ལེན།

    ★ སྣོད་བཅུད་ཁོར་ཡུག་ལེགས་སུ་འགྲོ་བའི་འགན་ལེན། 

    ★ མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་ཀྱི་བདེ་འཇགས་འགན་ལེན།

    “འཛུགས་གཏོད་བཞི”

    ★ རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པར་ཤུགས་རྒྱག་རྒྱུ། 

    ★ ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་གོང་འཕེལ་གཏོང་བའི་སྔོན་སྤེལ་ཁུལ་གཏོད་པར་ཤུགས་རྒྱག་རྒྱུ།

    ★ རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་རྒྱག་རྒྱུ། 

    ★ རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལ་ཤུགས་རྒྱག་རྒྱུ། 

    “ཕན་འདོགས་པ་ལྔ”

    ★ ཏང་དང་རྒྱལ་ཁབ་ཀྱི་གསོན་ཤུགས་རྒྱུན་འཁྱོངས་ཐུབ་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་དང་སྤྱི་ཚོགས་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་བྱེད་པར་ཕན་འདོགས་པ་དང་།

    ★ སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་འདོགས་པ།

    ★ སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་དང་སྐུལ་འདེད་དང་། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་ཕན་འདོགས་པ།

    ★ སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་བསྒྲུབས་པ་དང་། མདུན་སྐྱོད་ལམ་བུའི་ཐོག་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་གཅོག་པར་ཕན་འདོགས་པ།

    ★ མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་། སྤྱི་ཚོགས་བརྟན་ལྷིང་། རྒྱལ་ཁབ་གཅིག་གྱུར་བཅས་ལ་ཕན་འདོགས་པ་བཅས་སོ།

    “བརྟན་པོར་འཛུགས་པ་གསུམ”

    ★ ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཕུགས་བསམ་དད་སེམས་བརྟན་པོར་འཛུགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་ནས་ལག་བསྟར་བྱེད་པ། ཀུན་སྤྱོད་མི་སྐྱོང་དང་སློབ་ཁྲིད་མི་སྐྱོང་གི་གཟི་བརྗིད་བསམ་པ་དང་འགན་འཁྲིའི་བསམ་པ་རང་རྟོགས་ངང་ཆེ་རུ་གཏོང་བའི་ཐོག་སློབ་མའི་དགེ་རྒན་དང་བྱ་སྤྱོད་ཀྱི་མིག་དཔེ་བྱས་ནས་སློབ་ཕྲུག་སྐྱོན་བྲལ་ངང་འཚར་ལོངས་ཡོང་བའི་མཛུབ་ཁྲིད་པ་དང་སྣེ་འདྲེན་པ་ཞིག་བྱེད་པ། 

    ★ ཚེ་གང་སློབ་སྦྱོང་བྱེད་པའི་བསམ་བློ་བརྟན་པོར་བཙུགས་ཏེ་སློབ་སྦྱོང་ལ་ཤུགས་སྣོན་དང་། མིག་རྒྱང་རིང་གཏོང་། ཤེས་བྱ་གསར་བརྗེས་བཅས་བྱེད་པ་མ་ཟད། ལས་སྒོའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་དང་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ལས་སྒོ་བྱང་ཆུབ་པ་དང་སློབ་ཕྲུག་གིས་དགའ་པོ་བྱེད་པའི་བྱང་ཚད་མཐོ་བའི་དགེ་རྒན་ཞིག་ཏུ་འགྱུར་བ་བྱེད་པ། 

    ★ སྒྱུར་བཅོས་དང་གསར་གཏོད་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་སློབ་གསོ་གསར་གཏོད་ཀྱི་ལག་ལེན་ནང་ཧུར་ཐག་ཞུགས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་འཛམ་གླིང་གི་ཆུ་ཚད་དུ་སླེབས་པའི་དེང་རབས་སློབ་གསོ་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་འབུལ་དགོས་པ་བཅས་སོ། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།