1930ལོ།
★ ཟླ་3པར། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྐུལ་འདེད་འོག ཀྲུང་གོའི་གཡོན་རུའི་རྩོམ་པ་པོའི་མནའ་འབྲེལ་ཧྲང་ཧའེ་རུ་བཙུགས་པ་རེད།
★ ཟླ་5པར། མའོ་ཙེ་ཏུང་གིས《ལས་དོན་བརྟག་དཔྱད》ཅེས་པ(རྗེས་སུ《དཔེ་དེབ་རིང་ལུགས་ལ་ངོ་རྒོལ་བྱེད》ཅེས་པར་བསྒྱུར་བ)བྲིས་ཏེ“བརྟག་དཔྱད་མ་བྱས་ན་སྐད་ཆ་ཤོད་དབང་མེད”ཅེས་པ་བཏོན་པ་རེད།
★ ཟླ་6པར། དམར་དམག་དཔུང་ཚོགས་དང་པོ་བཙུགས་ཏེ་ཀྲུའུ་ཏེ་སྤྱི་ཁྱབ་བཀོད་འདོམས་པར་བསྐོས་པ་དང་། མའོ་ཙེ་ཏུང་ཆབ་སྲིད་ཨུ་ཡོན་ལ་བསྐོས་པ་དང་སྦྲགས་འཐབ་ས་མདུན་མའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་གཅིག་ལྕོགས་ཁུར་བ་རེད། ཟླ་བ་དེར་དམར་དམག་དཔུང་ཚོགས་གསུམ་པ་བཙུགས་ཏེ་བེང་ཏེ་ཧའེ་སྤྱི་ཁྱབ་བཀོད་འདོམས་པར་བསྐོས་པ་དང་སྦྲགས་འཐབ་ས་མདུན་མའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་གཅིག་ལྕོགས་ཁུར་བ་དང་། ཐེང་ཏའེ་ཡོན་ཆབ་སྲིད་ཨུ་ཡོན་ལ་བསྐོས། ཟླ་7པར། དམར་དམག་དཔུང་ཚོགས་གཉིས་པ་བཙུགས་ནས་ཧོ་ལུང་སྤྱི་ཁྱབ་བཀོད་འདོམས་པར་བསྐོས་པ་དང་། ཀྲོའུ་དབྱི་ཆུན་གྱིས་ཆབ་སྲིད་ཨུ་ཡོན་དང་འཐབ་ས་མདུན་མའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་གཅིག་ལྕོགས་ཁུར་བ་རེད།
★ ཟླ་8ཚེས་23ཉིན། དམར་དམག་དཔུང་ཕྱོགས་དང་པོའི་དམག་སྡེ་བཙུགས་ཏེ་ཀྲུའུ་ཏེ་སྤྱི་ཁྱབ་སི་ལིང་ལ་བསྐོས་པ་དང་། མའོ་ཙེ་ཏུང་གིས་སྤྱི་ཁྱབ་འཐབ་ས་མདུན་མའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་སྤྱི་ཁྱབ་ཆབ་སྲིད་ཨུ་ཡོན་གྱི་འགན་གཅིག་ལྕོགས་ཁུར་བ་རེད།
1931ལོ།
★ ཟླ་1ཚེས་7ཉིན། ཀྲུང་གུང་གིས་རྒྱ་ཆེར་བཏང་བའི་སྐབས་དྲུག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཧྲང་ཧའེ་རུ་འཚོགས་ཤིང་། ཝང་མིང(ཁྲེང་ཧྲའོ་ཡུས)གིས་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་ཀྱི་དབང་ཆ་ངོ་མ་བཟུང་བ་རེད། ཝང་མིང་གིས་ཚབ་བྱས་པའི“གཡས་རུའི”ལུང་འཛིན་རིང་ལུགས་ཀྱི་ནོར་འཁྲུལ་གྱིས་ཏང་གི་འགོ་ཁྲིད་ལས་ཁུངས་ལ་དུས་ཡུན་ལོ་4དབང་བསྒྱུར་བྱས་པ་རེད།
★ ཟླ་9ཚེས་18ཉིན། རི་པིན་བཙན་རྒྱལ་རིང་ལུགས་ཀྱིས་དགུ་པའི་བཅོ་བརྒྱད་ཀྱི་དུས་འགྱུར་བསླངས་ནས་ཀྲུང་གོའི་བྱང་ཤར་ཧམ་བཟུང་ཆེན་པོ་བྱེད་འགོ་ཚུགས་པ་རེད།
★ ཟླ་11ཚེས་7ཉིན། དམར་དམག་དཔུང་ཕྱོགས་བཞི་པ་བཙུགས་ཏེ་ཞུས་ཞང་ཆན་སྤྱི་ཁྱབ་བཀོད་འདོམས་པར་བསྐོས་པ་དང་ཁྲེན་ཁྲང་ཧའོ་ཆབ་སྲིད་ཨུ་ཡོན་ལ་བསྐོས་པ་རེད།
★ ཟླ་11ཚེས་7ནས་20ཉིན་བར། ཀྲུང་ཧྭ་སུའུ་ཝེ་ཨེད་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་ཅང་ཤིས་རུའེ་ཅིན་དུ་འཚོགས་ཏེ། ཀྲུང་ཧྭ་སུའུ་ཝེ་ཨེད་སྤྱི་མཐུན་རྒྱལ་ཁབ་ཀྱི་གནས་སྐབས་ཀྲུང་དབྱང་སྲིད་གཞུང་བཙུགས་པའི་ཁྱབ་བསྒྲགས་བྱས་པ་རེད།
★ ཟླ་11པར། གསར་བརྗེའི་ཀྲུང་ཧྭ་གསར་འགྱུར་ཁང་བཙུགས་པ་དང་། 1937ལོའི་ཟླ་1པོར་ཤིན་ཧྭ་གསར་འགྱུར་ཁང་ལ་མིང་བསྒྱུར་བ་རེད།
★ ཟླ་12པར་ཀྲུང་ཧྭ་སུའུ་ཝེ་ཨེད་སྤྱི་མཐུན་རྒྱལ་ཁབ་ཀྱི་གནས་སྐབས་ཀྲུང་དབྱང་སྲིད་གཞུང་གི་ཚགས་པར《གསར་བརྗེའི་ཀྲུང་ཧྭ》བཏོན་པ་རེད།
1932ལོ།
★ ཟླ་12པར་ལིའུ་ཀྲི་ཏན་དང་། ཞེ་ཙི་ཁྲང་། ཞི་ཀྲུང་ཞུན་སོགས་ཀྱིས་འགོ་ཁྲིད་གནང་བའི་ཧྲའན་ཀན་ངེས་མེད་རྒོལ་རྡུང་རུ་ཁག་དམར་དམག་ལ་བསྐྱར་སྒྲིག་བྱས་པ་རེད།
★ ལོ་མཇུག་ནས་སང་ལོའི་ཟླ་3པ་བར། ཀྲོའུ་ཨེན་ལའེ་དང་ཀྲུའུ་ཏེའི་བཀོད་འདོམས་འོག ཀྲུང་དབྱང་གསར་བརྗེའི་རྟེན་གཞིས“སྐོར་བཅོམ”རྒོལ་ཐེངས་བཞི་པར་རྒྱལ་ཁ་ཐོབ་པ་རེད།
1933ལོ།
★ ཟླ་1པོ་ནས་2པ་བར། དམར་དམག་དཔུང་ཕྱོགས་བཞི་པའི་གཙོ་ཤུགས་ཀྱིས་སི་ཁྲོན་ཐུང(ཅང)དང་། ནན(ཅང) པ(ཀྲུང)བཅས་ལྟེ་བར་བྱས་པའི་ཁྲོན་ཧྲའན་གསར་བརྗེའི་རྟེན་གཞི་བཏོད་པ་རེད། དེ་གོང་། དམར་དམག་དཔུང་ཕྱོགས་བཞི་པའི་གཙོ་ཤུགས་1932ལོའི་ཟླ་10པར་ཧོ་པེ་དང་། ཧོ་ནན། ཨན་ཧུའེ་བཅས་ཀྱི་གསར་བརྗེའི་རྟེན་གཞི་ནས་བྲལ་བ་རེད།
★ ཟླ་5ཚེས་8ཉིན། ཀྲུང་གོ་བཟོ་ཞིང་དམག་སྤྱི་ཁྱབ་སི་ལིང་པུའུ་བཙུགས་ནས་ཀྲུའུ་ཏེ་ཀྲུང་གོ་བཟོ་ཞིང་དམར་དམག་གི་སྤྱི་ཁྱབ་སི་ལིང་ལ་བསྐོས་པ་དང་ཀྲོའུ་ཨེན་ལའེ་སྤྱི་ཁྱབ་ཆབ་སྲིད་ཨུ་ཡོན་ལ་བསྐོས་པ་རེད།
★ ཟླ་9པར། ཅང་ཅེ་ཧྲིས་དམག་ཤུགས་ཁྲི་100སྐོང་འཐེན་བྱས་ཏེ། གསར་བརྗེའི་རྟེན་གཞིར“སྐོར་བཅོམ”ཐེངས་ལྔ་པ་བྱས་པ་དང་། དེའི་ནང་ནས་དམག་ཤུགས་ཁྲི་50ཀྲུང་དབྱང་གསར་བརྗེའི་རྟེན་གཞིར་ཕར་རྒོལ་བྱེད་པར་སྤྱད་པ་རེད།
1934ལོ།
★ ཟླ་8ཚེས་7ཉིན། དམར་དམག་དཔུང་ཚོགས་6པ་ཧོ་ནན་དང་ཅང་ཤིས་གསར་བརྗེའི་རྟེན་གཞི་ནས་དཔུང་གཤག་ནུབ་སྐྱོད་བྱས་པ་རེད། ཟླ་10པར་དམར་དམག་དམག་སྡེ་གསུམ་པ་དང་མཉམ་འཛོམས་བྱས། དམར་དམག་དམག་སྡེ་གསུམ་པས་དམར་དམག་དཔུང་ཚོགས་གཉིས་པའི་དམག་དཔུང་གི་ཨང་རྟགས་སླར་གསོ་བྱས་ནས། ཧོ་ལུང་དམག་སྡེའི་ཐོན་ཀྲང་ལ་བསྐོས་པ་དང་། རེན་པི་ཧྲི་ཆབ་སྲིད་ཨུ་ཡོན་ལ་བསྐོས་པ་རེད། དེ་རྗེས། ཅང་ཤིས་དང་། ཧོ་ནན། སི་ཁྲོན། ཀུའེ་ཀྲོའུ་བཅས་ཀྱི་གསར་བརྗེའི་རྟེན་གཞི་རིམ་བཞིན་བཙུགས་པ་རེད།
★ ཟླ་10པའི་ཟླ་དཀྱིལ་དུ། ཀྲུང་གུང་ཀྲུང་དབྱང་དང་ཀྲུང་དབྱང་གསར་བརྗེའི་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་དམར་དམག་གཙོ་ཤུགས་སོགས་ཀྱི་སྣེ་ཁྲིད་དེ་འཐབ་ཇུས་སྤོ་སྒྱུར་བྱས་ནས་རྒྱང་སྐྱོད་བྱེད་འགོ་ཚུགས།
★ ཟླ་10པའི་ཟླ་སྨད་ནས་ཟླ་12པའི་ཟླ་སྟོད་བར། ཀྲུང་དབྱང་དམར་དམག་གིས་གོ་མིན་ཏང་དམག་གི་བཀག་སྡོམ་ལམ་གསུམ་ལས་བསྒྲལ་ནས་བཀག་སྡོམ་ལམ་བཞི་པ་སྒྲོལ་སྐབས་ཀྱི་ཤང་ཅང་དམག་འཁྲུག་ལ་གྱོང་གུན་ཆེན་པོ་ཕོག ཤང་ཅང་ཆུ་བོ་བསྒྲལ་རྗེས། ཀྲུང་དབྱང་དམར་དམག་རྒྱང་སྐྱོད་བྱེད་སྐབས་ཀྱི་མི་ཁྲི་8.6ལྷག་ཙམ་ནས་མི་ཁྲི་3ལྷག་ཙམ་བར་ཉུང་དུ་ཕྱིན་ཡོད།
★ ཟླ་12ཚེས་18ཉིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀུའེ་ཀྲོའུ་ལི་ཕིང་དུ་ཚོགས་འདུ་འཚོགས་ནས་མའོ་ཙེ་ཏུང་གི་གྲོས་འགོ་གཞིར་བཟུང་། གྲོས་ཆོད་ལ་གྲོས་འཆམ་བྱུང་ནས་ཤང་ཅང་ནུབ་བྱང་དུ་བསྐྱོད་དེ་དམར་དམག་དཔུང་ཚོགས་གཉིས་པ་དྲུག་པ་དང་མཉམ་འཛོམས་བྱེད་རྒྱུའི་འཆར་གཞི་དོར་ཏེ། ཀུའེ་ཀྲོའུ་བྱང་རྒྱུད་དུ་དཔུང་སྐྱོད་བྱེད་པར་བསྒྱུར་བ་རེད།