དབུ་ཤོག>ཆེད་སྒྲིག
  • དབང་ཧའེ་ཀྲོའུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་སྒྲོག་འགྲེལ་སྐུལ་སློང་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-09

    ཉེ་ཆར་རང་ལྗོངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་སྒྲོག་འགྲེལ་སྐུལ་སློང་ཚོགས་འདུ་ལྷ་སར་འཚོགས་ཏེ། རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པ་ས་ཁུལ་དང་སྡེ་ཚན་ཁག་ཏུ་བསྐྱོད་ནས་གཅིག་སྡུད་སྒྲོག་འགྲེལ་ལས་དོན་སྤེལ་བར་ཕྱོགས་ཡོངས་ནས་སྐུལ་སློང་དང་བཀོད་སྒྲིག་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། དྲིལ་བསྒྲགས་པུའི་པུའུ་ཀྲང་། རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་དབང་ཧའེ་ཀྲོའུ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    དབང་ཧའེ་ཀྲོའུ་ཡིས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་དགོས་ཤིང་། སྤྱི་འདོམས་འཆར་འགོད་ཡག་པོ་བྱེད་པ་དང་། ཟུང་འབྲེལ་གྱི་ལས་དོན་ཡག་པོ་སྒྲུབ་པ། གོ་བདེ་ཤེས་སླ་ཡོང་བ། དོན་ཟབ་གོ་བདེ་ཡོང་བ་བཅས་བྱས་ནས། སྒྲོག་འགྲེལ་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་། སྒྲོག་འགྲེལ་གྱི་གཙོ་གནད་ཁོང་དུ་ཆུད་པར་བྱེད་དགོས་ཤིང་། སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་དོན་དངོས་དང་ཟུང་འབྲེལ་དང་འགག་རྩར་དམ་འཛིན་བྱས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་གནད་ལ་འཁེལ་པོ་དང་གསལ་པོ་ཤོད་དགོས། ལས་ཀའི་བླང་བྱ་ཁ་གསལ་བཟོ་དགོས་ཤིང་། བྱེད་ཐབས་དང་བྱེད་སྟངས་གསར་གཏོད་བྱེད་པ་དང་། སྒྲོག་འགྲེལ་བྱེད་རྒྱ་ཆེ་རུ་གཏོང་བ། བསམ་བློའི་ཁྲིད་སྟོན་དང་རིགས་པའི་གཞུང་ལུགས་གསལ་འགྲེལ་ལ་ཤུགས་སྣོན་རྒྱག་པ། རིགས་དབྱེ་རྒྱུར་སྣང་ཆེན་བྱེད་པ། སྒྲོག་འགྲེལ་ལས་འགན་ཆུ་ཚད་དང་སྤུས་ཚད་མཐོ་པོའི་སྒོ་ནས་ལེགས་སྒྲུབ་ཡག་པོ་བྱེད་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དཔའ་ངར་ཆེར་སྐྱེད་ཀྱིས་འབད་འཐབ་དང་འབྱུང་འགྱུར་གསར་གཏོད་བྱེད་པའི་བསམ་པའི་སྒུལ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་ཆེད་ཁོར་ཡུག་བཟང་པོ་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།