དབུ་ཤོག>ཆེད་སྒྲིག
  • གཞན་གྱི་སྔོན་ལ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་ནས་མིག་དཔེ་འདོན་རྒྱུ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-01

    རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི་དང་། ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཅུས་ཀྲང་བཅས་ཡིན་པའི་སྐལ་བཟང་བག་གྲོས་གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པའི་འཐབ་ཇུས་དམིགས་ཚད་འདིར་དམ་པོར་དམིགས་ཏེ“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི”ཡི་འདུ་ཤེས་བརྟན་པོར་བཙུགས་ནས་དེ་བས་མཐོ་བའི་ཆབ་སྲིད་ཀྱི་ཚད་གཞི་དང་། དེ་བས་ནན་པའི་ཏང་གཤིས་ཀྱི་བླང་བྱ། དེ་བས་དམ་པའི་རྩ་འཛུགས་ཀྱི་སྒྲིག་ཁྲིམས་བཅས་ལ་བརྟེན་ནས་འཐབ་ཇུས་ཀྱི་ངེས་གནས་རྒྱུན་འཁྱོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་ཞུ་དང་དེའི་ནང་མཉམ་འདྲེས་ཡོང་བ་བཅས་བྱས་ཏེ“སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་འཛུགས་རྒྱུ”ལས་འགན་དང“སྲུང་སྐྱོང་དང་གསར་སྤེལ་ཕན་ཚུན་དོ་སྙོམས་ཡོང་བ”དམིགས་ཚད། “ས་མཐོའི་ལེགས་ལྡན་ཐོན་ལས”ཁྱད་ལྡན། “དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ”དམིགས་ཡུལ། “མི་རིགས་ཀྱི་ཁྱད་ལྡན་སྣོད་བཅུད་རིག་གནས”གཙོ་གནད།“སྐྱེ་ཁམས་ཤེས་དཔལ་གྱི་ཀ་བཞི་གདུང་བརྒྱད”གཙོ་བོ་བཅས་སུ་བྱས་པའི“བྱ་སྤྱོད་ཆེན་པོ་དྲུག”གཏིང་ཟབ་སྤེལ་བ་དང་། གནམ་སྔོན་དང་། ཆུ་དྭངས། ས་གཙང་བཅས་སྲུང་སྐྱོང་དང་། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱག་བཅས་ཀྱི་མ་ལག་ཉམས་གསོ། ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྱོང་སོགས“ལས་གྲྭ་ཆེན་པོ་བརྒྱད”སྤྱི་འདོམས་ལག་བསྟར་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་རྒྱུན་མཐུད་ངང་བརྟན་པོ་འཛུགས་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྱོང་ཧུར་ཐག་བཅས་བྱས་ཏེ། ལྷ་སས་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པའི་མདུན་གྲལ་དུ་སྐྱོད་པ་དང་མིག་དཔེ་འདོན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།