དབུ་ཤོག>ཆེད་སྒྲིག
  • ཁྱད་ལྡན་ཐོན་ལས་ཡག་པོ་གཉེར་ནས་ཡུལ་མི་སྤུན་ཟླའི་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་ཀྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-01

    ཞིང་པ་དཀྱུས་མ་ཞིག་ནས་གྲུབ་འབྲས་ཐོབ་པའི་ཁེ་ལས་མཁས་ཅན་བར་དང་། གླ་པ་ནས་ལས་གཏོད་འཇོན་ཐང་ཅན་བར་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་འབོད་ཐོས་ཤང་འབོད་ཐོས་གྲོང་ཚོའི་རྒྱགས་ལོད་ཀྱིས་རང་ཉིད་ཀྱི་དཀའ་སྤྱད་ལག་ཟུང་ལ་བརྟེན་ནས་ངོ་མཚར་ཆེ་བའི་མི་ཚེའི་རིན་ཐང་མངོན་པར་བྱས་ཡོད།

    ལས་གཏོད་མ་བྱས་གོང་། རྒྱགས་ལོད་ཀྱིས་སྦག་སྦག་ཉམས་བཟོ་བ་དང་ལས་ཡུལ་གྱི་རྒྱུ་ཆ་དབོར་མཁན་སོགས་བྱེད་མྱོང་ཞིང་། 2014ལོར་རྒྱགས་ལོད་ཀྱིས་ལས་གཏོད་ཀྱི་ཕུགས་འདུན་བཅངས་ཏེ་ཕ་ཡུལ་དུ་ལོག རང་ཉིད་ཀྱིས་རྒྱུན་དུ་ཕྱིར་གླ་པ་རྒྱུག་པའི་ཉམས་མྱོང་དང་ཁྲོམ་རར་བརྟག་དཔྱད་གང་ལེགས་བྱས་པ་ཟུང་འབྲེལ་བྱས་ཏེ། རྒྱགས་ལོད་ཀྱིས་ཞིང་འབྲོག་པའི་མཉམ་ལས་ཁང་ཞིག་གཉེར་རྒྱུའི་ཐག་བཅད། 2014ལོར། ཟངས་རི་རྫོང་དར་རྒྱས་འདེབས་འཛུགས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དངོས་སུ་བཙུགས།

    མཉམ་ལས་ཁང་བཙུགས་མ་ཐག་པའི་སྐབས་སུ། འཕྲུལ་ཆས་བོགས་གཏོང་དང་ཨར་འདམ་སོ་ཕག་ལས་སྣོན་གྱི་ལས་ཀ་ལས་མེད་པའི་ཁར་བཟོ་པའི་ལག་རྩལ་ཆུ་ཚད་མཐོ་པོ་མེད་པས་ཨར་འདམ་སོ་ཕག་གི་སྤུས་ཀ་ཞན་པར་བརྟེན་མ་བྲིན་པར་ལུས་ཀྱི་ཡོད། ཐོན་རྫས་ཀྱི་སྤུས་ཀ་ལེཌ་སུ་གཏོང་ཆེད། རྒྱགས་ལོད་ཀྱིས་ཉིན་ལྟར་ལག་རྩལ་ཡག་པའི་བཟོ་པ་འཚོལ་གྱི་ཡོད་ཅིང་། ལག་རྩལ་ཡག་པའི་བཟོ་པ་རྙེད་ཕྱིན་མཉམ་ལས་ཁང་དུ་ཚང་མར་གསོ་སྦྱོང་བྱེད་པར་གདན་དྲངས་ཀྱི་ཡོད། 

    ད་ཆ། མཉམ་ལས་ཁང་གི་གཉེར་སྐྱོང་རྣམ་གྲངས་ལ་ཨར་ལས་དང་། གསོ་ཚགས་ལས་རིགས། ཨར་འདམ་སོ་ཕག་ལས་སྣོན། འཕྲུལ་ཆས་བོགས་གཏོང་སོགས་ཡོད། མིག་སྔའི་བར། རིམ་རྩིས་བྱས་ན་མང་ཚོགས་དབུལ་པོ་8ཡུན་རིང་ལས་ཞུགས་བརྟན་པོ་ཐུབ་པའི་སྐུལ་ཁྲིད་བྱས་པར་ལོ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་4.5ཟིན་གྱི་ཡོད་པ་དང་། མཐའ་འཁོར་གྱི་མང་ཚོགས་མི་ཐེངས་6000ལྷག་ཙམ་ལ་ལས་ཀ་བསྐུལ་བར་རིམ་རྩིས་བྱས་ན་ཡོང་འབབ་སྒོར་ཁྲི་200ལྷག་ཙམ་བྱུང་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།