དབུ་ཤོག>ཆེད་སྒྲིག
  • ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བཅས་ཡག་པོ་བྱེད་ཀྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-30

    “འཆར་གཞི་བཏིང་ཟིན་པས་འབད་འཐབ་བྱེད་པའི་དུས་ལ་བབས་ཡོད། བློ་མཐུན་ཝང་ཅུན་ཀྲེང་གིས་གནང་བའི་སྙན་སྒྲོན་ནང་། འདས་ཟིན་པའི་ལོ་ལྔའི་རིང་གི་ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་གྲུབ་འབྲས་ལ་ཕྱོགས་སྡོམ་བྱས་པ་དེ་དངོས་ཐོག་བདེན་འཚོལ་དང་ལུགས་དང་མཐུན་ཞིང་ཆ་ཚང་བ་ཞིག་ཡོད་ལ། མི་འདང་བའི་ཆར་དབྱེ་ཞིབ་བྱས་པ་གནད་ལ་འཁེལ་ཞིང་གཏིང་ཟབ་ལ་ཞིབ་ཕྲ་བ་དང་། སླད་ཕྱིན་ལོ་ལྔའི་འཕེལ་རྒྱས་ཀྱི་འཆར་གཞིའི་དམིགས་ཚད་ཁ་གསལ་ལ་བྱེད་ཐབས་ནུས་ལྡན་བཏོན་ཡོད་པས། ང་ཚོས་གོམ་སྟབས་རྗེས་མའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་གནང་ཡོད” རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ཚོགས་རིང་གསར་འགོད་པས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི་དང་ཆབ་མདོ་གྲོང་ཁྱེར་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་བསྟར་ཅུས་གྲོང་ཁྱེར་འཛུགས་སྐྲུན་སྒྲིག་བཀོད་དོ་དམ་སྲུང་སྐྱོང་ཁང་གི་ལས་དོན་མི་སྣ་མགོན་པོ་དོན་གྲུབ་འཕྲད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ནང་ཞུགས་པའི་ཁོང་སེམས་འགུལ་ཆེན་པོ་ཐེབས་བཞིན་ཡོད་ལ་ཕྲག་སྟེང་གི་འགན་འཁྲི་ལྕི་པོའང་གསལ་པོ་རྟོགས་ཀྱི་ཡོད།

    མགོན་པོ་དོན་གྲུབ་ཀྱིས“གྲོང་ཁྱེར་དོ་དམ་སྡེ་ཚན་གྱི་འཐུས་མི་ཞིག་ཡིན་པའི་ངས་ཕྱིར་ལོག་རྗེས་ཐེངས་འདིའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཡག་པོ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་ཀྱིས‘མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་དོ་དམ་དང་མི་དམངས་ཀྱི་ཆེད་དུ་གྲོང་ཁྱེར་དོ་དམ་ཡག་པོ་བྱེད་པའི’ལག་ལེན་ནང་སྔར་བས་ཧུར་ཐག་ཞུགས་ནས་ཆབ་མདོ་འདི་ཉིད་ཤེས་དཔལ་གྲོང་ཁྱེར་དུ་བསྐྲུན་པ་དང་། གྲོང་ཁྱེར་གྱི་སྤུས་ཚད་ལེགས་སུ་གཏོང་བ། གྲོང་ཁྱེར་གྱི་བྱེད་ནུས་ཆེ་རུ་གཏོང་བ་སོགས་ཀྱི་ལས་དོན་མུ་མཐུད་དམ་འཛིན་བྱ་གཞིར་བརྩིས་ཏེ། གྲོང་ཁྱེར་འཛུགས་སྐྲུན་དང་སྒྲིག་བཀོད་འཛུགས་སྐྲུན་གྱི་སྤུས་ཚད་ཀྱི་འགག་སྒོ་ཡག་པོ་སྲུང་བ་དང་། གྲོང་ཁྱེར་འཛུགས་སྐྲུན་དང་སྒྲིག་བཀོད་དོ་དམ་གྱི་དྲིལ་བསྒྲགས་ཆུ་ཚད་མཐོ་རུ་གཏོང་བ། གྲོང་ཁྱེར་འཛུགས་སྐྲུན་དང་སྒྲིག་བཀོད་ཁྲིམས་བསྟར་དང་ཚུལ་མིན་བྱ་སྤྱོད་དམར་འདོན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་པ་དང་། རྒྱ་ཆེའི་གྲོང་མི་ཧུར་ཐག་ཞུགས་རྒྱུར་འབོད་སྐུལ་བྱས་ནས། ཐུན་མོང་ཐོག་གྲོང་ཁྱེར་འཛུགས་སྐྲུན་གྱི་སྒྲིག་བཀོད་བདེ་འཇགས་ངང་འཁོར་སྐྱོད་དང་དོ་དམ་སྲུང་སྐྱོང་ཡག་པོ་བྱས་ཏེ་ང་ཚོའི་གྲོང་ཁྱེར་སྔར་བས་ཞི་མཐུན་དང་སྔར་བས་སྡོད་མལ་ལ་འཚམ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།