དབུ་ཤོག>ཆེད་སྒྲིག
  • ཏང་གི་བཀའ་དྲིན་དྲན། བདེ་སྐྱིད་འཚོ་བར་རོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-30

    ཟླ་11ཚེས་27ཉིན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བརྙན་འཕྲིན་དང་དྲ་རྒྱ་སོགས་བརྒྱུད་ཚོགས་ཆེན་གྱི་གནས་ཚུལ་གཟབ་རྒྱས་ལྟ་ཉན་བྱས་པས། ཚང་མར་འདས་ཟིན་པའི་ལོ་ལྔའི་རིང་ཐོབ་པའི་གྲུབ་འབྲས་ལ་མྱོང་ཚོར་ཟབ་མོ་བྱུང་བ་དང་འབྱུང་འགྱུར་འཕེལ་རྒྱས་ལ་དེ་བས་རེ་སྒུག་ཆེན་པོ་བྱེད་ཅིང་། གཅིག་རྗེས་གཉིས་མཐུད་ངང་ཏང་གི་འཐུས་མི་ཚོགས་ཆེན་ལ་ཆ་ལན་བསྐུར་ཏེ་བསམ་འདུན་ཟབ་མོ་དང་མཛེས་སྡུག་ལྡན་པའི་སྨོན་འདུན་མཚོན་པར་བྱས་པ་རེད།

    “2020ལོའི་ཟླ་6པར་ངས་རང་ཁྱིམ་ཁྱིམ་ཚང་མགྲོན་ཁང་དུ་སྒྱུར་བཀོད་བྱས་པས། ད་བར་ཡོང་འབབ་སྒོར་ཁྲི་2རག་བྱུང”ཞེས་ལྷོ་ཁ་གྲོང་ཁྱེར་གྱི“ལྷ་མོའི་གྲོང་ཚོ་དང་པོར”གྲགས་པའི་སྣེ་གདོང་རྫོང་ཁྲ་འབྲུག་གྲོང་རྡལ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་གྲོང་མི་ཟླ་བས་བཤད། ཁོང་དང་གྲོང་མི་གཞན་དག་ཚོས་ཁྱིམ་ཚང་མགྲོན་ཁང་འཕེལ་རྒྱས་བཏང་བ་བརྒྱུད་དབུལ་སྒྲོལ་ཕྱུག་འགྱུར་བྱུང་བ་རེད། བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་ཟླ་བ་དང་འདྲ་བའི་ཁྱིམ་ཚང་མགྲོན་ཁང་གཉེར་ནས་འབབ་འཕར་ཕྱུག་འགྱུར་བྱུང་བའི་གྲོང་མི་མང་པོ་ཡོད་ཅིང་། ཁྱིམ་ཚང་མགྲོན་ཁང་གཉེར་མེད་པའི་གྲོང་མིས་ཀྱང་ཁྱིམ་གྱི་སྒོ་ཁར་ལས་ཀ་བཙལ་ཏེ་རང་ས་རང་ཡུལ་ནས་མི་བྲལ་བར་ཐག་ཉེ་སར་ལས་ཞུགས་ཐུབ་པ་དང་། དུས་བབ་མདུན་སྐྱོད་བྱ་རྒྱུ་དེ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་དབུལ་སྒྲོལ་བྱེད་པའི་འགག་རྩར་གྱུར་ཡོད།

    མིག་སྔའི་བར་སྡེ་ཁུལ་དེའི་ཁྱིམ་ཚང་མགྲོན་ཁང་དུ་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་གྲངས་6230ལྷག་ཙམ་ཟིན་ནས་གྲོང་ཚོའི་མཉམ་སྡེབ་ཀྱི་ཡོང་འབབ་སྒོར་ཁྲི་10.5ཟིན་པ་དང་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་31.1ལྷག་ཙམ་བྱུང་བ་རེད།

    “རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་རྒྱལ་ཁའི་ངང་འཚོགས་ཏེ་མི་སེམས་ལ་སྐུལ་མ་ཐེབས་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱ་རྒྱུར་སྐུལ་མ་ཐེབས་ཤིང་། ང་ཚོས་དེ་བས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བར་རོལ་རྒྱུ་ཡིན”ཞེས་ཟླ་བས་དགའ་ཚོར་ཆེན་པོས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།