རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་བོད་ཤར་གཅེས་ནོར་ཨ་རག་ལས་རིགས་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའི་ཧྲུའུ་ཅི་ཆོས་མཚོས་བློ་མཐུན་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་གནང་བའི་སྙན་སྒྲོན་གྱི་བརྗོད་དོན་གཙོ་བོ་ཁ་གསལ་བ་དང་། དགོངས་པ་གཏིང་ཟབ་པ། གཟིཌ་རྒྱང་རིང་བ། ནང་དོན་ཕུན་སུམ་ཚོགས་པ་བཅས་ལས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ཁ་ཕྱོགས་གསལ་སྟོན་དང་འཆར་འགོད་ཀྱང་གནང་བས། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱི་འཕེལ་རྒྱས་ལ་རིགས་པའི་གཞུང་ལུགས་རང་བཞིན་དང་། མཛུབ་ཁྲིད་རང་བཞིན། མ་འོངས་སྔོན་མཐོང་རང་བཞིན་བཅས་ཆེན་པོ་ལྡན་འདུག་པས། སྙན་སྒྲོན་ཉན་རྗེས་སེམས་འགུལ་ཚད་མེད་ཐེབས་བྱུང་ལ་ལྕག་སྐུལ་ཟབ་མོའང་ཐེབས་བྱུང་ཞེས་གསུངས་པ་རེད།
ཆོས་མཚོས་གོམ་སྟབས་རྗེས་མར་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་ནུས་པ་ཐོག་མཐའ་བར་གསུམ་དུ་འདོན་སྤེལ་ཡག་པོ་བྱས་ནས་ཁེ་ལས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་རྒྱུ་ཡིན། རང་ཉིད་ལ་ཐོག་མཐའ་བར་གསུམ་དུ་ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོ་བཏོན་ནས“བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེཌ་ཞུ་བའི”དམིགས་ཡུལ་གྱི་ཐོག་ནས་ལས་དོན་ཁག་ཡག་པོ་བསྒྲུབ་པ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཏང་རྩ་འཛུགས་ཀྱི་དཔེ་སྟོན་དང་། སྣེ་ཁྲིད། ཁྱབ་འགྱེད་བཅས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། ཐོན་ལས་ཅན་གྱི་འཕེལ་རྒྱས་གཙོ་ཁྲིད་དུ་བྱས་ནས་ཞིང་འབྲོག་པའི་ནང་སྐྱེས་ཀྱི་འཕེལ་རྒྱས་སྒུལ་ཤུགས་ཆེ་རུ་གཏོང་བ་དང་མང་ཚོགས་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱེད་པ་དང་ཁེ་ལས་དང་སྤྱི་ཚོགས་ཀྱི་འགན་འཁྲི་སྔར་བས་ལག་བསྟར་ཡག་པོ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།