དབུ་ཤོག>ཆེད་སྒྲིག
  • ཐོག་མའི་བསམ་འདུན་བརྟན་པོར་བསྲུངས་ནས་འབད་འཐབ་ལྷོད་མེད་བྱ་རྒྱུ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2021-11-29

    མིག་དམར་ཚེ་རིང་ནི་ཀྲུང་གུང་ཏང་ཡོན་ཡིན་པ་དང་། ད་ཆ་ཆུ་ཤུར་རྫོང་གནམ་ཤང་སློབ་ཆུང་གི་ཏང་ཀྲི་པུའི་ཧྲུའུ་ཅི་དང་སློབ་སྤྱི་གཅིག་ལྕོགས་རེད། དགེ་རྒན་བྱས་ནས་ལོ་20ལྷག་ཙམ་ཕྱིན་པའི་ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་སློབ་ཁྲིད་ཀྱི་འཐབ་ས་མདུན་མར་འབད་འཐབ་བྱས་ཏེ་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་དགེ་རྒན་ན་གཞོན་ཚོ་འཚར་ལོངས་ཡོང་བར་རོགས་རམ་དང་སློབ་ཕྲུག་ཚོ་ཤེས་ལྡན་པར་འགྱུར་བར་མིག་དཔེ་སྟོན་གནང་གི་ཡོད་པ་རེད།

    1997ལོར་སློབ་མཐར་ཕྱིན་པའི་མིག་དམར་ཚེ་རིང་ཆུ་ཤུར་རྫོང་མཉེས་ཐང་ལྟེ་བའི་སློབ་ཆུང་དུ་ལས་བགོས་བྱས་པ་དང་། 2003ལོར་གནམ་ཤང་སློབ་ཆུང་གི་སློབ་སྤྱི་གཞོན་པར་བསྐོས། 2014ལོའི་ཟླ་ལྔ་པ་ནས་ད་བར་གནམ་ཤང་སློབ་ཆུང་གི་ཏང་ཀྲི་པུའི་ཧྲུའུ་ཅི་གནང་། “ངས་ད་ཆ་སློབ་གྲྭའི་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་ལས་འགན་འཁུར་གྱི་ཡོད། ལས་འགན་ཅུང་ལྕི་ཡང་སྔར་བཞིན་སློབ་གསོའི་བྱ་གཞག་ཡིན”ཞེས་མིག་དམར་ཚེ་རིང་གིས་གསུངས་པ་རེད།

    ལོ་ལྔའི་རིང་། མིག་དམར་ཚེ་རིང་གི་སྣེ་ཁྲིད་འོག གནམ་ཤང་སློབ་ཆུང་གི་ཏང་ཀྲི་པུའུ་བསྟུད་མར་ལོ་གཉིས་ལ“སྔོན་ཐོན་གཞི་རིམ་ཏང་རྩ་འཛུཌ”ལ་བདམས་པ་དང་། 2019ལོར། གནམ་ཤང་སློབ་ཆུང་ལ་ཆུ་ཤུར་རྫོང་གི་སློབ་གསོའི་ཁོངས་གཏོགས་ཀྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་དགེ་རྒན་གྱི་རིག་རྩལ་འགྲན་བསྡུར་ཁྲོད“ཕུལ་བྱུང་རྩ་འཛུགས་བྱ་དགའ”ཐོབ། 2019ལོར། མིག་དམར་ཚེ་རིང་ལ“བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དགེ་རྒན་བྱས་ནས་ལོ་ངོ་20ཕྱིན་པའི་གཟི་བརྗིད་མཚན་སྙན”ཡང་ཐོབ་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།