དབུ་ཤོག>ཆེད་སྒྲིག
  • ཀུན་སྤྱོད་ལ་བརྟེན་ནས་མི་བསྐྱངས་ཏེ་དུས་རབས་ཀྱི་མི་གསར་གསོ་སྐྱོང་བྱ་རྒྱུ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-29

    རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དཀྱིལ་ཐང་གྲོང་རྡལ་སློབ་ཆུང་གི་མཐོ་རིམ་དགེ་རྒན་སྒྲོལ་མ་ལྷ་མཚོས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འགོ་ཚུགས་མཛད་སྒོར་ཞུགས་རྗེས“དེ་རིང་སྔ་དྲོ་བློ་མཐུན་ཝང་ཅུན་ཀྲེང་གིས་གནང་བའི་སྙན་སྒྲོན་ནན་ཏན་ངང་ཉན་རྗེས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། སྙན་སྒྲོན་གྱི་དགོངས་པ་ཁ་གསལ་བ་དང་། དམིཌ་ཚད་ཁ་གསལ་བ། གཟིགས་རྒྱང་རིང་བ། ཁྱོན་ཡོངས་ལ་གཅིག་འདོམས་བྱེད་པ། དངོས་ཐོག་བདེན་འཚོལ་བཅས་ལས་འདས་ཟིན་པའི་ལོ་ལྔའི་རིང་ལྗོངས་ཡོངས་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་ཆེན་པོར་ཕྱོགས་བསྡོམས་བྱས་པ་དང་། མིག་སྔའི་ལོ་རྒྱུས་ཀྱི་ཁ་ཕྱོགས་གནད་ལ་འཁེལ་བ་དང་ཆ་ཚང་བའི་སྒོ་ནས་ཁོང་དུ་ཆུད་པ། སླད་ཕྱིན་ལོ་ལྔའི་བརྗིད་ཆེའི་འཆར་གཞི་གསོན་ཉམས་ལྡན་པའི་སྒོ་ནས་བཀོད་ཡོད་པས་ངས་རྦད་དེ་མོས་མཐུན་དང་བརྩི་སྲུང་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན”ཞེས་གསུངས་པ་རེད།

    སྒྲོལ་མ་ལྷ་མཚོས“དུས་རབས་གསར་པའི་མི་དམངས་ཀྱི་དགེ་རྒན་དང་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་སློབ་གསོའི་ལས་དོན་པ་ཞིག་ཡིན་པའི་ངས་སླད་ཕྱིན་གྱི་སློབ་གསོ་སློབ་ཁྲིད་ལས་དོན་ཁྲོད་སྙན་སྒྲོན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ཡག་པོ་ལེན་པ་དང་། ལག་བསྟར་དོན་འཁྱོལ་ཡག་པོ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་རྩ་བའི་ལས་འགན་ལ་དམ་འཛིན་ཡག་པོ་། སློབ་ཚན་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག དཔེ་ཁྲིད་མི་སྐྱོང་གི་འགན་འཁྲི་དང་ལས་འགན་དོན་འཁྱོལ་ཡག་པོ། སློབ་མའི་ལྟེ་བའི་བྱང་ཚད་གསོ་སྐྱོང་ཡག་པོ་བཅས་བྱ་རྒྱུ་ཡིན། སློབ་མ་ཕྱོཌ་ཡོངས་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་དམ་འཛིན་ཡག་པོ་དང་། སློབ་མའི་སློབ་སྦྱོང་དང་། འཚོ་བ། སེམས་ཁམས་བདེ་ཐང་བཅས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས། སློབ་མ་མི་རེ་ངོ་རེའི་འགྱུར་ལྡོག་ཡོད་ཚད་ཤེས་རྟོགས་བཅས་བྱས་ནས། སློབ་མའི་དགེ་མཚན་སྔོག་འདོན་ཧུར་ཐག་བྱ་རྒྱུ་ཡིན། སློབ་མའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ་དང་། མོས་སེམས་ལྔའི་སློབ་གསོ་དང་། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ། བདེ་འཇགས་ཀྱི་སློབ་གསོ། ཁྲིམས་སྐྱོང་གི་སློབ་གསོ་བཅས་ཧུར་ཐག་སྤེལ་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་པོ་བཙུགས་ཏེ་སློབ་མའི་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོཌ་ཡོངས་ནས་འཕེལ་རྒྱས་དང་སློབ་གསོའི་བྱ་གཞག་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།