དབུ་ཤོག>ཆེད་སྒྲིག
  • གྲོང་གསེབ་དར་རྒྱས་ཡོང་ཆེད་ཞིང་ལས་ལག་རྩལ་གྱི་སྟོབས་ཤུཌ་སྐྱེས་སུ་འབུལ་རྒྱུ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-29

    རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི་དང་། ལྷ་ས་གྲོང་ཁྱེར་ཞིང་ལས་ལག་རྩལ་ཁྱབ་སྤེལ་སྤྱི་ཁྱབ་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པ། མཐོ་རིམ་ཞིང་ལས་ལག་རྩལ་པ་བཅས་ཡིན་པའི་ཉི་མ་ཚེ་རིང་གིས་བློ་མཐུན་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་གནང་བའི་སྙན་སྒྲོན་གསན་རྗེས། སྙན་སྒྲོན་འདི་ནི་མི་སེམས་ལ་སྐུལ་མ་ཐེབས་ཤིང་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་རྒྱུར་ལྕག་སྐུལ་ཐེབས་པ་ཞིག་འདུག་པས། རང་འཁྲིའི་ལས་ཀ་དང་ཟུང་འབྲེལ་བྱས་ཐོག་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཁྲོད་སྟོབས་ཤུགས་མུ་མཐུད་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཉི་མ་ཚེ་རིང་གིས་གསུངས་དོན། སྔོན་ཆད་འདེབས་འཛུགས་དུད་ཚང་ཚོས་དུས་ཚོད་མང་ཆེ་བ་འབྲུ་རིགས་འདེབས་པར་སྤྱོད་ཀྱི་ཡོད། ངལ་ནུས་ཀྱི་ཡོང་ཁུངས་གཙོ་བོ་མི་ཤུགས་དང་ཁལ་མར་བརྟེན་དགོས། ད་ཆ་ལྷ་ས་གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་འཕྲུལ་ཆས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད་པ་མ་ཟད། ད་དུང་མི་མེད་གནམ་གྲུས་རྩི་ཤིང་སྲུང་སྐྱོང་དང་སྨན་གཏོར་གནོད་འགོག་སོགས་ཀྱི་ཞིང་ལས་ཚན་རིག་ལག་རྩལ་ཀྱང་བེད་སྤྱོད་ཐུབ་ནས། ངལ་ནུས་ལ་བཅིངས་འགྲོལ་ཡག་པོ་ཐོབ་ཡོད་པས། ངལ་ནུས་ལྷག་མ་དག་ཕྱིར་ལས་ཀར་བསྐྱོད་དེ་ཡོང་འབབ་གསོག་ཆོག

    ཉི་མ་ཚེ་རིང་གིས་གསུངས་དོན། གྲོང་གསེབ་ཐོན་ལས་དར་རྒྱས་ལ་སྐུལ་འདེད་གཏོང་བར་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་བླང་བྱ་ལྟར། ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་གཏོང་དགོས། སླད་ཕྱིན་གྱི་ལས་དོན་ཁྲོད་ཞིང་ལས་ལག་རྩལ་ཁྱབ་སྤེལ་ཚོགས་པ་དང་མཉམ་དུ་འབད་འབུངས་ཧུར་བརྩོན་དང་ཆེད་ལས་ཞིབ་འཇུག་ཧུར་ཐག་བྱས་ནས། འབྲུ་རིགས་སོན་སྤུས་ཀྱི་གནད་དོན་ཆེ་ཤོས་ཐག་གཅོད་ནུས་ལྡན་དང་། ནས་སོན་བཟང་པོ་གསོ་སྤེལ་ལ་ཤུགས་སྣོན། སྤུས་ལེགས་སོན་རིགས་དཔེ་སྟོན་འདེབས་འཛུགས་རྟེན་གཞི་རྒྱ་སྐྱེད་བཅས་བྱས་ནས། འབྲུ་རིགས་ཐོན་སྐྱེད་ཀྱི་བསྡོམས་འབོར་འགན་ལེན་དང་སྤུས་ཚད་ལེགས་སུ་གཏོང་རྒྱུ་ཡིན། ཞིང་ལས་འཕྲུལ་ཆས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཞིང་འཕྲུལ་དང་། ཞིང་རྩལ། ཞིང་ལས་བཅས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་བ། ཞིང་འཕྲུལ་ཅན་གྱི་ཞིང་ལས་ལ་ལེགས་སྐྱེས་འབུལ་ཚད་མང་དུ་གཏོང་བ་བཅས་བྱས་ནས། འབྲུ་རིགས་ཀྱི་ཐོན་འབབ་འཕར་རྒྱུ་དང་། ཞིང་ལས་ཀྱི་ཕན་འབྲས་ཆེར་གཏོང་། ཞིང་པའི་ཡོང་འབབ་འཕར་རྒྱུ་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ་ཞིང་འབྲོག་མང་ཚོགས་ལ་དངོས་འབྲེལ་ཕན་པ་ཐོབ་པར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།