དབུ་ཤོག>ཆེད་སྒྲིག
  • ཁྲེན་ཡུང་ཆི་ཉིང་ཁྲིའི་འཐུས་མི་ཚོགས་པ་དང་ལྗོངས་ཐད་གཏོགས་ཚན་པའི་ཚོགས་པ་གཉིས་པའི་ཚོགས་ཆུང་དང་པོའི་གྲོས་བསྡུར་ནང་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2021-11-29

    1356398_yis_1638115200000_s.jpg

    ཁྲེན་ཡུང་ཆི་ཉིང་ཁྲིའི་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ལ་ཞུགས་པ། 

    ཚེས་27ཉིན་གྱི་ཕྱི་དྲོ་དང་ཚེས་28ཉིན་གྱི་སྔ་དྲོར། བློ་མཐུན་ཁྲེན་ཡུང་ཆི་ཉིང་ཁྲིའི་འཐུས་མི་ཚོགས་པ་དང་ལྗོངས་ཐད་གཏོགས་ཚན་པའི་ཚོགས་པ་གཉིས་པའི་ཚོགས་ཆུང་དང་པོའི་གྲོས་བསྡུར་ནང་ཞུགས་པ་རེད།

    ཁྲེན་ཡུང་ཆི་ཡིས་བློ་མཐུན་ཝང་ཅུན་ཀྲེང་གིས་སྐབས་དགུ་པའི་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་གནང་བའི་སྙན་སྒྲོན་ཚུགས་གནས་མཐོ་བ་དང་། གཟིགས་རྒྱང་རིང་བ། དགོངས་པ་ཟབ་པ། དམིགས་ཚད་བརྗིད་ཉམས་ལྡན་པ། བྱ་ཐབས་ནུས་ལྡན། མི་སེམས་ལ་སྐུལ་ལྕག་ཐེབས་པ་བཅས་ཡོད་པས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་འདུན་མཚོན་པ་དང་འབྱུང་འགྱུར་ལོ་ལྔའི་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་ཡང་བཀོད་ཡོད། དེ་ནི་དམ་པ་དོན་གཉེར་དང་འཐབ་འགོད་ཇུས་འདོན་གྱི་སྙན་སྒྲོན་ཡག་པོ་ཞིག་རེད། སྙན་སྒྲོན་དེར་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་རེད།

    ཁྲེན་ཡུང་ཆི་ཡིས་འཆར་གཞི་འདིང་བའི་འགག་རྩ་ནི་དོན་འཁྱོལ་ལ་རག་ལུས་ཡོད། ཏང་གིས་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སྐྱོད་ཐུབ་པ་བཞི”དམ་འཛིན་བྱ་གཞིར་བྱས་ནས། “དོན་ཆེན་བཞི”ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་པ་དང“འགན་ལེན་བཞི”མངོན་འགྱུར་ཐུབ་པ་བཅས་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་དམངས་འཚོ་འགན་ལེན་དང་ལེགས་བཅོས་ལ་ཤུགས་སྣོན་རྒྱག་པ། ལོ་རྒྱུས་ཀྱི་ཉམས་མྱོང་དར་སྤེལ་བཏང་ནས་སྒྱུར་བཅོས་གསར་གཏོད་ཀྱི་བསམ་གཞིག་ལ་བརྟེན་ནས་གནད་དོན་ཐག་གཅོད་དང་ལས་དོན་ལ་སྐུལ་འདེད་གཏོང་བ། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཏན་ཏིག་བྱས་ཏེ་དངོས་སྒྲུབ་དངོས་ཕན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཏང་ཀྲུང་དབྱང་། ལྗོངས་ཡོངས་ཀྱི་མི་དམངས་བཅས་ལ་བློ་ཡིད་ཚིམ་པའི་རྒྱུགས་ཤོག་ཕུལ་བ་བཅས་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།