དབུ་ཤོག>ཆེད་སྒྲིག
  • རྒྱུགས་འབུལ་གྱི་ལམ་བུ་གསར་པར་གཟེངས་སུ་ཐོན་པའི་རྒྱུགས་ལན་འབུལ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-28

    འདས་ཟིན་པའི་ལོ་ལྔར་ཕྱིར་དྲན་དང་འབྱུང་འགྱུར་ལོ་ལྔའི་རེ་སྨོན་དེ་གར་མཉམ་དུ་བསྡུས་ཡོད། ཟླ་11ཚེས་27ཉིན་གངས་ལྗོངས་ཀྱི་བུ་ཕྲུག་ཚོས་དོ་ཁུར་ཆེན་པོ་བྱེད་པའི་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་གཟབ་རྒྱས་ངང་འཚོགས་པ་རེད།

    དེ་རིང་གི་མི་དམངས་ཚོགས་ཁང་ཆེ་མོར་བརྗིད་ཉམས་ལྡན་ཞིང་སྤྲོ་སྣང་གིས་ཁེངས་པ་དང་ཀྲུའུ་ཞི་སྡིངས་ཆའི་ཐོག་གསེར་མདོག་ཅན་གྱི་ཏང་རྟགས་འོད་ཆེམ་ཆེམ་དུ་འཕྲོ་བ་དང་དར་དམར་བཅུ་ལས་དམར་དམངས་རབ་ཏུ་འཚེར། ཚོགས་རའི་སྟེང་དུ“ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི”ཚོགས་རྟགས་མངོན་གསལ་ཧ་ཅང་དོད།

    ཆུ་ཚོད་10པ་ཏག་ཏག་ལ་ཚོགས་ཆེན་འགོ་ཚུགས་ཤིང་། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་ལངས་པ་དང་བརྗིད་ཉམས་ལྡན་པའི་རྒྱལ་གླུ་ཚོགས་ར་ཡོངས་སུ་གྲགས།

    རྒྱལ་གླུའི་ཁྲོད་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་སྐྱིད་པ་མོན་པ་མི་རིགས་ཤང་གི་ཤང་ཀྲང་བསོད་ནམས་བདེ་སྐྱིད་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་གྲོང་ཚོར་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བའི་རྣམ་པ་ཡིད་ལ་ལྷང་ལྷང་དུ་འཆར། འདས་ཟིན་པའི་ལོ་ལྔ་ཡི་རིང་གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་སྲིད་ཇུས་བཟང་པོར་བརྟེན་ནས་སྐྱིད་པ་མོན་པ་མི་རིགས་ཤང་གིས་གྲོང་ཚོའི་རྣམ་པ་མཛེས་སུ་དང་། ཐོན་ལས་དར་རྒྱས། ཡུལ་སྲོལ་ཤེས་དཔལ་ལྡན་པ་བཅས་ཡོང་བར་བྱས་པས་མང་ཚོགས་ཀྱི་ཡོང་འབབ་མང་དུ་ཕྱིན་པ་དང་། ངོ་གདོང་འཛུམ་མདངས་ཀྱིས་ཁེངས་པ། ཏང་ལ་བརྩེ་སེམས་དེ་བས་ཟབ་ཏུ་ཕྱིན་ཡོད། ཚོགས་འདུ་མ་འཚོག་གོང་ཡུལ་མི་ཚོས་ཁོང་ལ་གཏམ་བཟང་དེ་ཚོགས་རར་འཁྱོལ་ཐབས་བྱས་ནས་ཚང་མས་རྒྱ་ཆེའི་གཞི་རིམ་མང་ཚོགས་ཀྱིས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་གྱི་ཡིད་ཆེས་དང་ཆོད་སེམས་ཚོར་བར་བྱེད་དགོས་པའི་མངག་ཆ་བྱས།

    སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་བློ་མཐུན་ཝང་ཅུན་ཀྲེང་དལ་བུར་སྙན་སྒྲོན་སྟེགས་བུའི་མདུན་དུ་ཕེབས་ནས་འགོ་བརྗོད་དུ《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས》ཞེས་འཁོད་པའི་སྙན་སྒྲོན་གནང་བ་རེད།

    ལོ་ལྔའི་རིང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ཐོག་ཡར་འཕེལ་བྱུང་བ་དང་། དཔལ་འབྱོར་སྐྱོན་བྲལ་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་ཕྱིན་པ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཉིན་བཞིན་བརྟན་དུ་སོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་ཕྱིན་པ། ཆོས་ལུགས་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ། མཐའ་མཚམས་ས་ཁུལ་གྱི་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ། བསམ་བློ་དང་རིག་གནས་འཛུགས་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པ། དམངས་གཙོའི་ཁྲིམས་སྐྱོང་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་པ། ཏང་འཛུགས་སྐྱོང་གི་རྣམ་པ་གསར་པ་བཏོད་པ་བཅས་བྱས་ཏེ་གངས་ལྗོངས་ས་མཐོར་བརྗིད་ཆགས་མཛེས་སྡུག་ལྡན་པ་དང་སྐྱེ་སྟོབས་རབ་ཏུ་རྒྱས་པའི་རྣམ་པ་གསར་པ་མངོན་ཡོད།

    སླད་ཕྱིན་ལོ་5ཡི་ནང་ང་ཚོས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་རྩ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་དང“དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞིར”ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། “མདུན་གྲལ་དུ་སྐྱོད་ཐུབ་པ་བཞི”ཧུར་ཐག་བྱེད་པ་བཅས་བྱས་ནས་འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་འདེགས་དང་མཉམ་འདྲེས་བྱེད་པའི་ཁྲོད་བོད་ཀྱི་ལེགས་ཆ་སྔར་བས་འདོན་སྤེལ་བྱེད་པ་དང་། རྒྱལ་ཁབ་ཀྱི་འགན་འཁྲི་དང་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་བྱེད་པའི་ཁྲོད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་མངོན་པར་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་ཀྱི་འཐབ་ཇུས་གནས་བབ་སྔར་བས་མཐོ་རུ་གཏོང་དགོས།

    ཆུ་ཚོད་2ཙམ་རིང་གི་སྙན་སྒྲོན་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་ཚོགས་རའི་ནང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།

    “འདི་ནི་མི་སེམས་ལ་སྐུལ་མ་ཐེབས་པའི་སྙན་སྒྲོན་ཡག་པོ་ཞིག་རེད”ཅེས་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི་དང་། ཆབ་མདོ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ། ལྷོ་རོང་རྫོང་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་ཤེ་ཝུན་ཀོང་གིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བཤད། ཁོང་གིས“སྙན་ཞུའི་ཕྱོགས་གང་ས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཆབ་སྲིད་རང་རྟོགས་ལག་བསྟར་དོན་འཁྱོལ་བྱས་ཚུལ་མངོན་པ་དང་། ཕྱོགས་གང་ས་ནས་ལྗོངས་ཏང་ཨུད་ཀྱིས་སྒྱུར་བཅོས་གསར་གཏོད་བྱེད་ཕོད་པ་དང་བློ་རྩ་བརྟན་པོས་གསར་འབྱེད་ཡར་བརྩོན་བྱེད་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་མངོན་ཡོད་པས་ང་ལ་ལས་ཀའི་ངར་ཤུགས་ཆེན་པོ་འཕེལ་བྱུང་། ང་ཚོས་དཀའ་སྤྱད་འབད་བརྩོན་བྱས་ཚེ་འབད་འཐབ་དམིགས་ཚད་དང་མཛེས་སྡུག་ལྡན་པའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད”ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།