འགོ་ཁྲིད་ཚན་ཁག་སྐབས་བརྗེ་བ་ནི། ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་དང་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་བཏང་ནས་སྐབས་བརྗེ་དུས་སྤྱོད་གཙང་གཞུང་དྲང་འགན་ལེན་བྱ་ཆེད། ཀྲུང་དབྱང་གི“གཏན་འགོག་བཅུ”ཡི་སྐབས་བརྗེའི་སྒྲིག་ཁྲིམས་བླང་བྱ་བཏོན་ཡོད་པ་རེད།
གཅིག ཤོག་ཁག་བསྒྲིགས་ནས་སྒེར་དོན་སྒྲུབ་རིགས་གཏན་འགོག་བྱེད་དགོས། མངའ་ཁོངས་ཕྱི་ནང་གི་དགྲ་ཡའི་ཕྱོགས་གཏོགས་ཀྱིས་སྐབས་བརྗེའི་ལས་དོན་ལ་འགོག་རྐྱེན་དང་གཏོར་བཤིག་གཏོང་རིགས་ལ་འགོག་ཟོན་ནན་པོ་བྱས་ནས་རྡུང་རྡེག་ཚ་ནན་གཏོང་དགོས། ནགས་གཤེད་ཀྱི་སྟོབས་ཤུགས་དང་། ཁྱིམ་རྒྱུད་ཀྱི་སྟོབས་ཤུགས། ཆོས་ལུགས་ཕྱོགས་གཏོགས་བཅས་ཀྱིས་སྐབས་བརྗེའི་འདེམས་བསྐོར་འགོག་རྐྱེན་དང་ཤུགས་རྐྱེན་ངན་པ་བཟོ་རིགས་དང་། སྒྲིག་འགལ་ངང་མངའ་ཁོངས་ཕྱིའི་སྒྲིག་གཞི་དང་། རྩ་འཛུགས། མི་སྒེར་བཅས་ཀྱིས་མཁོ་འདོན་བྱས་པའི་རོགས་དངུལ་ལམ་ཡང་ན་གསོ་སྦྱོང་དང་ལེན་བྱེད་རིགས། འཇིགས་སྐུལ་དང་། མགོ་སྐོར་གཏོང་བ། རྒྱུ་ནོར་གྱིས་བསླུ་བ་སོགས་ལ་བརྟེན་ནས་གཞན་གྱི་རང་མོས་འདེམས་བསྐོའི་དབང་ཆ་སྤྱོད་པར་གནོད་འཚེ་བཟོ་རིགས། དཀྲོག་གཏམ་བཟོས་ནས་དམའ་འབེབས་གཏོང་བ་དང་ཉེས་མེད་ཉེས་འགེལ་བྱེད་པའམ་ཡང་ན་གཞན་ལ་རྡུང་རྡེག་དང་འཁོན་ལན་སློག་རིགས་བཅས་ཚང་མར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས་པ་མ་ཟད། ཁྲིམས་འགལ་གྱི་ཉེས་པ་གསོག་རིགས་ལ་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་དགོས།
གཉིས། འདེམས་ཤོག་བསླུ་ཉོ་བྱེད་རིགས་གཏན་འགོག་བྱེད་དགོས། གསོལ་སྟོན་གཤོམ་པ་དང་། འཛད་སྤྱོད་ཀྱི་བྱེད་སྒོ་བཀོད་སྒྲིག་བྱེད་པ། མྱུར་སྐྱེལ་བསྐུར་མ་སྐུར་བ། དྲ་ཐོག་ཤོག་ཆག་དང་དྲ་ཐོག་ནས་དངུལ་སྐུར་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ལག་རྟགས་དང་འབུལ་རྟེན་སྤྲོད་པ་དང་། དེ་བཞིན་ཁ་པར་རྒྱག་པ་དང་། འཕྲིན་ཐུང་སྐུར་བ། ངོ་ཐུག་འཚམས་འདྲི་བྱེད་པ། མི་གཞན་བརྒྱུད་ནས་མངགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དམངས་གཙོའི་འོས་སྦྱོར་དང་འདེམས་བསྐོར་འདེམས་ཤོག་བསླུ་ཉོ་དང་། ངན་འབྲེལ། འདེམས་རོགས་བྱེད་པ་སོགས་རྩ་འཛུགས་ཀྱི་བྱེད་སྒོ་མིན་པ་སྤེལ་རིགས་ལ་འོས་མིའི་མིང་ཐོ་སུབ་པའམ་ཡང་ན་གདམ་བྱའི་འོས་མིའི་ཐོབ་ཐང་མེད་པར་བཟོ་རྒྱུ་མ་ཟད། གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་ཏང་ཁྲིམས་དང་སྲིད་དོན་གྱི་ཆད་པ་གཅོད་རྒྱུ་དང་འདེམས་ཤོག་བསླུ་ཉོ་བྱེད་རིགས་ལ་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུ།
གསུམ། དཔོན་གནས་ཉོ་ཚོང་བྱེད་རིགས་གཏན་འགོག་བྱེད་དགོས། གོ་གནས་རག་ཐབས་དང་གོ་གནས་འཕར་ཐབས་སོགས་དམིགས་ཡུལ་དུ་བྱས་ནས། མི་གཞན་ལ་ལྐོག་རྔན་སྤྲོད་རིགས་དང་གཞན་ལ་རོགས་པ་བྱས་ནས་གོ་གནས་རག་ཐབས་དང་གོ་གནས་འཕར་ཐབས་བྱས་ཏེ་ལྐོག་རྔན་ལེན་རིགས་ཚང་མའི་གོ་གནས་གནས་སྐབས་མཚམས་འཇོག་བྱེད་པའམ་ཡང་ན་མེད་པར་བཟོ་རྒྱུ་མ་ཟད། སྒྲིག་སྲོལ་དང་། སྒྲིག་ཁྲིམས། བཅའ་ཁྲིམས་བཅས་གཞིར་བཟུང་ཐག་གཅོད་བྱེད་རྒྱུ།
བཞི། དཔོན་གནས་རྒྱུག་སློང་བྱེད་རིགས་གཏན་འགོག་བྱེད་དགོས། ཉེ་འབྲེལ་བརྒྱུད་པའམ་ཡང་ན་འཇིགས་སྣང་སྐུལ་བ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་གོ་གནས་རག་ཐབས་དང་གོ་གནས་འཕར་ཐབས་བྱེད་རིགས་ཚང་མའི་གོ་གནས་མི་སྤོར་བའམ་ཡང་ན་མུ་མཐུད་སྤྱད་མི་ཆོག་པ་མ་ཟད། གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་སྐྱོན་བརྗོད་སློབ་གསོ་གཏོང་བ་དང་རྩ་འཛུགས་ཀྱི་ཆད་པ་གཅོད་པའམ་ཡང་ན་ཏང་ཁྲིམས་དང་སྲིད་དོན་གྱི་ཆད་པ་གཅོད་རྒྱུ།
ལྔ། བརྒྱ་ཁ་གཅིག་གཅོད་བྱེད་རིགས་གཏན་འགོག་བྱེད་དགོས། མི་སྒེར་གྱིས་ཏང་རྩ་འཛུགས་མཉམ་སྡེབ་ཀྱི་ཞིབ་འཇུག་གི་ཚབ་བྱས་ནས་འོས་མི་འདེམས་པ་དང་ལེགས་སྒྲིག་བྱེད་པར་བཀོད་པ་གཏོང་བ་དང་། གསང་བརྡ་གཏོང་བ། དམིགས་འཛུགས་བཅས་ཀྱི་ཐག་གཅོད་རིགས་ཚང་མའི་འབྲེལ་ཡོད་བཀོལ་སྤྱོད་ཀྱི་གཏན་འབེབས་མེད་པར་བཟོ་རྒྱུ་མ་ཟད། འབྲེལ་ཡོད་འགོ་ཁྲིད་དང་འབྲེལ་ཡོད་མི་སྣའི་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ།
དྲུག ངོ་ཆེན་ཞུ་བརྒྱུད་བྱེད་རིགས་གཏན་འགོག་བྱེད་དགོས། མི་གཞན་གྱི་ཆེད་དུ་འོས་སྦྱོར་མིང་འདོན་དང་གོ་གནས་སྤོར་བ་དང་ལེགས་སྒྲིག་ཐད་འབྲེལ་བ་འཚོལ་རིགས་དང་། འོག་རིམ་མམ་ཡང་ན་དེ་སྔ་གོ་གནས་འཁུར་ཡུལ་གྱི་ས་ཁུལ་དང་ཚན་པའི་ལས་བྱེད་པའི་འདེམས་བསྐོ་བསྐོ་སྤྱོད་ལ་སྒྲིག་འགལ་ངང་ཐེ་ཇུས་བྱས་རིགས་ཚང་མ་འགོ་ཁྲིད་ལས་བྱེད་པས་སྒྲིག་འགལ་ངང་དོན་དག་གལ་ཆེན་ལ་ཐེ་ཇུས་བྱས་པའི་གནས་ཚུལ་ལ་བརྩིས་ནས་ཡིག་ཚགས་ནང་འཇུག་རྒྱུ་མ་ཟད། གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་སྐྱོན་བརྗོད་སློབ་གསོ་དང་རྩ་འཛུགས་ཀྱིས་ཐག་གཅོད་བྱེད་པའམ་ཡང་ན་ཏང་ཁྲིམས་དང་སྲིད་དོན་གྱི་ཆད་པ་གཅོད་རྒྱུ།
བདུན། སྒྲིག་འགལ་ངང་མི་སྤྱོད་རིགས་གཏན་འགོག་བྱེད་དགོས། སྐབས་བརྗེའི་གོ་སྐབས་དང་བསྟུན་ནས་གློ་བུར་དུ་ལས་བྱེད་པའི་གོ་གནས་སྤོར་བ་དང་ལེགས་སྒྲིག་བྱེད་པ་དང་། གྲངས་ཚད་ལས་བརྒལ་ནས་ལས་བྱེད་པ་བཀོད་སྒྲིག་བྱེད་པ། གཏན་འབེབས་ཀྱི་གོ་རིམ་ལས་འགལ་ནས་ལས་བྱེད་པ་འདེམས་བསྐོ་དང་བསྐོ་གཞག་བྱེད་རིགས་ཚང་མ་རྩིས་མེད་དུ་གཏོང་བའི་ཁྱབ་བསྒྲགས་བྱེད་རྒྱུ་མ་ཟད། འབྲེལ་ཡོད་མི་སྣར་སྒྲིག་ལམ་དང་སྒྲིག་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུ།
བརྒྱད། གསང་བ་ཕྱིར་གྱར་རིགས་གཏན་འགོག་བྱེད་དགོས། སྐབས་བརྗེའི་མི་དོན་བཀོད་སྒྲིག་སོགས་ཀྱི་གསང་བའི་ཆ་འཕྲིན་ཕྱིར་གྱར་བ་དང་སྤེལ་རིགས་ཚང་མར་འབྲེལ་ཡོད་མི་སྣའི་འགན་འཁྲི་བདའ་འདེད་གཏོང་རྒྱུ།
དགུ། མི་བདེན་རྫུན་སྒྲིག་བྱེད་རིགས་གཏན་འགོག་བྱེད་དགོས། ལས་བྱེད་པའི་མི་དོན་ཡིག་ཚགས་དཔྱད་གཞི་བཟོ་བཅོས་རྒྱག་པ་དང་རྫུས་མ་བཟོ་རིགས་དང་། སྐབས་བརྗེའི་རྟོག་ཞིབ་ལས་དོན་ལ་གནས་ཚུལ་ངོ་མ་སྦ་གསང་ངམ་ཡང་ན་འཁྱོག་བཤད་བྱེད་རིགས་ཚང་མ་ཡོ་བསྲང་བྱེད་དགོས་པ་མ་ཟད། གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་འབྲེལ་ཡོད་མི་སྣར་རྩ་འཛུགས་ཀྱི་ཆད་པ་གཅོད་པའམ་ཡང་ན་ཏང་ཁྲིམས་དང་སྲིད་དོན་གྱི་ཆད་པ་གཅོད་རྒྱུ།
བཅུ། སྐབས་བརྗེའི་ལས་དོན་ལ་འགོག་རྐྱེན་བཟོ་རིཌ་གཏན་འགོག་བྱེད་དགོས། མངའ་ཁོངས་ཕྱི་ནང་གི་དགྲ་ཡའི་ཕྱོགས་གཏོགས་ཀྱིས་སྐབས་བརྗེའི་ལས་དོན་ལ་འགོག་རྐྱེན་དང་གཏོར་བཤིག་གཏོང་རིགས་ལ་འགོག་ཟོན་ནན་པོ་བྱས་ནས་རྡུང་རྡེག་ཚ་ནན་གཏོང་དགོས། ནགས་གཤེད་ཀྱི་སྟོབས་ཤུགས་དང་། ཁྱིམ་རྒྱུད་ཀྱི་སྟོབས་ཤུགས། ཆོས་ལུགས་ཕྱོགས་གཏོགས་བཅས་ཀྱིས་སྐབས་བརྗེའི་འདེམས་བསྐོར་འགོག་རྐྱེན་དང་ཤུགས་རྐྱེན་ངན་པ་བཟོ་རིགས་དང་། སྒྲིག་འགལ་ངང་མངའ་ཁོངས་ཕྱིའི་སྒྲིག་གཞི་དང་། རྩ་འཛུགས། མི་སྒེར་བཅས་ཀྱིས་མཁོ་འདོན་བྱས་པའི་རོགས་དངུལ་ལམ་ཡང་ན་གསོ་སྦྱོང་དང་ལེན་བྱེད་རིགས། འཇིགས་སྐུལ་དང་། མགོ་སྐོར་གཏོང་བ། རྒྱུ་ནོར་གྱིས་བསླུ་བ་སོགས་ལ་བརྟེན་ནས་གཞན་གྱི་རང་མོས་འདེམས་བསྐོའི་དབང་ཆ་སྤྱོད་པར་གནོད་འཚེ་བཟོ་རིགས། དཀྲོག་གཏམ་བཟོས་ནས་དམའ་འབེབས་གཏོང་བ་དང་ཉེས་མེད་ཉེས་འགེལ་བྱེད་པའམ་ཡང་ན་གཞན་ལ་རྡུང་རྡེག་དང་འཁོན་ལན་སློག་རིགས་བཅས་ཚང་མར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས་པ་མ་ཟད། ཁྲིམས་འགལ་གྱི་ཉེས་པ་གསོག་རིགས་ལ་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་དགོས།
རང་སྐྱོང་ལྗོངས་ཏང་ཨུད་སྐབས་བརྗེའི་རིང་གི་སྤྱོད་ཚུལ་ལྟ་སྐུལ་ལས་དོན་ལ་ཤུཌ་སྣོན་ཏན་ཏིག་རྒྱག་ཆེད། ད་ལྟ་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུཌ་པུའི་ཐེར་འདོན་གོང་ཞུའི་ཁ་པར་དང་དྲ་ཚིགས་ཁྱབ་བསྒྲཌ་བྱེད་ཀྱི་ཡིན། གལ་སྲིད་གོང་དུ་བརྗོད་པའི་སྒྲིག་འགལ་གྱི་སྣང་ཚུལ་ཡོད་པ་ཤེས་ཚེ་དུས་ཐོག་ཏུ་ཐེར་འདོན་གོང་ཞུ་བྱེད་རོགས།
རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ཐེར་འདོན་གོང་ཞུའི་ཁ་པར། 0891-12388
རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་ཐེར་འདོན་གོང་ཞུའི་ཁ་པར། 0891-12380
དྲ་ཚིགས། http://www.xz12380.gov.cn:8080