★ ལོ་བརྒྱའི་བརྒྱུད་རིམ་གྱིས་ཕྱོགས་བཞིའི་ཐད་ཀྱི་གྲུབ་འབྲས་རླབས་པོ་ཆེ་བཏོད་པ།
ལོ་བརྒྱའི་རིང་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ།
1.ཁྲག་བཏོན་དམར་འཛིང་བྱས་པ་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པར་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་གྲུབ་འབྲས་རླབས་པོ་ཆེ་བཏོད་པ་དང་།
2.རང་སྟོབས་རང་སྤེལ་དང་ཤུགས་སྐྱེད་སྟོབས་སྤེལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་གྲུབ་འབྲས་རླབས་པོ་ཆེ་བཏོད་པ།
3.བསམ་བློར་བཅིངས་འགྲོལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་རླབས་པོ་ཆེ་བཏོད་པ།
4.རང་ཆེས་རང་སྟོབས་དང་དྲང་སྲུང་གསར་གཏོད་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་འབྲས་རླབས་པོ་ཆེ་བཏོད་ཡོད།
★ ལོ་བརྒྱའི་འབད་འཐབ་ཀྱིས་ཕྱོགས་བཞིའི་ཐད་ཀྱི་འགྱུར་ལྡོག་བཏང་བ།
ལོ་བརྒྱའི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་ལྷག་བསམ་རྣམ་དག་ངང་ཐོག་མའི་འགན་འཁྲི་ལག་བསྟར་བྱས་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ཡངས་ཤིང་རྒྱ་ཆེ་བའི་ས་གཞིར་མིའི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་གཟི་རླབས་དགུང་འཕྱུར་གྱི་ངོ་མཚར་བཏོད་ཡོད།
1.ཉེ་རབས་ཀྱི་ལོ་བརྒྱའི་རིང་བྲན་བཀོལ་དང་བརྙས་བཅོས་མྱོང་མཁན་ཀྲུང་གོའི་མི་དམངས་ཡར་ལངས་པ་དང་།
2.ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ཤེས་དཔལ་ལོ་རྒྱུས་ལྡན་པའི་ཀྲུང་ཧྭ་མི་རིགས་ཕྱོགས་ཡོངས་ནས་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པ།
3.ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་འཛམ་གླིང་ཐོག་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ལ་ཡང་དག་པའི་བགྲོད་ལམ་ཅིག་བཏོད་པ།
4.ཀྲུང་གོ་གསར་པ་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་སུ་བསྙེགས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འོད་སྟོང་འཕྲོ་བའི་མདུན་ལམ་མངོན་ཡོད།
★ དྲིས་ལན།
དྲི་བ་གལ་ཆེན་གཉིས།
ཏང་ཡོངས་ཀྱིས་དངོས་གཙོའི་ལོ་རྒྱུས་ལྟ་བ་དང་ཡང་དག་པའི་ཏང་གི་ལོ་རྒྱུས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ་ཏང་གི་ལོ་བརྒྱའི་འབད་འཐབ་ཁྲོད།
1 སྔོན་ཆད་ང་ཚོར་ལེགས་གྲུབ་བྱུང་དོན་ཅི་ཡིན་པ་དང་།
2 མ་འོངས་པར་ང་ཚོས་ཇི་ལྟར་བྱས་ཚེ་ད་གཟོད་མུ་མཐུད་ལེགས་གྲུབ་འབྱུང་ཐུབ་པ་གསལ་པོ་ཤེས་པར་བྱས་ཏེ།
སྔར་བས་བློ་རྩ་བརྟན་པོ་དང་སྔར་བས་རང་རྟོགས་ཀྱི་སྒོ་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ནས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྔར་བས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས།
★ ཏང་གི་ལོ་ངོ་བརྒྱའི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་སྐབས། ལོ་རྒྱུས་ཀྱི་གྲོས་ཆོད་གཉིས་ལས་གལ་འགངས་ཤིན་ཏུ་ཆེ་བའི་ནུས་པ་ཐོན་ཡོད་དེ།
1945ལོའི་ཏང་གི་སྐབས་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་གྲོས་འཆམ་བྱུང་བའི《ལོ་རྒྱུས་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་གྲོས་ཆོད》ལས་ཏང་ཡོངས་ཀྱིས་མའོ་ཙེ་ཏུང་གི་དགོངས་པའི་རྨང་གཞིའི་ཐོག་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་མི་དམངས་གསར་བརྗེའི་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་བ་དང་རླབས་ཆེན་གྱི་རྒྱལ་ཁ་ཐོབ་པར་སྐུལ་འདེད་བཏང་བ།
1981ལོའི་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བའི《རྒྱལ་ཁབ་དབུ་བརྙེས་ཚུན་ཏང་གི་ལོ་རྒྱུས་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་གྲོས་ཆོད》ལས་ཏང་གིས་མཛུབ་ཁྲིད་དགོངས་པའི་ཟིང་བཅོས་ཡོ་བསྲང་ལེགས་གྲུབ་བྱས་པ་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་ནས་ད་ལྟའི་བར་དུའང་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།
ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་དང་ཀྲུང་གོ་གུང་ཁྲན་ཏང་གི་གསར་འགྱུར་དྲ་བ།