ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བློ་བརྟན་འགྱུར་མེད་ངང་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ་བོད་ཀྱི་སྲིད་ཁྲིམས་ལས་དོན་གྱི་སྤྱི་ཡོངས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ།
ཚེས་15ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་སྲིད་ཁྲིམས་འཐབ་ཕྱོགས་ཀྱི་ཚན་པ་ཁག་ཏུ་ཕེབས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་གྱིས་བརྟག་ཞིབ་གཏིང་ཟབ་གནང་བ་དང་། ལས་དོན་གྱི་སྙན་སེང་གསན་པ། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པར་གཟིགས་པ་བཅས་གནང་བ་རེད། ཁོང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར། བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་གཅིག་ཏུ་ལག་བསྟར། སྤྱོད་ཚུལ་བཟང་པོ་དར་སྤེལ། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ། བོད་ཀྱི་སྲིད་ཁྲིམས་ལས་དོན་གྱི་སྤྱི་ཡོངས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་གཏོང་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་ལོ་རྒྱུས་ཀྱི་འགག་རྩའི་དུས་མཚམས་སུ་འཚོགས་པའི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་ཚོགས་འདུ་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》ནང་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་པ་དང་། དེ་ནི་འོད་སྟོང་འཕྲོ་བའི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་དང་། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཞིག ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་མ་འོངས་གསར་གཏོད་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་བཅས་རེད། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་འཐབ་ཕྱོགས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གྱིས་སྲིད་ཁྲིམས་ལས་དོན་ཁག་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་བོད་ཀྱི་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཡང་དག་ཆུད་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་འཕྲད་པའི་དུས་བབ་གསར་པ་ཁོང་དུ་ཡང་དག་ཆུད་པ། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ལས་དོན་གྱི་ཆོས་ཉིད་ཁོང་དུ་ཆུད་པ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་གསུངས་པ་རེད།
ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་དགོས་ཤིང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས》ནང་བསྟན་དོན། ཏང་གིས་བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གནས་བབ་གཏན་འཁེལ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱས་པ་དེ་ཐོག་ནས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་ཡོད། “གཏན་འཁེལ་གཉིས”ཀྱིས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པར་ངོས་འཛིན་གཏིང་ཟབ་བྱས་ཏེ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་བླང་བྱ་ཨང་དང་པོར་འཛིན་པ་དང་། ལྷག་བསམ་རྣམ་དག་ལ་སྣང་ཆེན་བྱ་རྒྱུ་དེ་ཚད་གཞི་ཨང་དང་པོར་འཛིན་པ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱེད་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་། མཐའ་གསལ་མཐིལ་རྟོགས་ཀྱིས་སློབ་སྦྱོང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱིས་སློབ་སྦྱོང་བཅས་བྱས་ནས་སྲིད་ཁྲིམས་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། དངོས་འབྲེལ་དྲང་འབྲེལ་གྱིས“སྲུང་སྐྱོང་གཉིས”དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་གཙང་བཙན་དང་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་འགོ་ཁྲིད་སྲིད་ཁྲིམས་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས།
ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱས་ཏེ་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་ཡུན་རིང་བདེ་འཁོད་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་ཤིང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ལྟ་བ་འཛུགས་པ་དང་། ཐོག་མཐའ་བར་གསུམ་དུ་རིག་པ་ཧ་ཅང་དྭངས་གསལ་རྒྱུན་འཁྱོངས་བྱེད་པ། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། དངོས་འཐབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་བྱེད་ཐབས་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་ལྗོངས་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་གཙོ་ཁྲིད་དབང་ཆ་སྟངས་འཛིན་ནན་པོ་བྱས་ཏེ་སྲིད་ཁྲིམས་ཁོངས་གཏོགས་ཀྱི་བསམ་ཇུས་གཅིག་གི་བསམ་བློ་བརྟན་པོ་བཙུགས་ནས་སྤྱི་ཡོངས་ཀྱི་མཉམ་ཤུགས་ཆགས་པ་དང་ལས་ཀའི་ཕན་ནུས་ཆེ་རུ་གཏོང་དགོས། ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་པའི་སྟོབས་ཤུགས་དང་འཐབ་ནུས་ཆེ་རུ་བཏང་སྟེ་སྲིད་ཁྲིམས་དཔུང་ཁག་གི་ཆ་འཕྲིན་ཅན་དང་། རིག་ནུས་ཅན། དེང་རབས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་ཐད་ཤུགས་རྒྱག་པ་དང་། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་ཐད་ཤུགས་རྒྱག་པ། རྩ་ལག་མཉམ་བཅོས་དང་། ཕྱོགས་བསྡུས་ཇུས་བསྟར། སྙིང་རུས་གཏན་འཁྱོངས་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་ཀྱི་བདེ་སྐྱིད་བཅས་འགན་ལེན་བྱེད་དགོས།
ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཤིང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་གི་གནས་བབ་ཨང་དང་པོར་བཞག་སྟེ་ཁྲིམས་ལྟར་བཅོས་སྐྱོང་དང་། འབྱུང་རྩ་ནས་བཅོས་སྐྱོང་། རང་འགུལ་ངང་བཅོས་སྐྱོང་། གོ་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་བཅས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་མ་ལག་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། ཁྲིམས་ལུགས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ལས་ཀའི་གཙོ་གནད་འབུར་དུ་ཐོན་པ། ལས་ཀ་བྱེད་སྟངས་གསར་གཏོད་བྱེད་པ། ལས་ཀའི་ལམ་སྲོལ་འཚོལ་ཞིབ་བྱེད་པ། རིམ་པ་དབྱེ་བ་དང་། དམིགས་སའི་རང་བཞིན་ཡོད་པ། མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆ་བཅས་ལ་བརྟེན་ནས་ཁྲིམས་ལུགས་ཁྱབ་གདལ་གཏོང་བ། དམངས་ཡོངས་ཀྱིས་ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་། གནད་དོན་འཕྲད་སྐབས་ཁྲིམས་ལྟར་ཐག་གཅོད་བྱེད་པ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་ལུགས་སྤྱོད་པ། འགལ་ཟླ་སེལ་སྐབས་ཁྲིམས་ལུགས་ལ་བརྟེན་པ་བཅས་བྱས་ཏེ་ཁྲིམས་སྐྱོང་དེ་ཉིད་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འདུ་ཤེས་དང་བྱ་སྤྱོད་ཀྱི་ཚད་འཛིན་སར་འགྱུར་བ་བྱེད་དགོས། ཆེད་དོན་རྡུང་རྡེག་དང་གཙོ་གནད་ཟིང་བཅོས་ཀྱི་བྱ་སྤྱོད་སྒྲིག་འཛུགས་བྱས་ནས་སྤེལ་ཏེ་རྐུ་འཕྲོག་བསླུ་གསུམ་དང་། བཟའ་བཅའ་དང་། སྨན་རྫས། ཁོར་ཡུག་བཅས། འཆལ་རྒྱན་དུག་གསུམ། དེ་བཞིན་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་སོགས་ཁྲིམས་འགལ་ཉེས་གསོག་གི་གནད་དོན་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ་དང་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་དང་གེགས་སེལ་དངུལ་སྒེར་སྤྱོད་སོགས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དཔེ་མཚོན་གྱོད་གཞི་ཁྲིམས་ལྟར་ཐག་གཅོད་བྱས་ཏེ་མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་ནས་དྲང་སྙོམས་དྲང་བདེན་ཚོར་ཐུབ་པ་བྱེད་དགོས།
མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་དམངས་ཆེད་ཞབས་འདེགས་ཞུ་བའི་དམིགས་ཡུལ་རང་རྟོགས་ངང་ལག་བསྟར་བྱེད་དགོས་ཤིང་། དམངས་ཆེད་ཀྱི་འདུ་ཤེས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། མང་ཚོགས་ཀྱི་ལས་དོན་སྤུས་ཚད་མཐོ་པོས་ཡག་པོ་སྒྲུབ་པ། མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་སྲིད་ཁྲིམས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པར་བྱེད་པ། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ། བརྩེ་སེམས་ལ་བརྟེན་ནས་དམངས་ཀྱི་འདོད་བློ་ཉན་པ་དང་། བྱ་བ་དངོས་སྒྲུབ་པ། དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་བྱས་ཏེ་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ལས་དོན་ཚང་མས་ཏང་གི་བྱ་གཞག་ཆེད་གཟི་བརྗིད་བསྣན་པ་དང་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་ལས་དོན་ཚང་མས་ཏང་གི་བྱ་གཞག་ཆེད་སེམས་ནུས་གཅིག་ཏུ་བསྒྲིལ་དགོས། དུས་བདེའི་བོད་ལྗོངས་འཛུགས་སྐྲུན་གཏིང་ཟབ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཡག་པོ་སྒྲུབ་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྩ་བ་དམ་པོར་འཛིན་པ་བཅས་བྱས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟབ་ཏུ་ཏན་ཏིག་གཏོང་དགོས།
གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་གནད་དོན་གསར་པ་ཐག་གཅོད་བྱས་ཏེ་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་སྲིད་ཁྲིམས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལས་དོན་ཁག་ལ་སྐུལ་འདེད་གཏོང་དགོས་ཤིང་། དུས་བབ་དང་ལས་འགན་གྱི་འགྱུར་ལྡོག་གཞིར་བཟུང་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་ཁྲིམས་ལས་དོན་གྱི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། སྲིད་ཁྲིམས་ལས་དོན་གྱི་ཉམས་མྱོང་ཕྱོགས་སྡོམ་དང་བསྡུ་ལེན་བྱེད་པ། གྱོད་དཔེའི་ཁྲོད་ནས་ཆོས་ཉིད་རང་བཞིན་ཁོང་དུ་ཆུད་པ། མངོན་སུམ་གྱི་ངོས་འཛིན་རྗེས་དཔག་གི་ངོས་འཛིན་དུ་གོང་མཐོར་གཏོང་བ། བྱེད་ཐབས་ཡག་པོ་དང་ཉམས་མྱོང་ཡག་པོ་ལམ་ལུགས་དང་ལམ་སྲོལ་དུ་རིམ་སྤོར་ཡོང་བ་བཅས་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གནད་དོན་ཤེས་རྟོགས་བྱེད་མཁས་པ་དང་། གནད་དོན་ལ་གཏུག་ཕོད་པ། གནད་དོན་ཐག་གཅོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ཀྲུང་དབྱང་གི་བཀོད་སྒྲིག་ལྟར་སྲིད་ཁྲིམས་ཁོངས་གཏོགས་ཀྱི་སློབ་གསོ་བཅོས་སྒྲིག་ལ་དམ་འཛིན་གཏིང་ཟབ་བྱེད་པ་དང་། རེ་རེ་བཞིན་དག་ཐེར་དོན་ཐོག་ཏུ་འཁྱོལ་བ། དམིགས་སའི་རང་བཞིན་ལྡན་པའི་སྔོན་འགོག་བྱེད་ཐབས་སྤྱོད་པ་བཅས་བྱས་ཏེ། ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རིང་ཞན་ཆ་སེལ་དགོས། ཆུ་ཚད་མཐོ་རུ་གཏོང་བ་དང་། དག་ཐེར་དང་མཐོར་གཏོང་གི་ལས་དོན་ལ་དམ་འཛིན་མཐའ་གཅིག་ཏུ་བྱེད་པ། ཚན་རིག་དང་མཐུན་པའི་དཔྱད་དཔོག་དང་ཕན་འབྲས་འདྲི་རྩད་ཀྱི་སྒྲིག་འཛུགས་ནན་ཏན་བྱེད་པ། རྒྱུན་རྣམ་གྱི་ཕུགས་ཕན་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། སྲིད་ཁྲིམས་ཁྱབ་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་སྒྱུར་བཅོས་ཟབ་གཏོང་ལ་མུ་མཐུད་སྐུལ་འདེད་གཏོང་བ། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པའི་ཐད་བྱས་རྗེས་དངོས་འཇོག་པ་དང་ཕན་འབྲས་དངོས་ཐོན་པ་བཅས་བྱས་ཏེ་བཏོན་པའི་ལམ་ལུགས་ཁག་བཀོལ་སྤྱོད་བདེ་བ་དང་། དོན་འཁྱོལ་ཐུབ་པ། ལག་བསྟར་ཐུབ་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས།
དམ་ནན་གྱི་རྩ་བའི་དགོངས་གཞི་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་སྲིད་ཁྲིམས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས་ཤིང་། གཞི་རིམ་དང་རྨང་གཞིར་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་གསལ་པོ་མཐའ་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ལས་བྱེད་པའི“དམིགས་བསལ་བཞིའི”མཛུབ་སྟོན་གལ་ཆེན་དོན་འཁྱོལ་ནན་ཏན། གཞི་རིམ་གྱི་འཐབ་ས་དང་པོ་ནས་ལས་བྱེད་པ་བཙལ་རྙེད་དང་། གསོ་སྐྱོང་། འདེམས་སྒྲུག་བཅས་བྱེད་པ། འཇོན་ཐང་ལ་བརྟེན་ནས་ལས་བྱེད་པ་སྤྱོད་པ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་འཇོན་ཐང་ཅན་ངོས་འཛིན་བྱས་ཏེ། སྲིད་ཁྲིམས་བྱ་གཞག་ལ་མཁོ་བའི་ལས་བྱེད་པ་བཟང་པོ་འདེམས་སྤྱོད་ཡག་པོ་བྱེད་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། དོ་དམ་ནན་པོ་དང་གཅེས་སྐྱོང་ཟུང་འབྲེལ་མཐའ་འཁྱོངས་བཅས་བྱས་ཏེ། རྒྱ་ཆེའི་ལས་བྱེད་པས་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པར་སྐུལ་འདེད་གཏོང་དགོས། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་མཐའ་གཅིག་ཏུ་བྱས་ཏེ། སྤྱོད་ཚུལ་ཞིབ་བཤེར་དང་། འགན་འཁྲི་ཞིབ་བཤེར། ཞན་ཆ་ཞིབ་བཤེར། དོན་འཁྱོལ་ཞིབ་བཤེར་བཅས་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་བོད་དུ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་ཐུབ་པའི་འགན་ལེན་བྱེད་དགོས།
འགན་འཁུར་རྩོམ་སྒྲིག་པ། 德吉普尺
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣