“དགེ་རྒྱས་རྫོང་གི་ཏང་ཡོན་ལས་བྱེད་པའི་ཐོག་མའི་བསམ་འདུན་ནི་ཐད་གཏོགས་མཛོད་ཀྱི་གུར་གསུམ་ནས་འགོ་བརྩམས་ཡོད”ཅེས་མངའ་རིས་ས་ཨུད་དྲིལ་བསྒྲགས་པུའི་དེ་སྔའི་པུའུ་ཀྲང་གཞོན་པ་མིག་དམར་ཚེ་རིང་གིས་མྱོང་ཚོར་ཟབ་མོའི་སྒོ་ནས་བརྗོད།
དགེ་རྒྱས་རྫོང་གི་ཐད་གཏོགས་མཛོད་གསར་བརྗེའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དེ་དགེ་རྒྱས་རྫོང་གྲོང་དང་བར་ཐག་སྤྱི་ལེ་3ཡོད་ཅིང་། མིག་དམར་ཚེ་རིང་གིས། རང་ཉིད་རྒན་ཡོལ་ཞུས་རྗེས་ཐད་གཏོགས་མཛོད་ཀྱི་ཉམས་པ་སོར་ཆུད་དང་འཛུགས་སྐྲུན་གྱི་ལས་དོན་ནང་ཞུགས་ནས་སེམས་ཤུགས་མང་པོ་ཞིག་བཏོན་པ་ཡིན། དགེ་རྒྱས་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་འདིར་སླར་ཡང་གསོན་ཤུགས་རྒྱས་བཞིན་ཡོད་ཅེས་བརྗོད།
དུས་རབས་གོང་མའི་ལོ་རབས་50པའི་དུས་འགོར། མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་གྱིས(ད་ཆའི་མངའ་རིས་ས་ཨུད་ཀྱི་སྔ་མིང)གུར་3དང་བྲག་ཕུག་10ནི་གཞུང་དོན་སྒྲུབ་ས་དང་སློབ་གཉེར་བྱ་ཡུལ་ལ་བརྩིས་ནས། མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་གྱི་ཐད་ཀར་དོ་དམ་གྲབས་གསོག་མཛོད་ལ་རིམ་བཞིན་འཕེལ་རྒྱས་བཏང་སྟེ། དངོས་ཟོག་གྲབས་གསོག་དང་འཕྲལ་སྡོམ་གེགས་སེལ་སོགས་ཀྱི་འགན་ནུས་སྒྲུབ་ཀྱི་ཡོད། སྐབས་དེ་དུས་དེ་ནི་མངའ་རིས་ཀྱི་གྲབས་གསོག་མཛོད་ཆེ་ཤོས་དེ་རེད།
སྣ་ཕུག་རྩྭ་ཐང་ཐོག་གི་སྟབས་བདེའི་གུར་གསུམ་པོ་ནི་དགེ་རྒྱས་རྫོང་གི་སྐབས་དང་པོའི་མི་དམངས་སྲིད་གཞུང་གི་རྣམ་པ་ཞིག་རེད། 1960ལོའི་ཟླ་8ཚེས་16ཉིན། དགེ་རྒྱས་རྫོང་གི་བོད་རིགས་རྫོང་དཔོན་དང་པོ་དབང་ཆེན་གྱིས་གུར་དེའི་ནང་གཞུང་དོན་སྒྲུབ་ཀྱི་ཡོད། སྒྲོག་ཙེ་དང་། རྐུབ་སྟེགས། ཉལ་ཁྲི་བཅས་གཞུང་དོན་སྒྲུབ་ས་དང་འཚོ་བའི་མཁོ་ཆས་ཡིན་པ་ཚང་མ་ནི་ས་ཕག་བརྩིགས་ནས་བཟོས་པ་ཤ་སྟག་རེད།
མི་འགའ་ཞིག་གིས་སྐབས་དེ་དུས་གུར་གསུམ་གྱི་ནང་ལས་དོན་མི་སྣ་20ལྷག་ཙམ་གྱིས་གཞུང་དོན་སྒྲུབ་ཀྱི་ཡོད་པ་དང་། གཞུང་ལས་སྒྲུབ་པའི་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད་ཀྱང་ཁོང་ཚོས་སྤྲོ་སྣང་ཆེན་པོས་ལས་ཀ་བྱེད་ཀྱི་ཡོད། རྫོང་གྲོང་གསར་པའི་འཆར་འགོད་ནི་གུར་དེ་དག་གི་ནང་ལེགས་སྒྲུབ་བྱས་པ་ཞིག་རེད་ཅེས་དྲན་གསོ་བྱེད་བཞིན་དུ་བརྗོད།
ཁོ་ཚོ་ཚུད་པའི་མི་རབས་ནས་མི་རབས་བར་གྱི་ཐུན་མོང་འབད་བརྩོན་འོག་སྔོན་ཆད་དཀའ་ཚེགས་ཆེ་བའི་ས་ཆ་དེར་ད་ཆ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།
ད་ཆ་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པ་མ་ཟད་དེ་གར་གུར་གཅིག་མང་དུ་ཕྱིན་ཡོད།
དགེ་རྒྱས་གྲོང་རྡལ་ཕུ་ཀོང་གྲོང་ཚོའི་གྲོང་མི་འགྱུར་མེད་ནི་ཀྲུང་གོ་གསར་པ་དང་ན་མཉམ་རེད། ཁོང་གིས་སྐབས་དེ་དུས་ཀྱི་ཐད་གཏོགས་མཛོད་ཀྱི་འཛུགས་སྐྲུན་གྱི་རྣམ་པ་མིག་མཐོང་ལག་ཟིན་ཐུབ་པ་མ་ཟད། ཐད་གཏོགས་མཛོད་ཀྱི་སློབ་ཆུང་ཡང་འགྲིམ་མྱོང་ཡོད་པས། ཐད་གཏོགས་མཛོད་ལ་འདོར་ཐབས་མེད་པའི་ཞེན་པས་བཅིངས་ཡོད། ལོ་གཉིས་ཀྱི་གོང་དུ་ཁོང་གི་ཁྱིམ་འདི་གར་སྤོས་པ་དང་ཐད་གཏོགས་མཛོད་ཀྱི་སྒོ་འགྲམ་དུ་སྟབས་བདེའི་གུར་ཞིག་ཕུབ། ཉིན་དེ་ནས་བཟུང་ཁོང་ནི་ཆར་རླུང་འཚུབ་ཀྱང་མཚམས་མི་འཇོག་པའི་ཐད་གཏོགས་མཛོད་ཀྱི་འོས་འགན་འགྲེལ་བཤད་བྱེད་མཁན་ལ་གྱུར་ཡོད།
“ཐོག་མའི་གུར་ཁ་ཤས་ནས་ད་ཆའི་དགེ་རྒྱས་རྫོང་གྲོང་དུ་འགྱིང་ངེར་གནས་པའི་ཐོག་ཁང་གི་བར་ང་ཚོའི་འཚོ་བ་ཉིན་རེ་བཞིན་ལེགས་སུ་ཕྱིན་ཡོད། རང་ཉིད་ལོ་ན་རྒས་ཚེ་འདི་གར་བྱུང་བའི་གཏམ་རྒྱུད་དག་གཞོན་ནུ་དེ་བས་མང་བར་ཤོད་འདོད་ཡོད”ཅེས་འགྱུར་མེད་ཀྱིས་བཤད།
བཅར་འདྲི་བྱེད་སྐབས་ཐག་རིང་ནས་སྐད་སྒྲ་གསང་པོ་ཞིག་གྲགས་འོང་། མགོ་བོ་གཅུས་ནས་ལྟ་སྐབས། ན་གཞོན་ཞིག་གིས་ཕི་ཁ་རྟགས་ཅན་གྱི་རླངས་འཁོར་ཞིག་བཏང་ནས་འགྱུར་མེད་ལ“ངས་ཅ་ལག་འདི་དག་ཁྱེར་ཡོད། འདི་དག་ཚང་མ་ཚང་མས་ཞལ་འདེབས་བརྒྱབ་པ་ཤ་སྟག་རེད”ཅེས་བརྗོད།
དེ་ལྟར་ཤོད་མཁན་ནི་དགེ་རྒྱས་གྲོང་རྡལ་སྣ་ཕུག་གྲོང་ལྷན་གྱི་ཧྲུའུ་ཅི་དགྲ་འདུལ་རེད། རླངས་འཁོར་དུ་ཅ་ལག་རྙིང་པ་བྱུར་བུར་བླུགས་ཡོད་པ་དང་། དེ་དག་ཚང་མ་ཡུལ་མི་ཚོས་ཞལ་འདེབས་བརྒྱབ་པ་ཤ་སྟག་ཡིན་ཞིང་། ལྷམ་རྙིང་པ་དང་། གྱོན་གོས་རྙིང་པ། ཁུག་མ་རྙིང་པ་སོགས་ཡོད།
“ཁོ་ཚོས་དངུལ་མི་ལེན་པས། ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང”ཞེས་མིག་དམར་ཚེ་རིང་གིས་བརྗོད།
དགེ་རྒྱས་རྫོང་དུ་བདེ་སྐྱིད་ཚོར་སེམས་ཆེན་པོ་ཡོད་པ་ནི་མིག་མཐོང་ལག་ཟིན་ཞིག་རེད། མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ་དགེ་རྒྱས་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀུའུ་ཅན་ཀྲུང་གིས་གྲངས་གཞི་ཞིག་བཏོན་པ་སྟེ། རྫོང་ཡོངས་ཀྱི་དུད་ཚང་1181གི་མི་4314ཡི་དབུལ་སྒྲོལ་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་བརྟན་དུ་སོང་སྟེ། གྲོང་ཚོ་དབུལ་པོ(གྲོང་ལྷན)19ཚང་མ་དབུལ་པོའི་གནས་ལས་བསྒྲལ་བ་དང་། རྫོང་དེས་མ་དངུལ་སྒོར་དུང་ཕྱུར་1.04ཙམ་བཏང་སྟེ་གཅིག་སྡུད་གནས་སྤོའི་ས་ཚིགས་5བསྐྲུན་ནས་དུད་ཚང་502ཀྱི་མི་1877གྱི་གནས་སྤོའི་ལས་དོན་ལེགས་སྒྲུབ་བྱས་ཡོད་པ་རེད།
ཁོ་ཚོས“འཕྱུགས་པ་མེད་པའི་རྩིས”ཤིག་བརྒྱབ་པ་སྟེ། མིག་སྔར་དབུལ་སྒྲོལ་དུད་ཚང་གི་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་ཁེ་གཙང་སྒོར་ཁྲི་གཅིག་ཙམ་ཟིན་ཡོད་པ་རེད།
དངོས་པོའི་དཔལ་ཡོན་ཕུན་སུམ་ཚོགས་སུ་ཕྱིན་མོད། འོ་ན། མང་ཚོགས་ཀྱི་བསམ་བློའི་དཔལ་ཡོན་ཕུན་སུམ་ཇེ་ཚོགས་སུ་ཇི་ལྟར་གཏོང་དགོས་སམ་ཞེ་ན། དེའི་ཐད་ཚང་མས་མ་གྲོས་གཅིག་མཐུན་ངང་མིག་རྒྱང་ཐད་གཏོགས་མཛོད་ལ་བལྟས། ཐད་གཏོགས་མཛོད་ནི་མངའ་རིས་ཀྱི་བསམ་པའི་འབྲེལ་ས་ཞིག་ཡིན་པས། ངེས་པར་དུ་བསམ་པའི་ནང་དོན་སྔོག་འདོན་གཏིང་ཟབ་བྱེད་དགོས། ཡིན་ནའང་ནུས་པ་འདོན་སྤེལ་ཇི་ལྟར་བྱེད་དགོས་སམ།
དགེ་རྒྱས་རྫོང་ཆ་ཚང་སློབ་ཆུང་གི་དགེ་སློབ་ཚོ་ལྟ་སྐོར་བྱེད་པ་དང་ཏག་ཏག་ཕྲད་བྱུང་། རུ་སྣེ་འཁྲིད་མཁན་དགེ་རྒན་བསྟན་འཛིན་གྱིས“དེ་རིང་ལོ་རིམ་དང་པོ་དང་གཉིས་པའི་སློབ་མ་གསར་བརྗེའི་སློབ་གསོའི་རྟེན་གཞིར་ལྟ་སྐོར་ལ་ཁྲིད་ཡོང་བ་དང་། ང་ཚོས་ཕྲུ་གུ་དེ་བས་མང་བར་གསར་བརྗེའི་ལོ་རྒྱུས་ཤེས་སུ་འཇུག་གི་ཡོད”ཅེས་བརྗོད།
ནག་ཐིང་ཐིང་གི་བྲག་ཕུག་ཅིག་ཏུ་སློབ་གྲོགས་ཚོས་ལྟ་རུབ་རྒྱག་ཅིང་། དེ་ནི་དུས་རབས་གོང་མའི་དུས་དཀྱིལ་གྱི་དགེ་རྒྱས་རྫོང་གི་སློབ་ཁང་རེད། བྲག་ཕུག་ནང་དུ་སྐབས་དེ་དུས་ཀྱི་སློབ་ཁྲིད་རྣམ་པ་སླར་གསོ་བྱས་པ་སྟེ། ནག་པང་ས་སྟེང་དུ་ཡོད་པ་དང་། དགེ་རྒན་དབུས་སུ་སྡོད་ཀྱི་ཡོད། སྒྲོག་ཙེ་དང་རྐུབ་སྟེགས་མེད་པས། སློབ་མ་རྣམས་ཀྱིས་སྒོར་སྒོར་བྱས་ནས་བསྡད་དེ་སློབ་ཚན་ཉན་གྱི་ཡོད།
ལོ་8ལ་སླེབས་པའི་སློབ་ཆུང་སློབ་མ་ཁམས་གསུམ་སྙན་གྲགས་ཀྱིས་ཡ་མཚན་ཆེན་པོས་སློབ་ཁང་འདིར་ཞིབ་ལྟ་བྱས་ཏེ། “ད་བྱེད་དུས་དེ་སློབ་ཁང་ཡིན་པ་འདྲ། སྔོན་ཆད་སློབ་གྲྭར་བསྐྱོད་པར་དངོས་གནས་ལས་སླ་པོ་མི་འདུག ང་ཚོའི་ད་ཆའི་སློབ་ཁང་གི་ཆ་རྐྱེན་ཡག་པོ་ཡོད་པས། ངས་ངེས་པར་དུ་སློབ་སྦྱོང་ཡག་པོ་བྱེད་ཀྱི་ཡིན”ཞེས་བཤད།
འཇིམ་རྐོས་མདུན་དུ་གསར་འགོད་པས་དགེ་རྒྱས་རྫོང་དགེ་རྒྱས་གྲོང་རྡལ་གྱི་ཀྲེན་ཀྲང་ཧྲི་ཞན་པིན་ལ་བཅར་འདྲི་བྱེད་སྐབས། ཁོང་གིས་ཏང་ཡོན་50ལྷག་ཙམ་ལ་ཏང་གི་ལོ་རྒྱུས་སློབ་ཁྲིད་བྱེད་བཞིན་འདུག ཁོང་གིས“ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པར་ཚང་མས་ཐོས་མྱོང་བའི་ལོ་རྒྱུས་སློབ་སྦྱོང་བྱེད་པ་མ་ཟད། ཉེ་འགྲམ་གྱི་ཏང་གི་ལོ་རྒྱུས་ཀྱང་སློབ་སྦྱོང་བྱེད་དགོས། དགེ་རྒྱས་རྫོང་གི་སྔོན་གཤེགས་དཔའ་བོ་ཚོའི་སྔོན་ཐོན་བྱས་རྗེས་སློབ་སྦྱོང་བྱས་ཚེ། རྒྱ་ཆེའི་ཏང་ཡོན་ཚོའི་བསམ་བློར་ཉམས་སད་ཐེག་ཐུབ”ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་དགེ་རྒྱས་རྫོང་གི་ཐད་གཏོགས་མཛོད་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིས་རིམ་རྩིས་བྱས་ན། རྫོང་གཞན་དག་གི་འབྲོག་པ་མང་ཚོགས་དང་དེ་བཞིན་ཡུལ་སྐོར་བ་མི་ཐེངས་4172ལྷག་ཙམ་ལ་སྣེ་ལེན་ཞུས་པ་རེད། སྒྲོག་འགྲེལ་པ་རྒད་པོ་འགྱུར་མེད་ཀྱིས་རྟེན་གཞི་སྒོ་ཕྱེ་རྗེས་ལྟ་སྐོར་བྱེད་མཁན་16700ལ་སྣེ་ལེན་ཞུས་པ་ཡིན་ཞེས་བཤད།