དབུ་ཤོག>ཆེད་སྒྲིག
  • ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2021-11-15

    ལོ་བརྒྱའི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་མིའི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་གི་བརྗིད་ཆེའི་ལེའུ་བརྩམས་པ་མ་ཟད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་སྔར་བྱུང་མྱོང་མེད་པའི་འོད་སྟོང་འཕྲོ་བའི་མདུན་ལམ་ཡང་མངོན་པར་བྱས་ཡོད།

    ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》ནང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུ་དང་གྲུབ་འབྲས་གལ་ཆེན་ཕྱོགས་ཡོངས་ནས་ཕྱིར་དྲན་དང་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག དེ་བས་རྒྱ་ཆེ་བའི་ཟུར་ཚད་དང་ཕྱོགས་ལྔའི་ཐད་ནས་ཏང་གི་ལོ་བརྒྱའི་འབད་འཐབ་བརྒྱུད། ཀྲུང་གོ་མི་དམངས་ཀྱི་མདུན་ལམ་དང་ལས་དབང་ལ་རྦད་དེ་འགྱུར་ལྡོག་བྱུང་བ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འགྲོ་ལམ་ཡང་དག་བཏོད་པ། མར་ཁེ་སི་རིང་ལུགས་ཀྱི་སྐྱེ་སྟོབས་ཆེན་པོ་མངོན་པ། འཛམ་གླིང་གི་ལོ་རྒྱུས་འཕེལ་རིམ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པ། དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པའི་ཀྲུང་གོ་གུང་ཁྲན་ཏང་བསྐྲུན་པ་བཅས་ཕྱོགས་སྡོམ་བྱས་ཡོད། ཕྱོགས་ལྔ་ཡི་སྙིང་བསྡུས་དེ་དག་ནང་ད་དུང་ཀྲུང་ཧྭའི་ས་གཞི་ཆེ་མོར་གཞི་ཚུགས་པ་དང་མིའི་རིགས་ཀྱི་འབྱུང་འགྱུར་ལ་ཕྱོགས་ཏེ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་དབར་གྱི་འབྲེལ་བ་མངོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་མར་ཁེ་སི་རིང་ལུགས་དང་། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་བཅས་དབར་གྱི་འབྲེལ་བ་མངོན་པ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་གཏན་ཚིགས་དང་། རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་ཁྱབ་ཡོད།

    ལོ་བརྒྱའི་རིང་། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་ནས་ཟིལ་རླབས་དགུང་འཕྱུར་གྱི་འཐབ་རྩོད་རླབས་པོ་ཆེ་བྱས་པ་བརྒྱུད། ཀྲུང་གོ་མི་དམངས་བརྙས་བཅོས་དང་། གཉའ་གནོན། བྲན་བཀོལ་བཅས་ཀྱི་ལས་དབང་ལས་རྦད་དེ་ཐར་ཏེ་རྒྱལ་ཁབ་དང་། སྤྱི་ཚོགས། རང་ཉིད་བཅས་ཀྱི་ལས་དབང་གི་བདག་པོར་གྱུར་པ་དང་མི་དམངས་དམངས་གཙོ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ཏེ། མི་འབོར་དུང་ཕྱུར་14ལྷག་ཙམ་ཕྱོགས་ཡོངས་འབྱོར་འབྲིང་མངོན་འགྱུར་བྱུང་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཀྲུང་གོ་མི་དམངས་ཀྱི་འདུན་པ་རྒྱུན་ཆད་མེད་པར་མངོན་འགྱུར་བྱུང་ཡོད། ལོ་བརྒྱའི་རིང་། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་འབད་འཐབ་ལྷོད་མེད་དང་རྒྱུན་ཆད་མེད་པར་ཡར་རྒྱས་བརྩོན་ལེན་བྱས་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འགྲོ་ལམ་ཡང་དག་བདེ་བླག་ངང་གཏོད་དེ། ཀྲུང་གོ་འདི་ཉིད་ཁ་ཐོར་དགུ་ཐོར་དང་བྱེ་ཕུང་ཐོར་བ་ལྟར་ནས་ཚད་མཐོའི་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་དང་། དབུལ་ཕོངས་ཉམས་ཞན་དང་དབུལ་ཞིང་ཕོངས་པ་ནས་ཕྱོགས་ཡོངས་འབྱོར་འབྲིང་དང་སྟོབས་འབྱོར་མངའ་ཐང་རྒྱས་པ། ཉེས་རྡུང་དང་བརྙས་བཅོས་ཚད་མེད་མྱོང་བ་ནས་རང་བཙན་རང་བདག་དང་ཡིད་ཆེས་བརྟན་དུ་ཕྱིན་པ་བཅས་བྱུང་ཡོད། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ལོ་བརྒྱ་ཕྲག་བསྐྱོད་པའི་བཟོ་ལས་ཅན་གྱི་ལོ་རྒྱུས་ལམ་བུ་དེ་ལོ་བཅུ་ཕྲག་ནང་བསྐྱོད་ཟིན་ནས། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཀྱི་ངོ་མཚར་ཆེན་པོ་གཉིས་བཏོད་ཡོད། ལོ་བརྒྱའི་རིང་། ཏང་གིས་མར་ཁེ་སི་རིང་ལུགས་མཐའ་འཁྱོངས་བྱ་རྒྱུ་དེ་རང་ཉིད་ཀྱི་ཁ་ཕྱོགས་སུ་བྱས་ནས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་དང་། བློ་རྒྱ་ཆེན་པོས་མིའི་རིགས་ཀྱིས་གསར་སྐྲུན་བྱས་པའི་ཕུལ་བྱུང་ཤེས་རིག་གི་གྲུབ་འབྲས་མཐའ་དག་བསྡུ་ལེན། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ལག་ལེན་རླབས་པོ་ཆེར་ཁྲིད་སྟོན་བཅས་བྱས་པ་བརྒྱུད། མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་རང་བཞིན་དང་བདེན་དོན་རང་བཞིན་ཀྲུང་གོར་ཞིབ་བཤེར་གང་ལེགས་ཐུབ་པ་དང་། མར་ཁེ་སི་རིང་ལུགས་ཀྱི་མི་དམངས་རང་བཞིན་དང་ལག་ལེན་རང་བཞིན་ཀྲུང་གོར་ལག་བསྟར་གང་ལེགས་བྱུང་བ། མར་ཁེ་སི་རིང་ལུགས་ཀྱི་སྒོ་འབྱེད་རང་བཞིན་དང་དུས་རབས་རང་བཞིན་ཀྲུང་གོར་གང་ལེགས་མངོན་ཐུབ་པ་བཅས་བྱུང་ཡོད། ལོ་བརྒྱའི་རིང་། ཏང་གིས་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བར་བྱས་ཡོད་ལ། མིའི་རིགས་ཡར་ཐོན་ཡོང་བ་དང་འཛམ་གླིང་སྤྱི་སྙོམས་ཆེན་པོ་ཡོང་བ་བྱས་པ་མ་ཟད། སྙིང་རུས་ཆེན་པོའི་འབད་འཐབ་ལ་བརྟེན་ནས་འཛམ་གླིང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་དང་བཀོད་པར་འགྱུར་ལྡོག་གཏིང་ཟབ་བཏང་བ་དང་། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་གྲུབ་འབྲས་ཐོབ་པའི་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་འགྲོ་ལམ་ཐོག་བསྐྱོད་པ་དང་། མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་བཏོད་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་དུ་བསྐྱོད་པའི་ཐབས་ལམ་རྒྱ་ཆེར་བཏང་བ་བཅས་བྱས་ཏེ། འཛམ་གླིང་ཐོག་མགྱོགས་མྱུར་འཕེལ་རྒྱས་འགྲོ་འདོད་མཁན་ནམ་ཡང་ན་རང་ངོས་རང་ཚུགས་རྒྱུན་འཁྱོངས་བྱེད་འདོད་མཁན་རྒྱལ་ཁབ་དང་མི་རིགས་ལ་གདམ་ག་གསར་པ་མཁོ་འདོན་བྱས་ཡོད། ལོ་བརྒྱའི་རིང་། ཏང་གིས་ངོ་བོ་དང་དམིགས་ཡུལ་མཐའ་འཁྱོངས་དང་། ཕུགས་བསམ་དང་དད་སེམས་མཐའ་འཁྱོངས། ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་། རང་ངོས་གསར་བརྗེ་བྱེད་ཕོད་པ། འཆི་གསོན་གྱི་འཐབ་རྩོད་དང་དཀའ་སྤྱད་འབད་འཐབ་ཁྲོད་ཉེན་ཁ་དང་ཚོད་བགམ་སྣ་ཚོགས་ཁྱད་བསད་དང་བློས་གཏོང་ཆེན་པོ་བཅས་བྱས་པར་བརྟེན། ཆབ་སྲིད་ཀྱི་གཤིས་རྒྱུད་མངོན་གསལ་དོད་པོ་ཞུན་བརྡར་ཐུབ་ནས་ཏང་འཛུགས་པའི་སྙིང་སྟོབས་རླབས་པོ་ཆེ་གཙོ་བོར་བྱེད་པའི་སྙིང་སྟོབས་རྒྱུད་རབས་གྲུབ་པ་མ་ཟད། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་ཐུབ་སྟེ་ཏང་གི་སྲིད་སྐྱོང་ནུས་པ་དང་འགོ་ཁྲིད་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། 《གྲོས་ཆོད》ནང་ཕྱོགས་ཡོངས་དང་། གཏིང་ཟབ། ཞིབ་ཕྲ་བཅས་ཀྱི་སྒོ་ནས་ཏང་གིས་ཀྲུང་གོ་མི་དམངས་དང་། ཀྲུང་ཧྭ་མི་རིགས། མར་ཁེ་སི་རིང་ལུགས། མིའི་རིགས་ཀྱི་ཡར་ཐོན་བྱ་གཞག མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་འཛུགས་སྐྱོང་བཅས་ལ་ཕུལ་བའི་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་རྒྱས་བཤད་བྱས་ཡོད་ལ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་དོན་སྙིང་གལ་ཆེན་དང་རིན་ཐང་གནས་སའང་གསལ་སྟོན་གཏིང་ཟབ་བྱས་ཡོད།

    ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག འདས་ཟིན་པའི་འབད་འཐབ་ལམ་བུར་ཕྱིར་མིག་ལྟ་བ་དང་མདུན་ཕྱོགས་ཀྱི་འབད་འཐབ་ལམ་བུར་རྒྱང་ལྟ་བྱེད་སྐབས། ང་ཚོར་ཡིད་ཆེས་དང་སྤོབས་སེམས་ཀྱིས་ཁེངས་བཞིན་ཡོད། དུས་རབས་གསར་པར་འབད་འཐབ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་དཔའ་མཛངས་རྟུལ་ཕོད་ངང་མདུན་སྐྱོད་བྱས་ནས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཞུམ་མེད་འབད་འཐབ། དཀའ་ངལ་ལ་མི་སྐྲག་པར་མདུན་སྐྱོད་བཅས་བྱས་ཚེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པའི་དམིགས་ཚད་མངོན་འགྱུར་ཐུབ་ངེས་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།