དབུ་ཤོག>ཆེད་སྒྲིག
  • ཤན་ཆེན་ཤང་གི“དམག་དོན་ལོ་རྒྱུས་མཁས་ཅན”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-06

    1266560_yis_1636128000000_s.jpg

    འདི་ནི་བསྟན་འཛིན་སྒྲོལ་མས“སྔོན་སྐྱོད་ལེན་ཤོག་གི་རྗེས་ཤུལ་འཚོལ་བའི”བཅར་འདྲི་འཕྲིན་སྤེལ་ཚོགས་ཆུང་ལ་སྔོན་སྐྱོད་ལེན་ཤོག་གི་མཛད་རྗེས་འགྲེལ་བཤད་རྒྱག་བཞིན་པ།

    བསྟན་འཛིན་སྒྲོལ་མའི་ཡིག་ཚགས།

    ཕ་ཡུལ་བོད་ལྗོངས་སྨར་ཁམས་རྫོང་ནས་ཡིན། 1995ལོའི་ཟླ་11པར་ལྷ་སར་སྐྱེས། 2016ལོའི་ཟླ་6པར། བོད་ལྗོངས་སློབ་ཆེན་ཡུལ་སྐོར་དང་ཕྱི་སྐད་སློབ་གླིང་ནས་སློབ་མཐར་ཕྱིན། བྱ་གཞག་ཚན་པའི་ཡིག་རྒྱུགས་ལོན་ནས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་ཤན་ཆེན་ཤང་མི་དམངས་སྲིད་གཞུང་དུ་ལས་བགོས་བརྒྱབ། ཁོང་དཔེ་ཀློག་དང་། ཞབས་བྲོ། འགྲེལ་བཤད་རྒྱག་རྒྱུ་བཅས་ལ་དགའ་པོ་ཡོད། 2019ལོའི་ཟླ་9པར། ཤན་ཆེན་ཤང་བོད་སྐྱོད་སྔོན་སྐྱོད་ལེན་ཤོག་དྲན་གསོ་ཁང་བསྐྲུན་རྗེས་འགྲེལ་བཤད་རྒྱག་མཁན་དང་པོར་གྱུར་ནས་ད་བར་འགྲེལ་བཤད་ཐེངས་300ལྷག་ཙམ་བརྒྱབ།

    བསྟན་འཛིན་སྒྲོལ་མར་བཅར་འདྲི་བྱེད་དོན་ནི་སྟེས་དབང་ཞིག་རེད།

    ང་ཚོ“སྔོན་སྐྱོད་ལེན་ཤོག་གི་རྗེས་ཤུལ་འཚོལ་བའི”བཅར་འདྲི་འཕྲིན་སྤེལ་ཚོགས་ཆུང་གྲ་མ་མང་པོར(ད་ཆའི་སྒེར་རྩེ་རྫོང་ཤན་ཆེན་ཤང)བསྐྱོད་པ་ཡིན། དེ་གར་བསྐྱོད་པའི་དམིགས་ཡུལ་གཙོ་བོ་གཉིས་ཡོད་པ་སྟེ། གཅིག་ནས་བོད་སྐྱོད་སྔོན་སྐྱོད་ལེན་ཤོག་གི་དྲན་གསོ་ཁང་ལ་ལྟ་སྐོར་དང་གཉིས་ནས་བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག་གི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་ལྟ་རྒྱུ་དེ་རེད། ལམ་བར་དུ་ང་ཚོར་འགྲེལ་བཤད་རྒྱག་མཁན་ནི་བསྟན་འཛིན་སྒྲོལ་མ་རེད།

    བསྟན་འཛིན་སྒྲོལ་མའི་འགྲེལ་བཤད་ལ་ཁྱད་ཆོས་ཧ་ཅང་མང་པོ་ལྡན་ཞིང་། ཁྱད་ཆོས་གཙོ་བོ་ནི་ཁོང་གིས་འགྲེལ་བཤད་རྒྱག་པའི་བརྒྱུད་རིམ་ནང་ཉན་མཁན་གྱི་སེམས་ནང་འདས་ཟིན་པའི་རྣམ་པ་ངང་གིས་འཆར་བས་ཁོང་ཚོ་སེམས་འགུལ་དབང་མེད་དུ་ཐེབས་ཀྱི་ཡོད། ང་ཚོར་ཡང་དེའི་རྐྱེན་གྱིས་ཁོང་ལ་བག་ཆགས་ཟབ་མོ་བྱུང་།

    ཕྱིས་སུ་རྒྱུ་མཚན་ཅི་ཞིག་གིས་སྔོན་སྐྱོད་ལེན་ཤོག་གཏམ་རྒྱུད་ལ་ཁོ་མོ་དབྱིངས་ཞུགས་པ་ཡིན་ནམ་སྙམ་ནས་བཅར་འདྲི་བྱས་པ་ཡིན།

    འདི་ལོ་ལོ་26ལ་སླེབས་པའི་བསྟན་འཛིན་སྒྲོལ་མ་2016ལོའི་ཟླ་6པར་བོད་ལྗོངས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་བྱ་གཞག་ཚན་པའི་ཡིག་རྒྱུགས་ལོན་ནས་སྒེར་རྩེ་རྫོང་ཤན་ཆེན་ཤང་མི་དམངས་སྲིད་གཞུང་དུ་ལས་བགོས་རྒྱབ།

    ཤན་ཆེན་ཤང་དུ་སླེབས་སྐབས་བསྟན་འཛིན་སྒྲོལ་མར་ཤན་ཆེན་ཤང་གི་ཤང་མིང་ལ་ཡ་མཚན་ཆེན་པོ་སྐྱེས། ཁོང་གིས“ས་མིང་དེ་ནི་བོད་ཡིག་ལས་སྒྲ་སྒྱུར་བྱས་པ་ཞིག་རེད་མི་འདུག བྱང་ཐང་ཐག་རིང་ལུང་ཁུག་ཏུ་རྒྱ་ཡིག་གི་ས་མིང་འདི་ལྟ་བུ་ཧ་ཅང་མཐོང་དཀོན་པོ་ཞིག་རེད། དེར་རྒྱུ་མཚན་ཞིག་ཡོད་ངེས་རེད་སྙམ”ནས“སྔོན་སྐྱོད”ཅེས་པའི་ཡིག་འབྲུ་དེ་གཉིས་ལ་ཁོང་གིས་ཡིད་འཇོག་ཆེན་པོ་བྱེད་ཀྱི་ཡོད།

    དེ་རྗེས་གལ་ཏེ་བོད་སྐྱོད་སྔོན་སྐྱོད་ལེན་ཤོག་གི་དྲན་གསོ་ཁང་འཛུགས་སྐྲུན་རྣམ་གྲངས་དེ་མེད་ཚེ་བསྟན་འཛིན་སྒྲོལ་མས་སྔོན་སྐྱོད་ལེན་ཤོག་གི་མིང་གི་འབྱུང་ཁུངས་སྟབས་བདེ་ཤེས་པ་ཙམ་ཡིན་ངེས་རེད།

    2018ལོའི་ཟླ་7པར། མངའ་རིས་ས་ཁུལ་གྱིས་ཤན་ཆེན་ཤང་དུ་བོད་སྐྱོད་སྔོན་སྐྱོད་ལེན་ཤོག་གི་དྲན་གསོ་ཁང་བསྐྲུན་རྒྱུའི་སྟ་གོན་བྱས། བསྟན་འཛིན་སྒྲོལ་མས“སྐབས་དེ་དུས་ངའི་བསམ་པར་ཐག་རིང་ལུང་ཁུག་གི་གྲོང་གསེབ་ཏུ་གཞི་ཁྱོན་ཆེ་བའི་དྲན་གསོ་ཁང་འདི་འདྲ་ཞིག་སྐྲུན་རྒྱུ་དེ་བསམ་ཡུལ་ལས་འདས་སོང”ཞེས་བཤད། ཁོང་གིས་ཀྱང་རང་ཉིད་དྲན་གསོ་ཁང་དེའི་འགྲེལ་བཤད་པར་འགྱུར་སྙམ་པ་སྣང་བའི་ཡུལ་ལ་ཡང་འཆར་མྱོང་མེད།

    ལས་གྲྭ་གང་མགྱོགས་འཛུགས་སྐྲུན་བྱས་པ་བརྒྱུད། ལོ་གཅིག་དང་ལོ་ཕྱེད་མ་འགོར་བར་བོད་སྐྱོད་སྔོན་སྐྱོད་ལེན་ཤོག་གི་དྲན་གསོ་ཁང་བསྐྲུན་ཟིན་པ་རེད།

    2019ལོའི་ཟླ་དགུ་པར་བསྟན་འཛིན་སྒྲོལ་མར་ཞི་པའེ་ཕོ་དྲན་གསོ་ཁང་དུ་གསོ་སྦྱོང་ལ་བསྐྱོད་དགོས་པའི་བརྡ་ཐོ་འབྱོར།

    ཞི་པའེ་ཕོའི་དྲན་གསོ་ཁང་དུ་དུས་ཡུན་ཉིན་50ཡི་གསོ་སྦྱོང་རིང་ཁོང་གིས་གུས་སྲོལ་དང་། སྒྲ་འདོན་སྟངས། རྣམ་འགྱུར་འདོན་སྟངས་སོགས་སློབ་སྦྱོང་ཧུར་ཐག་བྱས།

    2019ལོའི་ཟླ་11པའི་ཟླ་འགོར་ཤང་དུ་ལོག་མ་ཐག་བསྟན་འཛིན་སྒྲོལ་མས་དྲན་གསོ་ཁང་དུ་བསྐྱོད་ནས་ས་ཆ་དངོས་སུ་སྦྱོང་བརྡར་བྱེད་འགོ་བརྩམས།

    བསྟན་འཛིན་སྒྲོལ་མས་འགྲེལ་བཤད་ཡག་པོ་རྒྱག་དགོས་ན་རང་ཉིད་ཁོར་ཡུག་དེ་དང་མཉམ་འདྲེས་བྱེད་དགོས་པ་གསལ་པོར་ཤེས་ཀྱི་ཡོད། དེར་བརྟེན་ཁོང་གིས་སྔོན་སྐྱོན་ལེན་ཤོག་གི་དཔྱད་ཡིག་སྣ་ཚོགས་འཚོལ་ཞིབ་བྱས། འབེལ་འདུ་དང་། ཐེང་ཤུན། ཨའེ་ཆི་དབྱི། ཡིའུ་ཁུའུ། འཁྱུག་དབྱིངས་སོགས་ལས་སྟེགས་ཚང་མ་ནས་སྔོན་སྐྱོད་ལེན་ཤོག་གི་འབྲེལ་ཡོད་དཔྱད་གཞི་ཡང་ནས་ཡང་དུ་བཙལ་འཚོལ་བྱས། 《སྔོན་སྐྱོད་ལེན་ཤོག》དང《ཁ་བས་བསྡམས་པའི་ཁུ་ནུ་རི་བོ》སོགས་ཀྱི་གློག་བརྙན་བརྩམས་ཆོས་ཀྱིས་ཁོང་ལ་བག་ཆགས་ཟབ་མོ་བྱུང་ཡོད།

    འགྲེལ་བཤད་གཏིང་ཟབ་བྱེད་དགོས་པ་དང་བསྟུན་ནས་བསྟན་འཛིན་སྒྲོལ་མས་ལྟ་སྐོར་ལ་ཡོང་མཁན་མང་ཚོགས་ཀྱི་དོགས་པ་སེལ་བར་འགྲེལ་བཤད་གསལ་པོ་རྒྱག་དགོས་སྟབས། བོད་སྐྱོད་སྔོན་སྐྱོད་ལེན་ཤོག་གི་དྲན་གསོ་ཁང་དང་འབྲེལ་བ་ཡོད་པའི་ཤེས་བྱ་ཁོ་ནས་མི་འདང་སྟབས། བོད་སྐྱོད་སྔོན་སྐྱོད་ལེན་ཤོག་དྲན་གསོ་ཁང་གི་སྤྱི་ཁྱབ་ཇུས་འགོད་པ་ཡུས་ཅང་དང་། སྒེར་རྩེ་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཁྲེང་ཧྲན། དེ་བཞིན་སྔོན་སྐྱོད་ལེན་ཤོག་གྲ་མ་མང་པོར་སྡོད་སྐབས་ཀྱི་གཏམ་རྒྱུད་མང་པོ་ཉན་མྱོང་བའི་ཤན་ཆེན་ཤང་བྲག་ཕུག་གྲོང་ཚོའི་ལས་བྱེད་པ་ཚེ་རྒྱལ་དང་བཀྲ་རིག་སོགས་ཚང་མ་བསྟན་འཛིན་སྒྲོལ་མའི་བློ་འདྲི་བྱ་ཡུལ་དུ་གྱུར། ཁོང་ཚོས་བསྟན་འཛིན་སྒྲོལ་མར་ད་དུང《མངའ་རིས་སུ་དཔུང་སྐྱོད་བྱེད》དང《མངའ་རིས་ཀྱི་གསང་བ་བརྟོལ་བ》སོགས་འབྲེལ་ཡོད་དཔེ་དེབ་འོས་སྦྱོར་བྱས།

    བསྟན་འཛིན་སྒྲོལ་མར་ཆ་མཚོན་ན། དྲན་གསོ་ཁང་དུ་སྐྱོད་ཐེངས་རེ་རེ་ནི་ཤེས་བྱ་ཉམས་ལེན་དང་གོ་བ་གཏིང་ཟབ་ལོན་པའི་གོ་སྐབས་ཤིག་ཡིན་ལ“སྔོན་སྐྱོད་ལེན་ཤོག་གི་སྙིང་སྟོབས”ལ་འཚོལ་ཞིབ་ཡག་པོ་བྱེད་པ་ཞིག་ཀྱང་རེད། བསྟན་འཛིན་སྒྲོལ་མས་ལས་གནས་དེར་གཅེས་སྤྲས་ལྡབ་བརྒྱ་བྱས་པས་ཁོང་རང་ཉིད་ཀྱང་ཕྱོགས་གང་ས་ཅི་ཐད་ནས་ཡར་རྒྱས་ཆེན་པོ་བྱུང་ཡོད། ད་ཆ་ས་གནས་དེ་གར་བསྟན་འཛིན་སྒྲོལ་མའི་སྐོར་གླེང་སྐབས་ཚང་མས་མ་གྲོས་གཅིག་མཐུན་ངང་ཁོང་ལ“དམག་དོན་ལོ་རྒྱུས་རིགས་གཅིག་མཁས་ཅན”ཞེས་འབོད་ཀྱི་ཡོད།

    (འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་ཡུས་དང་། ལི་ཡིའུ་ཅུན། མིག་དམར། ཞོགས་གཡང་།)

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།