ཆའོ་ཏེ་ལུའུ་ཡི་ཡིག་ཚགས།
ཆའོ་ཏེ་ལུའུ། ཕོ། བོད་རིགས། མིང་གཞན་ལ་ཨའོ་ཧྲི་ཡང་ཟེར། 1921ལོར་དེང་གི་ཀན་ལྷོ་ཡུས་ཀུའུ་རིགས་རང་སྐྱོང་རྫོང་ཆི་ཧྥུང་བོད་རིགས་ཤང་ཆིན་ཁེ་ཏེ་གྲོང་ཚོར་སྐྱེས། 1960ལོའི་ཟླ་7ཚེས་17ཉིན་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།
ཆའོ་ཏེ་ལུའུ་ཡིས་ཚེ་གང་ཕྱག་ལས་མང་པོ་གནང་མྱོང་ཞིང་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད། 1941ལོར་དམག་དཔུང་དུ་ཞུགས་རྗེས་ཐའོ་ཀྲི་གཡོད་དམག་དཔུང་དང་མཉམ་དུ་ཤིན་ཅང་དུ་ཞི་བའི་འོས་ལངས་བྱས་པ་དང་། 1949ལོའི་ཟླ་9པར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལ་ཞུགས། 1950ལོའི་ཟླ་4པ་ནས་བཟུང་སྔ་རྗེས་སུ་ཤིན་ཅང་དམག་ཁུལ་ཁང་གི་རང་ཚུགས་རྟ་དམག་ཧྲི་ཤོག་དང་། བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག བོད་དམག་ཁུལ་ཁང་མངའ་རིས་རྟ་དམག་ཉིང་ལག་རུ་ཁག བོད་ལྗོངས་མངའ་རིས་དམག་ཁུལ་ཁང་གསང་འཕྲིན་ཁྲུའུ་གཉིས་པ་སོགས་སུ་སྐད་སྒྱུར་བ་བྱེད་མྱོང་ཡོད། 1970ལོའི་ཟླ་5པར་ལས་སྒྱུར་བྱས་ནས་ཀྲང་ཡེ་ཡོན་ནགས་ཚལ་དོ་དམ་ཅུས་དང་། ས་ཁུལ་ནགས་ལས་ཅུས། ནགས་ལས་ཁྲུའུ་སོགས་ཚན་པར་ལས་བགོས་བརྒྱབ། 1979ལོར་ཀྲང་ཡེ་ཡོན་ས་ཁུལ་ནགས་ལས་ཁྲུའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ(རྫོང་རིམ་པ་གཞོན་པའི་ཐོབ་ཐང་ཡིན)བྱས། 1984ལོའི་ཟླ་7པར་རྒན་ཡོལ་ཞུས་པ་དང་2012ལོའི་ཟླ་12ཚེས་29ཉིན་ཀྲང་ཡེ་རུ་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་དགུང་ལོ་92ཡིན།
འདི་ནི་ཆའོ་ཏེ་ལུའུ་འཚོ་བཞུགས་སྐབས་ནང་མི་དང་མཉམ་དུ་བརྒྱབ་པའི་པར་ཡིན་པ། པར་འདི་ནི་ཆའོ་ཏི་ལུའུ་བུ་མོ་ཆའོ་ལིན་གྱིས་མཁོ་འདོན་བྱས།
2012ལོའི་ཟླ་12ཚེས་29ཉིན། མངའ་རིས་ས་ཁུལ་རུ་ཐོག་རྫོང་མི་དམངས་དྲག་ཆས་པུའི་པུའུ་ཀྲང་ལུའུ་ཀྲུང་ཧུའེ་ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་དུ་བསྐྱོད་དེ། དམར་མདངས་བཀྲ་བའི་ཏང་དར་སྐུ་གཤེགས་མ་ཐག་པའི་འཐབ་འཛིང་པ་རྒན་གྲས་དེའི་སྐུ་ཕུང་ལ་གཡོགས་ནས་ཁོང་གིས་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་བྱ་གཞག་ལ་ལེགས་སྐྱེས་ཕུལ་བར་རྗེས་དྲན་ཞུས།
སྐུ་གཤེགས་མ་ཐག་པའི་ཁོང་ནི་བོད་སྐྱོད་སྔོན་སྐྱོད་ལེན་ཤོག་གི་སྐད་སྒྱུར་བ་ཆའོ་ཏེ་ལུའུ་རེད།
ཁོང་གི་བཟའ་ཟླ་ཀོ་ཀྲི་ལན་གྱིས་རང་ཉིད་དང་ལོ་མང་གཤིབ་པའི་བཟའ་ཟླ་ཚེ་ལས་འདས་སྟབས་ཡིད་སྐྱོ་བའི་མིག་ཆུ་རང་དབང་མེད་པར་ཤོར། ཆའོ་ཏེ་ལུའུ་འཚོ་བཞུགས་སྐབས་ཀོ་ཀྲི་ལན་ལ“ངའི་མི་ཚེ་དེའི་ནང་བྱ་བ་གྲངས་ལས་འདས་པ་ཞིག་སྒྲུབ་མྱོང་བས་རེ་བ་གཞན་གང་ཡང་མེད། ང་ཤི་རྗེས། ཏང་དར་ངའི་ལུས་ཐོག་ཏུ་གཡོག་རོགས། དེ་འདྲ་བྱུང་ན་ང་ཤི་ཡང་གནོང་འགྱོད་མེད”ཅེས་བཤད།
ཡུལ་མི་ཚོས་ན་གཞོན་དེ་ད་དུང་བརྗེད་མེད། “རི་བོ་ཧི་མ་ལ་ཡར་དར་དམར་ཐེངས་དང་པོ་འཛུགས་མཁན་ཀན་ལྷོའི་ཆི་ཧྥུང་བ”དང“བོད་སྐྱོད་སྔོན་སྐྱོད་ལེན་ཤོག་གི་ཏུང་ན་ཡི་སྤོབས་པ”ཁོང་གི་ངོ་མཚར་གཏམ་རྒྱུད་ཡུལ་མི་ཚོའི་ཁྲོད་ད་དུང་དར་བཞིན་ཡོད།
1921ལོར་ཆའོ་ཏེ་ལུའུ་ཀན་ལྷོ་ཡུས་ཀུའུ་རིགས་རང་སྐྱོང་རྫོང་ཆི་ཧྥུང་བོད་རིགས་ཤང་ཆིན་ཁེ་ཏེ་གྲོང་ཚོར་སྐྱེས། ལོ་རྒྱུས་དེབ་ཐེར་ཐོག་འཁོད་པར་གཞིགས་ན། ཆི་ཧྥུང་གི་བོད་རིགས་དེ་སྔ་ཤིས་ཁམས་སུ་གཞིས་ཆགས་ཤིང་། ཡོན་རྒྱལ་རབས་སྐབས་གནས་དེར་སྤོས་ཏེ་འཚོ་སྡོད་བྱས་པས། ལོ་རྒྱུས་ཐོག་ཏུང་ན་ཚོ་པ་ཞེས་བརྗོད་ཀྱི་ཡོད།
ལོ་18ལ་སླེབས་སྐབས་ཆའོ་ཏེ་ལུའུ་ཡིས་རི་ཁུག་དེ་ནས་ཐོན་རྒྱུའི་སེམས་ཐག་བཅད། 1939ལོར་ཁོང་ཕ་ཡུལ་ནས་རྐང་ཐང་མར་སུའུ་ཀྲོའུ་གྲོང་ཁྱེར(དེང་གི་ཅིའུ་ཆོན་གྲོང་ཁྱེར)དུ་སློང་མོ་བྱེད་ཀྱིན་ལས་ཀ་འཚོལ་བར་བསྐྱོད། དམག་མི་བསྡུ་བའི་སྐབས་དང་འཁེལ་བས། ཁོང་གིས་ཐེ་ཚོམ་མེད་པར་མིང་ཐོ་བཀོད་དེ་གོ་མིན་ཏང་གིས་བཙུགས་པའི“ནུབ་རྒྱུད་ན་གཞོན་སྦྱོང་བརྡར་ཚོགས་པའི”(གཤམ་དུ“ནུབ་སྦྱོང་ཚོགས་པ”ཞེས་བསྡུ་རྒྱུ)དམག་མི་ཞིག་བྱས།
“ནུབ་སྦྱོང་ཚོགས་པ”རུ་ཆའོ་ཏེ་ལུའུ་ཡིས་ལོ་གསུམ་གྱི་རིག་གནས་སློབ་ཁྲིད་གསོ་སྦྱོང་མཇུག་སྒྲིལ་རྗེས་ཧོང་ཕུའུ་དམག་དཔོན་སློབ་གྲྭ་ཤིས་ཨན་ཡན་ལག་སློབ་གྲྭར་རྒྱུགས་འཕྲོད། 1945ལོའི་ཟླ་5པར་སློབ་མཐར་ཕྱིན་ནས་གོ་མིན་ཏང་ཤིན་ཅང་ཐའོ་ཀྲི་གཡོད་དམག་དཔུང་དུ་ལས་བགོས་བརྒྱབ།
1949ལོའི་ཟླ་9པར། ཆའོ་ཏེ་ལུའུ་ཐའོ་ཀྲི་གཡོད་དམག་དཔུང་དང་མཉམ་དུ་ཤིན་ཅང་དུ་ཞི་བའི་འོས་ལངས་ལ་ཞུགས། ཤིན་ཅང་བཅིངས་འགྲོལ་བཏང་རྗེས། ཁོང་སླར་ཡང་རང་གནས་སའི་དཔུང་སྡེ་དང་མཉམ་དུ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་བཅོས་སྒྲིག་དང་ལེན་ཞུས་རྗེས། མི་དམངས་བཅིངས་འགྲོལ་གྱི་བྱ་གཞག་ཆེད་འབད་འཐབ་ལྷོད་མེད་བྱེད་པའི་མི་ཚེའི་འགོ་ཚུགས།
1950ལོའི་ཉིན་ཞིག ཆའོ་ཏེ་ལུའུ་ལ་ཧྲི་པུའུ་རུ་བསྐྱོད་དགོས་པའི་བརྡ་ཐོ་འབྱོར། ཧྲི་དཔོན་ཧོ་ཅ་ཁྲེང་གིས་ཆའོ་ཏེ་ལུའུ་ལ“ཀྲུང་དབྱང་གིས་བོད་དུ་དཔུང་སྐྱོད་བྱས་ནས་སྔོན་སྐྱོད་ལེན་ཤོག་འཛུགས་རྒྱུའི་ཐག་བཅད་ཟིན། རང་སྔོན་སྐྱོད་ལེན་ཤོག་གི་སྐད་སྒྱུར་བ་བྱེད་དགོས། དཀའ་ངལ་ཡོད་ན་ང་ཚོར་བཤད་ན་འགྲིག”ཅེས་བརྗོད། དེ་ལྟར་ཆའོ་ཏེ་ལུའུ་ཧྲི་དཔོན་ཧོ་ཅ་ཁྲེང་གིས་དམིགས་བཙུགས་བྱས་པའི་སྐད་སྒྱུར་བར་གྱུར་བ་དང་མའོ་ཀྲུའུ་ཞིས“འཛམ་གླིང་གི་དཔའ་བོ”ཞེས་འབོད་པའི་བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག་ལ་ཞུགས།
སྐད་སྒྱུར་བ་ཞིག་ཡིན་པའི་ཆའོ་ཏེ་ལུའུ་བོད་སྐྱོད་སྔོན་སྐྱོད་ལེན་ཤོག་དང་མཉམ་དུ་མངའ་རིས་སུ་འབྱོར་བ་དང་ས་གནས་དེ་གའི་བོད་རིགས་མང་ཚོགས་དང་འབྲེལ་གཏུག་དང་ལས་ཀ་བྱེད་སྐབས་ཡུལ་སྐད་མང་པོ་ཞིག་མི་ཤེས་པ་མ་ཟད། ད་དུང་སྐད་ཆ་ཁག་གཅིག་ཐད་སྒྱུར་བྱེད་ཐབས་བྲལ་བས་དཔེར་ན “བཅིངས་འགྲོལ་དམག”ལྟ་བུ་རེད། བོད་དུ་སླེབས་མ་ཐག་པའི་སྐབས་སུ་ལེན་ཀྲང་གཞོན་པ་ཕེང་ཆིང་ཡུན་གྱིས་ཆའོ་ཏེ་ལུའུ་ལ“‘བཅིངས་འགྲོལ་དམག’ཅེས་པ་བོད་སྐད་དུ་ཇི་ལྟར་བརྗོད་དགོས་སམ”ཞེས་དྲིས། དཔྱད་གཞིར་འཛིན་ཆོག་པའི་སྒྱུར་ཐབས་མེད་སྟབས་ཆའོ་ཏེ་ལུའུ་ཡིས“ཤག་པོ”ཞེས་བསྒྱུར་བ་རེད། “ཤག་པོ”ཞེས་པ་ནི་ཁམས་སྐད་ཀྱི“གྲོགས་པོ”ཞེས་པའི་དོན་ཡིན། ཆའོ་ཏེ་ལུའུ་ཡི་སྙིང་དབུས་སུ་བཅིངས་འགྲོལ་དམག་དང་བོད་རིགས་མང་ཚོགས་ཀྱི་ཤག་པོ་གཉིས་སུ་མ་མཆིས།
1950ལོའི་ཟླ་10པར་གྲ་མ་མང་པོར་བཅའ་སྡོད་བྱས་པ་ནས་ཕྱི་ལོའི་དཔྱིད་ཀ་ཤར་བའི་བར་སྔོན་སྐྱོད་ལེན་ཤོག་ཏུ་དུར་འཇུག་ཚར་རྒྱུ་མེད། ཆའོ་ཏེ་ལུའུ་ལའང་ཉེན་ཁ་ཐེངས་མང་འཕྲད་མྱོང་ཡོད། ཐེངས་ཤིག་ཕྱི་རུ་མྱུལ་ཞིབ་ཀྱི་ལས་འགན་སྒྲུབ་སྐབས། ཁ་བ་བུ་ཡུག་ཁྲོད་འདྲེད་བརྡབ་ཤོར་ནས་གཡང་ལ་ལྷུངས་གྲབས་བྱས་པ་དང་གཟུགས་པོ་ཡོངས་ཁྲག་གིས་ཚོས། སྟབས་ལེགས་པ་ཞིག་ལ་འཐབ་གྲོགས་ཚོས་དུས་ཐོག་ཏུ་བསྐྱབས་པར་བརྟེན་སྲོག་ཉེན་ལས་ཐར།
1950ལོའི་ཟླ་11པར་བོད་བྱང་ཐང་དུ་གྲང་རླུང་འུར་འུར་དུ་ལྡང་ཞིང་། གྲ་མ་མང་པོ་རྫོང་གི་ཤར་ལྷོའི་མཚམས་ཀྱི་སྤྱི་ལེ་20ཡི་སར་བརྒྱབ་པའི་གུར་ནང་སྔོན་སྐྱོད་ལེན་ཤོག་གི་སྤྱི་ཁྱབ་བཀོད་འདོམས་པ་ལི་ཏི་སན་གྱིས་སྐད་སྒྱུར་བ་ཆའོ་ཏེ་ལུའུ་དང་འཕྲིན་གཏོང་བ་ཁྲིད་དེ་མངའ་རིས་སྒར་དཔོན་ས་གནས་སྲིད་གཞུང་གིས་བཏང་བའི་དྲུང་ཡིག་ཚེ་བརྟན་ཕུན་རྒྱལ་དང་ཕྱག་མཛོད་བཀྲ་ཤིས་ཚེ་རིང་དང་དཀའ་ཚེགས་ཆེ་བའི་གྲོས་མོལ་བྱས། ཉིན་གསུམ་གྱི་གྲོས་མོལ་ནང་ཆའོ་ཏེ་ལུའུ་ཡིས་གཟབ་ནན་ངང་སྐད་སྒྱུར་བྱས། མཐར་ཕྱོགས་གཉིས་པོས《གྲོས་མཐུན་དོན་ཚན་ལྔ》ལ་མིང་རྟགས་བཀོད།
བོད་ཞི་བས་བཅིངས་འགྲོལ་བཏང་རྗེས། ཆའོ་ཏེ་ལུའུ་དང་སྔོན་སྐྱོད་ལེན་ཤོག་གི་རྗེས་མཐུད་དཔུང་སྡེའི་དཔོན་དམག་280ཡིས་མངའ་རིས་ཀྱི་མཐའ་སྲུང་འགག་སྒོར་མུ་མཐུད་བཅའ་སྡོད་བྱས་ནས་རྒྱལ་ཁབ་ཀྱི་ས་ཆ་བརྟན་སྲུང་བྱས།
1955ལོའི་དཔྱིད་ཀར་ཆའོ་ཏེ་ལུའུ་ལ་འཁོར་ཞག་ཏུ་འགྲོ་བའི་གོ་སྐབས་ཐེངས་དང་པོ་ཐོབ། དེའི་རིང་ཁོང་དང་ཕ་ཡུལ་གཅིག་པའི་ལོ་བཅུ་གྲངས་ཀྱིས་ཆུང་བའི་བོད་རིགས་བུ་མོ་ཀོ་ཀྲི་ལན་དང་ཆང་ས་བརྒྱབ།
འཁོར་ཞག་ཚར་རྗེས་ཆའོ་ཏེ་ལུའུ་དང་བཟའ་ཟླ་ཀོ་ཀྲི་ལན་མཉམ་དུ་མངའ་རིས་སུ་ལོག འོན་ཀྱང་ཡུན་རིང་རྒྱ་ནག་ཏུ་འཚོ་བ་བསྐྱལ་བའི་ཀོ་ཀྲི་ལན་མངའ་རིས་ཀྱི་རང་བྱུང་ཁོར་ཡུག་དང་འཕྲོད་ཐབས་བྲལ། ལོ་གཅིག་གི་རྗེས་སུ་དཔུང་སྡེས་མཐུན་སྦྱོར་བྱས་རྗེས་ཀོ་ཀྲི་ལན་ཁ་ཧྲི་ཚོང་ལས་ཅུས་སུ་ལས་སྒྱུར་བྱས་པ་དང་ཆའོ་ཏེ་ལུའུ་མུ་མཐུད་མངའ་རིས་སུ་བསྡད།
1970ལོར་ཆའོ་ཏེ་ལུའུ་དམག་དཔུང་ནས་ཕྱིར་ལོག་རྗེས། བཟའ་ཟླ་དང་བུ་མོ་ཁྲིད་དེ་ཕ་ཡུལ་ཀྲང་ཡེ་རུ་ལོག་པ་དང་བཟའ་ཚོ་གཉིས་མཉམ་དུ་ནགས་ལས་སྡེ་ཚན་དུ་ལས་བགོས་བརྒྱབ་ནས་ནགས་ལས་བཟོ་པ་བྱས། ནང་མི་བཞི་པོ་མཉམ་འཛོམས་ཉུང་ལ་ཁ་བྲལ་མང་བའི་འཚོ་བ་མུ་མཐུད་བསྐྱལ། 1984ལོར་དངོས་སུ་རྒན་ཡོལ་ཞུས།