དབུ་ཤོག>ཆེད་སྒྲིག
  • དཔའ་བོའི་སྟོབས་ཤུགས་འཕེལ་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-19

    1189365_yis_1634572800000_s.jpg

    འདི་ནི་ལི་ཁྲེང་ཏའོ་ལྟེ་བའི་སློབ་ཆུང་གི་སློབ་ཕྲུག་ཚོས་ལྗོངས་རྣམ་ཟློས་གར《ལི་ཏི་སན》ཞེས་པ་འཁྲབ་བཞིན་པ།

    ལི་ཏི་སན་གྱི་རྐང་པ་སྐྲངས་འདུག

    རྨ་རས་རྨ་ཁར་འབྱར་བ་དང་རྣག་དང་ཆུ་སེར་གྱིས་རྨ་རས་འཚོས་ཏེ་དྲི་ངན་ཁ་གི་འདུག

    “བཀོད་འདོམས་པ་ལི་ལགས་ཁྱེད་རང་གིས་ང་ཚོར་གསང་མི་རུང”ཞེས་ཀན་ཧྲེ་ཁྲེན་ལགས་ཀྱིས་ངུ་ངག་ཐོག་ནས་དེ་ལྟར་ཤོད་པར་ཐལ།

    ཉིན་ཤས་སོང་རྗེས་ཁོང་གི་ནད་གཞི་ལྕི་རུ་སོང་ནས་འགྲོ་སྐྱོད་ཀྱང་དཀའ་བར་གྱུར། ཀྲི་པུའུ་ཡི་གཏན་འབེབས་ལ་བརྩི་སྲུང་ཞུ་བ་དང་ལས་ཀར་འཐུས་ཤོར་མི་ཡོང་བའི་ཆེད། ཁོང་གིས་འཕྲིན་སྐྱེལ་བར་བལ་ལེན་དུ་བཅུག་ནས་སྦོམ་ལ་རིང་བའི་ཐག་པ་ཞིག་བསླས་ཏེ་འཛིན་གྲྭ་ཁག་གི་ས་དོང་དང་སྦྲེལ་མཐུད་བྱས། ཁོང་གིས་ཐག་པ་དེར་འཇུས་ནས་འཛུམ་དམུལ་དམུལ་ངང་འཛིན་གྲྭ་ཁག་ལ་སྐོར་སྐྱོད་བྱེད་ཞོར་དུ་ཁོང་ཚོར་ཏང་གི་སློབ་ཚན་འཁྲིད་ཀྱི་ཡོད། སློབ་ཚན་ཐོག་ཁོང་གིས་དེ་སྔ་ཡན་ཨན་དུ་དམག་དཔོན་ཝང་ཀྲེན་དང་མཉམ་དུ་ཚ་ཚ་འུར་འུར་ངང་ཐོན་སྐྱེད་ཆེན་པོའི་ལས་འགུལ་སྤེལ་བའི་གནས་ཚུལ་དང་། མའོ་ཀྲུའུ་ཞིས་སྔོན་གཤེགས་དཔའ་བོ་ལིའུ་ཧུའུ་ལན་ལ་ཕྱག་བྲིས་ཕྱག་བསྟར་མ“འཚོ་བ་ནི་རླབས་ཆེ་ཞིང་ཤི་བ་ནི་གཟི་བརྗིད་ལྡན་པ”ཞེས་གནང་བའི་ནང་དོན་ཟབ་མོ་འཆད་ཁྲིད་བྱས།

    ——《བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག》ལས་བཏུས།

    འདི་ནི་བཟོད་དཀའ་བའི་རེ་སྒུག་ཅིག་ཡིན་པ་ཧ་གོ་མཁན་ཉུང་ཉུང་རེད།

    “རྨོ་བོ་ལགས་ཀྱིས་བགྲང་བྱ་12ཙམ་སྒུག་ནས་བཞུགས་པ་རེད། བསམ་ཡུལ་ལས་འདས་པ་ཞིག་ལ་མཐར་ཐོས་པ་ནི་སྤོ་བོ་ལགས་སྐུ་གཤེགས་པའི་གཏམ་ངན་དེ་རེད”ཅེས་ལི་ཏི་སན་གྱི་ཚ་བོ་ལི་ཧུའེ་ཐེན་གྱིས་བཤད།

    1951ལོར་ལི་ཏི་སན་མངའ་རིས་ས་ཁུལ་གྱི་གྲ་མ་མང་པོར་སྐུ་གཤེགས། ལོ་རབས་60པར་སླེབས་སྐབས་ལི་ཏི་སན་གྱི་གཉེན་ཉེ་ཞིག་གིས《བཅིངས་འགྲོལ་དམག་གི་རིག་རྩལ》དུས་དེབ་ཐོག་ནས་རྩོམ་ཡིག《ལི་ཏི་སན》ཞེས་པ་མཐོང་སྐབས་ཁོང་ཚོས་གཞི་ནས་ལི་ཏི་སན་སྔ་ས་ནས་སྐུ་གཤེགས་པ་ཤེས། དེ་དུས་ལི་ཏི་སན་སྐུ་གཤེགས་ནས་བགྲང་བྱ་12ཙམ་འདས་ཟིན།

    ལི་ཏི་སན་གྱི་ནང་མི་སྔར་བཞིན་གྲོང་གསེབ་ཏུ་འཚོ་བ་ངན་ངོན་ཙམ་སྐྱེལ་བཞིན་ཡོད། འོན་ཀྱང་ཁོང་ཚོས་རྩ་འཛུགས་ལ་རེ་བ་གང་ཡང་བཏོན་མེད། ལི་ཏི་སན་གྱི་མཛད་རྗེས་ས་གནས་དེ་གར་ཤེས་མཁན་དེ་ཙམ་མེད།

    མཛད་རྗེས་ལས་ཡུལ་མི་སྤུན་ཟླ་ཚོར་སེམས་འགུལ་ཆེན་པོ་ཐེབས་པ་དང་ཁོང་གི་སྙིང་སྟོབས་གསར་བརྗེའི་རིག་གནས་ལ་གྱུར། ད་དུང་ས་གནས་དེ་གའི་སློབ་གྲྭ་འབྲིང་ཆུང་དུ་ཁོང་གི་མཛད་རྗེས་དང་སྙིང་སྟོབས་རྒྱུན་འཛིན་བྱེད་བཞིན་ཡོད།

    ལི་ཏི་སན་གྱི་ཕ་ཡུལ་དང་བར་ཐག་མི་རིང་བའི་སར་ལི་ཁྲེང་ཏའོ་ལྟེ་བའི་སློབ་ཆུང་གནས་ཤིང་། སློབ་མ་ཚོས་གུང་གསེང་གི་སྐབས་དང་བསྟུན་ནས་ལྗོངས་རྣམ་ཟློས་གར《ལི་ཏི་སན》ཞེས་པ་ནང་སྦྱོང་བྱེད་བཞིན་ཡོད། ཁོང་ཚོས་ལི་ཏི་སན་གྱི་གསར་བརྗེའི་རྣམ་པ་སླར་ཡང་མཚོན་ཐབས་བྱེད་བཞིན་ཡོད།

    ལྗོངས་རྣམ་ཟློས་གར་ནང་སྦྱོང་བྱེད་པ་ནི་ལས་སླ་པོ་ཞིག་གཏན་ནས་མིན། ལོ་རིམ་བཞི་པའི་སློབ་མ་ལི་ཙེ་ཆིས་ཟླ་བ་གཉིས་ཀྱི་དུས་ཚོད་སྤྱད་དེ་པར་གཞི་མང་པོའི་འགྲེལ་བཤད་ཚིག་བློར་བཟུང་། སློབ་ཕྲུག་18ཀྱིས་སློབ་གསེང་སྐབས་རྟག་ཏུ་ནང་སྦྱོང་བྱེད་ཀྱི་ཡོད། ནང་སྦྱོང་བྱེད་སྐབས་ངལ་བ་ཆེ་ཡང་འཁང་ར་བྱེད་མཁན་གཅིག་ཀྱང་མེད།

    དཔའ་བོའི་གཏམ་རྒྱུད་ཇི་ལྟར་ཤོད་དགོས་སམ་ཞེ་ན། ལི་ཁྲེང་ཏའོ་ལྟེ་བའི་སློབ་ཆུང་གི་སློབ་སྤྱི་ཝང་ཧའེ་ཏུང་གིས་ལྗོངས་རྣམ་ཟློས་གར་གྱི་རྣམ་པའི་ཐོག་ནས་སློབ་ཕྲུག་ཚོར་རང་ཉིད་འཁྲབ་གཞུང་ནང་དངོས་སུ་ཞུགས་སུ་བཅུག་ནས་ལོ་རྒྱུས་ཉམས་སུ་མྱོང་དུ་འཇུག་རྒྱུ་དེ་རེད་ཅེས་བཤད།

    “དེ་ནི་སློབ་ཕྲུག་ཚོས་སྤྲོ་སྣང་གི་ཁྲོད་ནས་གཏམ་རྒྱུད་ལ་རྒྱུས་མངའ་ལོན་དུ་འཇུག་སྟངས་ཤིག་རེད”ཁོང་གིས་དེ་ནི་ཆེད་མངགས་ཕྲུ་གུ་ཚོར་བཀོད་སྒྲིག་བྱས་པའི་འཆར་ཅན་སློབ་ཚན་ཕུད་པའི“བསམ་བློ་ཆབ་སྲིད་ཀྱི་སློབ་ཚན”ཞིག་རེད་ཅེས་བཤད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོས་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེན་པོ”ཡག་པོ་འཁྲིད་དགོས་ན་ངེས་པར་དུ་དོན་དངོས་དང་ཟུང་འབྲེལ་བྱེད་དགོས། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཁྲིད་སྐབས་ཡིག་ཆ་འཁྱེར་ནས་སྒྲོག་སྦྱངས་བྱ་མི་ཉན། བླ་སྲོག་མེད་ན་སྙིང་པོ་གང་ཡང་མེད་ཅེས་ནན་བཤད་གནང་བ་ལྟར་རེད།

    “བསམ་བློ་ཆབ་སྲིད་ཀྱི་སློབ་ཚན”འདི་ལྟ་བུ་ཡག་པོ་འཁྲིད་དགོས་ན་ཕྱོགས་མང་པོའི་སྟོབས་ཤུགས་ཞུགས་དགོས།

    གསར་འགོད་པས་ཝུའུ་ཅི་རྫོང་སློབ་གསོ་ཅུས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཆིང་ཞོལ་མཐོང་བྱུང་། ཁོང་ནི་ལོ་རྒྱུས་དགའ་ཞེན་པ་ཞིག་ཡིན་པ་དང་། སློབ་གྲྭ་དེའི་ལྗོངས་རྣམ་ཟློས་གར་གྱི་འཁྲབ་གཞུང་གསར་རྩོམ་གྱི་བརྒྱུད་རིམ་ཧྲིལ་པོར་ཞུགས་འདུག

    ལི་ཆིང་ཞོལ་གྱིས“ངས་ཐབས་ཤེས་འདི་འདྲར་བརྟེན་ནས་དཔའ་བོ་དང་སློབ་ཕྲུག་དབར་གྱི་བར་ཐག་ཉེ་རུ་གཏོང་བ་དང་། ལྗོངས་རྣམ་ཉམས་ལེན་གྱི་ཐབས་ལ་བརྟེན་ནས་སློབ་ཕྲུག་ཚོས་ལོ་རྒྱུས་ཤེས་རྟོགས་དང་། དཔའ་བོར་བརྩི་བཀུར། སྙིང་སྟོབས་སློབ་སྦྱོང་བཅས་བྱས་ཏེ་གསར་བརྗེའི་ས་བོན་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱ་རྒྱུ་ཡིན”ཞེས་གསར་འགོད་པར་བཤད་བྱུང་།

    རྒྱུན་འཛིན་བྱ་རྒྱུ་ནི་ལས་སླ་པོ་ཞིག་མིན་པར་བབ་བསྟུན་སྣེ་ཁྲིད་བྱེད་དགོས།

    ལི་ཁྲེང་ཏའོ་དམའ་རིམ་སློབ་འབྲིང་དུ་གསར་འགོད་པས་སློབ་སྤྱི་ལི་ཞའོ་ཅུན་མཐོང་བྱུང་། ཁོང་གིས་སློབ་གྲྭས་རྩོམ་སྒྲིག་བྱས་པའི《དཔའ་བོ་དང་མཉམ་དུ་འགྲོགས》ཞེས་པའི་ཀློག་དེབ་བཏོན་ནས་སློབ་ཚན་བཀོད་སྒྲིག་བྱེད་སྐབས་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་ལ་ལི་ཏི་སན་གྱི་མཛད་རྗེས་བརྗོད་དུ་འཇུག་གི་ཡོད་ཅེས་བཤད་བྱུང་།

    “སློབ་ཁྲིད་སྐབས་དགེ་རྒན་གྱིས་སློབ་ཁྲིད་དང་གྲོས་བསྡུར་བྱེད་སྟངས་སྤྱད་དེ་སློབ་མ་ཚོས་ལི་ཏི་སན་མ་གྲོངས་གོང་དུ་སྨན་ཕན་ཉི་ཤིས་ལིན་མཐའ་མ་དེ་འཐབ་གྲོགས་གཞན་ལ་བཞག་པའི་སྐོར་ཐོས་སྐབས་སློབ་མ་མི་ཉུང་བ་ཞིག་སེམས་འགུལ་ཐེབས་ནས་མིག་ཆུ་ཤོར་གྱི་འདུག”ཅེས་ལི་ཞའོ་ཅུན་གྱིས་བཤད།

    གཏམ་རྒྱུད་ཡག་པོ་ཤོད་པ་ནི་སློབ་ཁྲིད་ཀྱི་ཐབས་ལམ་ཁོ་ན་ག་ལ་ཡིན། ས་གནས་དེས་ཡུལ་བབ་དང་བསྟུན་ནས་དྲིལ་བསྒྲགས་ཀྱི་ཐབས་ལམ་སྣ་ཚོགས་སྤྱད་ཡོད།

    ལི་ཏི་སན་སྤྱི་གླིང་ནི་དྲིལ་བསྒྲགས་བྱེད་སྟངས་གསར་པ་ཞིག་རེད།

    ལི་ཏི་སན་གྱི་བཞུགས་གནས་རྙིང་པ་དང་བར་ཐག་མི་རིང་བའི་སར་ལི་ཏི་སན་སྤྱི་གླིང་གསར་སྐྲུན་བྱས་ཡོད། སྤྱི་གླིང་དུ་སྐྱོད་སྐབས་མིག་ལམ་དུ་འཆར་བ་ནི་ལི་ཏི་སན་གྱི་བརྐོས་བརྙན་ཡིན་པ་དང་། བརྐོས་བརྙན་གཤམ་ཏུ་ཁོང་གི་ཚེ་གང་གི་བརྒྱུད་རིམ་བརྐོས་ཡོད། ལམ་ཆུང་བརྒྱུད་ཚེ་ལི་ཏི་སན་གྱི་འཚོ་བ་དང་འཐབ་འཛིང་གི་རྣམ་པ་བསྐྱར་མཚོན་གྱི་འབུར་བརྐོས་ཆེན་པོ་དེ་མཐོང་ཐུབ། མུ་མཐུད་ལམ་ཆུང་བརྒྱུད་རྗེས་ལམ་གཡས་གཡོན་དུ་འབུར་བརྐོས་8ཡོད་ཅིང་། དེ་དག་ཐོག་ལི་ཏི་སན་གྱི་གཏམ་རྒྱུད་8རྐོ་འབྲི་བྱས་ཡོད།

    གྲོང་མི་ཞིག་གིས“དེ་སྔ་ལི་ཏི་སན་གྱི་མཛད་རྗེས་ལ་རྒྱུས་མངའ་དེ་ཙམ་མེད། སྤྱི་གླིང་འདི་བསྐྲུན་པས་ང་ཚོའི་ཉེ་འགྲམ་དུ་དཔའ་བོ་ཧ་ལས་དགོས་པ་ཞིག་ཡོད་པ་གཞི་ནས་ཤེས་བྱུང”ཞེས་གསར་འགོད་པར་བརྗོད་བྱུང་།

    ད་ཆ་ལི་ཏི་སན་སྤྱི་གླིང་ཡང་རྫོང་དེའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་གྱུར་ཡོད།

    འདི་ལོའི་དྭངས་གསལ་དུས་ཚིགས་སུ་སློབ་མ་མང་པོ་དེ་གར་སླེབས་ཡོད། སློབ་མ་ཚོས་རྡོ་སྐས་ཀྱི་བང་རིམ་ལྟར་བང་གྲལ་འགྲིག་པོ་བསྒྲིགས་ནས་སྔོན་གཤེགས་དཔའ་བོ་ལི་ཏི་སན་གྱི་གྱང་གི་ཕྱོགས་སུ་བསྐྱོད། བརྗིད་ཉམས་ལྡན་པའི་སྔོན་གཤེགས་དཔའ་བོའི་གྱང་གི་མདུན་དུ་སློབ་གྲོགས་བཞིས་སྔོན་གཤེགས་དཔའ་བོ་ལི་ཏི་སན་ལ་མེ་ཏོག་སི་ར་ཕུལ་བ་རེད།

    “ང་ཚོས་སློབ་གསོ་གཏོང་སྟངས་མང་པོ་ཚོད་ལྟ་བྱེད་དོན་ནི་མི་རབས་རྗེས་མ་ཚོས་དེ་སྔ་ང་ཚོ་ཝུའུ་ཅི་རྫོང་ནས་དཔའ་བོ་ཆེན་པོ་ཞིག་ཐོན་མྱོང་བ་དང་། ཁོང་ནི་སློབ་ཕྲུག་ཚོས་སློབ་སྦྱོང་བྱེད་འོས་པ་ཞིག་ཡིན་པ་ཤེས་སུ་འཇུག་ཆེད་རེད”ཅེས་ལི་ཆིང་ཞོལ་གྱིས་བཤད།

    མི་རིང་བའི་གོང་ཝུའུ་ཅི་རྫོང་གི་སློབ་གསོའི་ཁོངས་གཏོགས་ཀྱི་ཏང་ཡོན་གསར་པ་ཏང་ནང་ཞུགས་སྐབས་དེ་གར་དམ་བཅའ་བཞག་པ་རེད།

    “ང་ཚོས་སློབ་ཕྲུག་གིས་རྒྱུས་མངའ་ཡོད་པ་བྱེད་དགོས་ལ་སློབ་གསོའི་ལས་དོན་པར་མྱོང་ཚོར་དེ་བས་ཡོད་པ་བྱེད་དགོས”ཞེས་ཝུའུ་ཅི་རྫོང་སློབ་གསོ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་ལི་ཀྲན་ཧྥེ་ཡིས“ལི་ཏི་སན་གྱི་སྙིང་སྟོབས་རྒྱུན་འཛིན་བྱ་ཆེད་ང་ཚོས་གསར་བརྗེའི་ཐོན་ཁུངས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ནས་གསར་བརྗེའི་སློབ་གསོའི་མཐོ་ས་གཏོད་རྩིས་བྱེད་བཞིན་ཡོད”ཅེས་བཤད།

    (འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་ཀྲེང་དང་ལི་ཡིའུ་ཅུན།)

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།