དབུ་ཤོག>ཆེད་སྒྲིག
  • བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ། འབད་འབུངས་ཡར་བརྩོན་སྟོབས་ཤུགས་འཕེལ་བར་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-18

    སྟོན་མཐའ་མའི་རང་སྒང་ཟིན་པའི་དུས་སུ་ལྗོངས་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་ས་མཐོའི་ས་གཞི་ཆེན་པོར་འཕྱུར་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱིམ་ཚང་ཚང་མས་ཤེས་པ་དང་མི་སེམས་ལ་གཏིང་ཟབ་ཟུག་རྒྱུར་སྐུལ་འདེད་གཏོང་ཆེད། ཟླ་9ཚེས་6ཉིན་ནས་བཟུང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པ་བཙུགས་ནས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་དང་། རྫོང(ཆུས)དང་ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་ཁག་གཅིག་ཏུ་བསྐྱོད་དེ་ཆེད་དོན་སྒྲོག་འགྲེལ་བྱས་པ་རེད། སྒྲོག་འགྲེལ་བྱེད་སྒོས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་ཐུན་མོང་ངོས་འཛིན་སྔར་བས་གཅིག་ཏུ་སྒྲིལ་བ་དང་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་འཕེལ་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    རྨང་གཞི་བརྟན་དུ་བཏང་ནས་བསམ་བློར་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་བཏང་བ།

    དར་ཆས་མདུན་སྐྱོད་ཀྱི་ཁ་ཕྱོགས་ལ་སྣེ་ཁྲིད་དང་སྒྲོག་འགྲེལ་གྱིས་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཞིང་། ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་དང་ཕུགས་ཀྱི་འཐབ་ཇུས་ལས་འགན་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་རྒྱུན་མཐུད་ངང་ཟབ་སྦྱོང་མཐིལ་རྟོགས་ཐད་ཤུགས་རྒྱག་པ་དང་། སློབ་གསོ་གསོ་སྦྱོང་ཡོངས་ཁྱབ་ཐུབ་རྒྱུར་ཤུགས་རྒྱག་པ། དྲིལ་བསྒྲགས་དང་སྒྲོག་འགྲེལ་ཐད་ཤུགས་རྒྱག་པ། རྣམ་པ་ཟབ་མོ་གཏོད་པའི་ཐད་ཤུགས་རྒྱག་པ་བཅས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་བྱམས་སྐྱོང་ལས་བྱེད་པ་དང་མང་ཚོགས་མི་རེ་ངོ་རེའི་སེམས་ནང་ཚོར་བ་བྱས་ཡོད།

    རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཚད་མཐོ་པོའི་སྒོ་ནས་སྐུལ་སྤེལ་བཏང་ཞིང་། ལྗོངས་ཏང་ཨུད་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།

    ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་འཚོགས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་སྒྲོག་འགྲེལ་གནད་བསྡུས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མཐོ་ཚད་དང་། ནང་དོན་གཙོ་བོ། སྒྲོག་འགྲེལ་གྱི་གཙོ་གནད་སོགས་ལ་བླང་བྱ་ཁ་གསལ་བཏོན་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཀྲོང་ཡན་གྱིས་སྒྲོག་འགྲེལ་གནད་བསྡུས་འཆར་ཟིན་ལ་མཛུབ་ཁྲིད་ནུས་ལྡན་གནང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་རྩ་གནད་ཀྱི་གཞི་རྩའི་སྒྲོམ་གཞི་གཏན་འཁེལ་གནང་བ་དང་སྒྲོག་འགྲེལ་གནད་བསྡུས་ཀྱི་འཆར་ཟིན་འགོད་པའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད་གནང་བ་རེད། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་སྒྲོག་འགྲེལ་གནད་བསྡུས་རྩོམ་སྒྲིག་སྒྲིག་འཛུགས་བྱས་པ་དང་ལྗོངས་ཏང་ཨུད་སྲིད་ཇུས་ཞིབ་འཇུག་ཁང་གིས་སྒྲོག་འགྲེལ་གནད་བསྡུས་ཀྱི་འགག་སྒོ་ནན་པོ་སྲུང་བ་དང་བཟོ་བཅོས་ནན་ཏན་བརྒྱབ་མཐར《གཙོ་འཛིན་གྱི་བཀའ་དྲིན་བློ་ལ་བརྟན་པོར་བཅངས་ནས་ས་མཐོར་ལེགས་སྐྱེས་ཧུར་ཐག་འབུལ་དགོས—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་གནད་བསྡུས》གྲུབ་པ་རེད། ལྗོངས་ཏང་ཨུད་ཀྱི་འཆད་ཁྲིད་ཚོགས་པས་ལྗོངས་ཡོངས་ཀྱི་སྒྲོག་འགྲེལ་ཇུས་གཞི་བཟོས་པ་དང་ཕུལ་བྱུང་གི་སྒྲོག་འགྲེལ་པ་བདམས་ཤིང་། ལྗོངས་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱིས་སྒྲོག་འགྲེལ་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་སྒྲོག་འགྲེལ་ནུས་ལྡན་ངང་སྤེལ་ཐུབ་པའི་འགན་ལེན་བྱས་པ་རེད།

    བཀོད་སྒྲིག་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཤིང་། ལྗོངས་ཏང་ཨུད་ཀྱི་འཆད་ཁྲིད་ཚོགས་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པར་བརྟེན་ནས་དུས་ཐོག་ཏུ་འགོ་ཁྲིད་ལས་བྱེད་པ་དང་རིགས་གཅིག་མཁས་ཅན་དང་མཁས་དབང་ཁག་གཅིག་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་ནང་ཞུགས་རྒྱུའི་གདན་ཞུ་བྱས་པ་དང་། གྲོང་ཁྱེར་དང་། ས་ཁུལ། རྫོང(ཆུས)ཁག་གིས་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་སྒྲོག་འགྲེལ་ཚོགས་པ་བཙུགས་ནས་གྲོང་ཁྱེར་དང་། ས་ཁུལ། རྫོང(ཆུས)བཅས་ཁག་ཏུ་སྒྲོག་འགྲེལ་བྱས་པ། གྲོང་ཁྱེར་དང་ས་ཨུད་དྲིལ་བསྒྲགས་པུའུ་དང་ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་ཁག་གིས་དུས་ཐོག་ཏུ་འབྲེལ་མཐུད་བྱས་ཏེ་སྒྲོག་འགྲེལ་བྱས་པ་རེད།

    སྒྲོག་འགྲེལ་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་ཞིང་། རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པ་དང་གྲོང་ཁྱེར་དང་ས་གནས་ཁག་དང་ཚན་པ་ཁག་གིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱས་ནས་འགོ་ཁྲིད་ལས་བྱེད་པས་སྣེ་འཁྲིད་དེ་སྒྲོག་འགྲེལ་དང་། རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པས་གཅིག་སྡུད་ཐོག་སྒྲོག་འགྲེལ། ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པས་སྒྲོག་འགྲེལ་ཧུར་ཐག གྲོང་ཁྱེར་དང་ས་ཁུལ་ཁག་གིས་རྗེས་སུ་འབྲངས་ནས་སྒྲོག་འགྲེལ། གཞི་རིམ་གྱི་སྒྲོག་འགྲེལ་པས་རྒྱ་ཁྱབ་ངང་སྒྲོག་འགྲེལ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་ཏེ་ཕྱོགས་ཡོངས་དང་། གནད་ལ་འཁེལ་པོ། གཏིང་ཟབ་བཅས་ཀྱི་སྒོ་ནས་ཆེད་དོན་སྒྲོག་འགྲེལ་བྱས་པ་རེད།

    མིག་སྔའི་བར་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པས་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་ཐེངས་50ལྷག་ཙམ་འཚོགས་པ་དང་མི་ཐེངས་ཁྲི་1.5ལྷག་ཙམ་གྱིས་སྒྲོག་འགྲེལ་ཉན་པ་དང་། གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཆེད་དོན་སྒྲོག་འགྲེལ་ཐེངས་ཁྲི་2.3ལྷག་ཙམ་སྒྲིག་འཛུགས་བྱས་པ་དང་མི་ཐེངས་ཁྲི་151.2ལྷག་ཙམ་གྱིས་སྒྲོག་འགྲེལ་ཉན་པ་རེད།

    གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཁྱད་ལྡན་སྒྲོག་འགྲེལ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་པ།

    ལྗོངས་ཡོངས་ཀྱི་སྒྲོག་འགྲེལ་ཚོགས་པའི་ཆེད་དོན་སྒྲོག་འགྲེལ་ལས་དོན་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་གྱི་གནད་བསྡུས་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་དང་མི་རིགས་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ལ་དམིགས་ཏེ། འགོ་འཛུགས་ས་གསར་པ་དང་། མཐོ་ཚད་གསར་པ། ནང་དོན་གསར་པ། སྒུལ་ཤུགས་གསར་པ་བཅས་འཇུག་གཞིར་བྱས་ཐོག གྲོང་ཁྱེར་དང་། ས་ཁུལ། རྫོང(ཆུས)ཚན་པ་ཁག་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅིས་བོད་དུ་གཟིགས་ཞིབ་གནང་བའི་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཟབ་མོ་རྒྱས་བཤད་གཏིང་ཟབ་བྱས་པ་རེད།

    སྒྲོག་འགྲེལ་གྱི་ནང་དོན་ཕྱོགས་ཡོངས་ལ་ཁྱབ་པ་དང་ཕུན་སུམ་ཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་བའི་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཟབ་མོ་དང་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་མངོན་གསལ་དོད་པོ་ཡོང་བར་བྱས་ཡོད་ལ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་དང་ཟུང་འབྲེལ་བྱས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཀྲུང་དབྱང་གི་རྟེན་འབྲེལ་གློག་འཕྲིན་དང་ཀྲུའུ་ཞི་དབང་དབྱང་གི་གསུང་བཤད་ཀྱི་དགོངས་དོན་སྒྲོག་འགྲེལ་བྱེད་ཁོངས་སུ་བཅུག་ནས་སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་ཕྱོགས་ཡོངས་ནས་གསལ་འགྲེལ་བྱས་པ་རེད།

    སྒྲོག་འགྲེལ་བྱེད་ཐབས་བབ་བསྟུན་དང་སྣ་ཁ་མང་ཞིང་། འབྲེལ་ཡོད་སྡེ་ཚན་གྱིས་སྒྲོག་འགྲེལ་གྱི་གནད་བསྡུས་དེ་སྒྲ་བརྙན་ལ་ཕབ་བཟོ་བྱས་ནས་ལྗོངས་ཡོངས་ཀྱི་སྨྱན་སྦྱོར་གསར་པ་དང“སློབ་སྦྱོང་སྟོབས་ཆེའི་རྒྱལ་ཁབ”ཀྱི་བོད་ཀྱི་སློབ་སྦྱོང་ལས་སྟེགས་ཐོག་གཏོང་སྤེལ་བྱས་པ་དང་། གྲོང་ཚོའི(གྲོང་ལྷན)དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་དང་ལག་ཐོགས་ཁ་པར་གྱི་སྐད་འཕྲིན་སོགས་ཐབས་ལམ་བརྒྱུད་གྲོང་མིར་སྒྲོག་འགྲེལ་གྱི་བརྙན་ཐུང་བརྒྱུད་བསྒྲགས་བྱས་པ་རེད།

    སྒྲོག་འགྲེལ་གྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་ཅིང་། སྒྲོག་འགྲེལ་བྱེད་རིང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོ་སྤྲོ་སེམས་རབ་ཏུ་འཕེལ་ཞིང་དེའི་ནང་ཧུར་ཐག་ཞུགས་པས་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ལྗོངས་ནང་ཁུལ་གྱི་སྨྱན་སྦྱོར་གཙོ་བོའི་ཐོག་རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་སྐོར་གྱི་འབྲེལ་ཡོད་རྩོམ་ཡིག་ཁག་60ལྷག་ཙམ་བཏོན་པ་དང་། རིམ་པ་ཁག་དང་རིགས་ཁག་གི་སྨྱན་སྦྱོར་གཏོང་སྤེལ་ཐེངས་2000ལྷག་ཙམ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་པ་རེད།

    ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་སྒྲོག་འགྲེལ་སློབ་གསོ་མི་སེམས་ལ་གཏིང་ཟབ་ཟུག་པ།

    ལས་སྟེགས་སྟེང་དང་གཤམ་དུ་བསམ་བློ་མཉམ་འདྲེས་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། སྟོབས་ཤུགས་བརྒྱུད་སྤྲོད་བཅས་བྱེད་བཞིན་ཡོད། སྒྲོག་འགྲེལ་ཉན་རྗེས་ལས་བྱེད་པ་དང་མང་ཚོགས་ཚོས་གཅིག་རྗེས་གཉིས་མཐུད་ངང་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འགན་ཁུར་དངོས་སྒྲུབ་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་དང་ཆོད་སེམས་མཚོན་པར་བྱས་པ་རེད།

    མངའ་རིས་ས་ཨུད་དྲིལ་བསྒྲགས་པུའུ་རིགས་པའི་གཞུང་ལུགས་ཁོའོ་ཡི་ཁོའོ་ཀྲང་ལི་ཝུན་པིང་གིས་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་སྙན་ཞུ་ཉན་རྗེས“ད་རེས་ཀྱི་སྒྲོག་འགྲེལ་སྙན་ཞུར་རིགས་པའི་གཞུང་ལུགས་ཀྱི་མཐོ་ཚད་ཡོད་ལ་ལག་ལེན་ཐད་ཀྱི་མཛུབ་ཁྲིད་ཀྱང་འདུག་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་བས་འཕྱུགས་མེད་དང་། དེ་བས་གོ་རིམ་ལྡན་པ། དེ་བས་གཏིང་ཟབ་པ། དེ་བས་གནད་ལ་འཕིགས་པ། དེ་བས་ཁ་གསལ་བ་བཅས་ཀྱི་སྒོ་ནས་གོ་བ་ལེན་པ་དང་ཁོང་དུ་ཆུད་ཐུབ་པ་བྱུང”ཞེས་བཤད་པ་རེད།

    “ང་ཚོས‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས’དང‘ལམ་གཉིས’ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་འགན་འཁྲི་འཁུར་ཐུབ་པ་དང་བྱས་རྗེས་འཇོག་ཕོད་པ་བྱས་ཏེ་ཏང་གཤིས་ལ་ཞུན་བརྡར་སྤྲོས་པའི་ཐད་ལག་ལེན་ནན་བསྟར་དང་། དམངས་ལ་ཞབས་འདེགས་ཞུ་བའི་ཐད་ལག་ལེན་ནན་བསྟར། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལག་ལེན་ནན་བསྟར་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན”ཞེས་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཅིང་ཁུའེ་ཡིས་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་སྙན་ཞུ་ཉན་རྗེས་བཤད་པ་རེད།

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེད་ཐང་ཁྲོམ་གཞུང་གི་མང་ཚོགས་པ་སངས་ལྷ་མོར་སྒྲོག་འགྲེལ་སྙན་ཞུ་ཉན་རྗེས་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས“ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལས་བྱུང་བ་ཞིག་རེད། སླད་ཕྱིན་ང་ཚོས་ཏང་གི་བཀའ་དྲིན་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་བཅངས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བ་དང་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་བྱམས་སྐྱོང་ལ་དྲིན་ལན་འཇལ་རྒྱུ་ཡིན”ཞེས་བཤད།

    གོམ་སྟབས་རྗེས་མར། རིམ་པ་ཁག་དང་རིགས་ཁག་གི་སྒྲོག་འགྲེལ་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་མུ་མཐུད་གཏིང་ཟབ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་བྱམས་སྐྱོང་མང་ཚོགས་ཚང་མས་དངོས་སུ་ཚོར་བར་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་ཐུབ་པའི་འགན་ལེན་བྱས་ནས། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་སྒུལ་ཤུགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།