དབུ་ཤོག>ཆེད་སྒྲིག
  • བདེ་སྐྱིད་ལྡན་པའི་ལམ་བུ་ཇི་ཙམ་བསྐྲུན་པ་དེ་ཙམ་གྱིས་རིང་དུ་སོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-17

    ནག་ཆུ་གྲོང་ཁྱེར་གྱི་ཤར་རྒྱུད་དུ་གནས་པའི་འབྲི་རུ་རྫོང་ལ“བོད་བྱང་ཐང་གི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་བརྗོད་ཀྱི་ཡོད། “བོད་བྱང་ཐང་གི་སྔོ་ལྗང་མཛེས་ལྗོངས་ཁུལ”གྱི་ཤར་ལྷོའི་རྒྱུད་དུ་མཛེས་སྡུག་ལྡན་པའི་ལུང་ཤུར་ཞིག་ཡོད་པ་དེ་ནི་གཡང་ཤོད་ཤང་ཕུ་རྫོང་ལུང་ཤུར་རེད།

    ཕུ་རྫོང་ལུང་ཤུར་ནི་དམག་སྡེ་བཅོ་བརྒྱད་པའི་ཐད་གཏོགས་ལས་ཁུངས་བོད་དུ་སྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་ས་ཆ་ཞིག་རེད། ཟླ་6པར་གསར་འགོད་པ་དང་བཅས་པ་འབྲི་རུ་རྫོང་ནས་རྡོག་ཐོན་བྱས་ཏེ་གཡང་གཟར་གྱི་རི་བོ་བརྒལ་ཏེ་གཡང་ཤོད་ཤང་གི་ས་ཁོངས་སུ་འབྱོར་ནས་བཅིངས་འགྲོལ་དམག་བོད་དུ་སྐྱོད་པའི་དགའ་སྐྱོ་གཉིས་ལྡན་གྱི་ལོ་རྒྱུས་བསྐྱར་དྲན་བྱས་པ་དང་གཡང་ཤོད་ཤང་ཕུ་རྫོང་ལུང་ཤུར་གྱི་ལོ་ངོ་70ཡི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་མྱོང་ཚོར་བྱས་པ་རེད།

    འབྲི་རྒན་ལར་སླར་ཡང་བསྐྱོད་པ།

    བཅིངས་འགྲོལ་དམག་གི་བོད་སྐྱོད་ལམ་བུར་སླར་ཡང་བསྐྱོད་པའི་བཅར་འདྲི་ཚོགས་ཆུང་གཡང་ཤོད་ཤང་དུ་འབྱོར་སྐབས་ཤང་ཀྲང་དཀོན་མཆོག་དོན་གྲུབ་ཧ་ཅང་དགའ་པོ་བྱེད་ཅིང་། ཁོང་གི་སྣེ་ཁྲིད་འོག་ང་ཚོ་དང་ཐོག་འབྲི་རྒན་ལར་བསྐྱོད་པ་ཡིན།

    ང་ཚོ་ཡིད་དུ་འོང་བའི་མཛེས་ལྗོངས་དང་བྲལ་མི་ཕོད་པར་བྱེད་པའི་སྐབས་སུ་མདུན་གྱི་རླངས་འཁོར་གློ་བུར་དུ་ཁ་བཀག དཀོན་མཆོག་དོན་གྲུབ་ཀྱིས་རླངས་འཁོར་ནས་བབས་ཏེ་ཐག་མི་རིང་བའི་སར་གནས་པའི་རི་བོ་དེར་མཛུབ་མོ་བཙུགས་ཏེ“གཟིགས་དང་། འདི་ནི་འབྲི་རྒན་ལ་རེད། ལོ་ངོ་300ཡི་གོང་ཆིང་རྒྱལ་རབས་ཀྱི་བོད་སྡོད་ཨམ་བན་བོད་དུ་ཡོང་སྐབས་རི་བོ་དེ་བརྒལ་བ་དང་། ལོ་ངོ་70ཡི་གོང་ཀྲང་གོ་ཧྭ་དང་ཐན་ཀོན་སན་སོགས་ཀྱིས་བོད་ལྗོངས་ལས་དོན་ཨུ་ལྷན་གྱི་ལས་ཁུངས་དང་དཔུང་སྡེའི་སྣེ་འཁྲིད་དེ་བོད་དུ་ཡོང་སྐབས་ཀྱང་ལ་དེ་བརྒལ་བ་རེད། ལམ་དེ་ཇ་རྟ་ཚོང་ལམ་ཡིན་པ་མ་ཟད། གསར་བརྗེའི་འགྲོ་ལམ་ཡང་རེད”ཅེས་བཤད།

    དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་ཉིན་ཐོའི་ནང་ལ་དེར་འབྲི་རྒན་ལ་ཞེས་ཟེར་བ་དང་ད་ཆ་འབི་རྒན་ལ་ཞེས་བརྗོད་ཀྱི་ཡོད། རི་འདབས་སུ་ང་ཚོས་ཚད་འཇལ་བྱས་པ་ལས་ས་བབ་མཐོ་ཚད་སྨི་5000ཟིན་པ་ཤེས་རྟོགས་བྱུང་། སྐབས་དེར་དབྱར་ཁ་ཡིན་མོད། འོན་ཀྱང་འབྲི་རྒན་ལའི་ལ་རྩེ་སྔར་བཞིན་ཁ་བས་བཀླུབས་ནས་སྐྱ་ཐིང་ངེར་གྱུར་འདུག

    དཔུང་སྡེ་སྟེང་ཆེན་དང་ས་སྟེང་བརྒྱུད་དེ་རྒྱལ་མོ་རྔུལ་ཆུ་བརྒལ་རྗེས་ལྷ་སར་དཔུང་སྐྱོད་བྱེད་པའི་གངས་རི་ཆེན་པོ་དང་པོ་དེ་བརྒལ་འགོ་ཚུགས། ཉིན་དེ་ནི་ལུགས་རྙིང་ལོའི་ཟླ་བརྒྱད་ཚེས་བཅོ་ལྔའི་ཟླ་མཆོད་དུས་ཆེན་ཡིན་པས། ནང་མི་མཉམ་འཛོམས་བྱས་ནས་ཟླ་མཆོད་བག་ལེབ་ཟ་བའི་ཉིན་མོ་རེད། བློ་མཐུན་ཚོས་ཟླ་མཆོད་དུས་ཆེན་གཏོང་ཆེད་སྣུམ་སླང་ནང་བག་ལེབ་བསྲེགས་ནས་རྡོག་ཐོན་བྱེད་སྐབས་དཔོན་དམག་ཚང་མར་བགོ་བཤའ་བརྒྱབ། འགོ་འཛིན་གྱིས་བློ་མཐུན་ཚོར་མིག་མདུན་གྱི་གངས་རི་ནི་དཔུང་སྐྱོད་ལམ་བར་གྱི་ལ་མཐོ་ཤོས་དེ་ཡིན་པ་དང་མཐོ་ཚད་སྨི་6000ལྷག་ཙམ་ཟིན་པས་ཚང་མས་ངེས་པར་དུ་གྲ་སྒྲིག་ཨང་བསར་བྱེད་དགོས་ཞེས་ངོ་སྤྲོད་ཞིབ་ཕྲ་བྱས།

    “མིག་སྔར་དཀའ་ངལ་མང་པོ་ཡོད་མོད། འོན་ཀྱང་ང་ཚོར་ཐབས་ཤེས་གཅིག་ལས་མེད། དེ་ནི་དཀའ་ངལ་ཁྱད་བསད་ཀྱིས་མུ་མཐུད་མདུན་སྐྱོད་བྱེད་རྒྱུ་དེ་རེད” སྐབས་དེ་དུས་གསོ་རླུང་མི་འདང་བའི་རྐྱེན་གྱིས་འཐབ་འཛིང་པ་ཚོ་དབུགས་ཧལ་བ་དང་། མགོ་ན་བ། ངོ་གདོང་སྨུག་པོར་གྱུར་བ། ནད་གཞི་ལྕི་པོ་ཕོག་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད། ཡིན་ནའང་ཛ་དྲག་ཆེ་བའི་སྐབས་དེར་ཀྲང་གོ་ཧྭ་ནི་རྒྱུན་གཏན་ལྟར་བབ་བརླིང་ལྡན།

    ལོ་རྒྱུས་ལ་ཕྱིར་ལྟ་བྱེད་སྐབས་བསམ་ཚོད་བྱེད་པར་དཀའ་བ་ནི། བཅིངས་འགྲོལ་དམག་གི་འཐབ་འཛིང་པ་ཚོས་དཔའ་ངར་ཆེན་པོས་ས་བབ་མཐོ་ཚད་སྨི་6000ལྷག་ཙམ་གྱི་འབྲི་རྒན་ལ་བརྒལ་བའི་སྒུལ་ཤུགས་ནི་ཟླ་མཆོད་དུས་ཆེན་སྐབས་ཕ་ཡུལ་ལ་བཅངས་པའི་དྲན་སེམས་དང་། བོད་བཅིངས་འགྲོལ་གཏོང་བའི་དད་སེམས་བརྟན་པོ། ཞུམ་པ་མེད་པའི་གསར་བརྗེའི་དཔའ་བོའི་རིང་ལུགས་ཀྱི་སྙིང་སྟོབས་བཅས་ལས་བྱུང་བ་ཞིག་རེད།

    འཕེལ་རྒྱས་ཆེ་ལ་འབྱོར་ཕྱུག་ལྡན་པའི་ས་ཆ།

    གཡང་ཤོད་ཤང་ཕུ་རྫོང་ལུང་ཤུར་དུ་གནས་པའི་ས་ཕུ་གངས་རིའི་ས་བབ་མཐོ་ཚད་སྨི་6965ཡིན་པ་དང་གཉན་ཆེན་ཐང་ལྷའི་ཤར་རྒྱུད་ཀྱི་རི་བོ་མཐོ་ཤོས་ཡིན་པ་རེད།

    “ས་ཕུ་མཉམ་ལས་ཁང་2018ལོར་བཙུགས་པ་དང་གཙོ་བོ་མགྲོན་ཁང་དང་བཟའ་བཏུང་གཉེར་སྐྱོང་བྱེད་ཀྱི་ཡོད”ས་ཕུ་གངས་རིའི་འདབས་ཀྱི་མགྲོན་ཁང་དུ་ཉལ་ཁང་སྟོང་པ་གཅིག་ཀྱང་ལྷག་མེད། ལོ་47ལ་སླེབས་པའི་སྐལ་བཟང་ནི་གཡང་ཤོད་ཤང་བྲག་རོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་ཞིང་། ཁོང་གིས“ལོ་ལྟར་གྱི་ཟླ་7པ་དང་8པ་ནི་མཉམ་ལས་ཁང་གི་ཚོང་ཡག་ཤོས་ཀྱི་དུས་སྐབས་ཡིན། པེ་ཅིང་དང་ཀོང་ཏུང་སོགས་གྲོང་ཁྱེར་དང་ལྗོངས་ནང་ཁུལ་ནས་ཡོང་བའི་ཡུལ་སྐོར་བ་ཅུང་མང་པོ་ཡོད། ན་ནིང་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་སྟབས་མགྲོན་ཁང་ལ་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་ལས་བྱུང་མེད། འདི་ལོ་ས་ཕུ་གངས་རིར་ཡུལ་སྐོར་དུ་ཡོང་མཁན་སྔོན་ཆད་ལས་ཧ་ཅང་མང་བ་འདུག་པས་མཉམ་ལས་ཁང་གི་ཡོང་འབབ་ཀྱང་ཇེ་ལེགས་སུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་ང་ཚོར་བཤད་བྱུང་།

    2020ལོར་གཡང་ཤོད་ཤང་གིས་གཞུང་ལམ་སྤྱི་ལེ་68ཉམས་གསོ་བྱས་པ་དང་། ཕུ་རྫོང་ལུང་ཤུར་དུ་ད་ཆ་སྣུམ་ནག་ལམ་བཏིང་ནས་དེང་རབས་འགྲིམ་འགྲུལ་རྒྱུན་ཆད་མེད་པར་གྲོང་གསེབ་ཏུ་སྣུར་སྲིང་བྱེད་བཞིན་ཡོད། དེས་མ་ཚད་དེ་སྔ་ས་ཕུ་གངས་རི་དང་ཐག་ཉེ་ཤོས་ཀྱི་བྲག་རོང་གྲོང་ཚོར་ཆུ་ཀ་ལ་མེད་པས་གཙང་པོའི་ཆུ་ལེན་པར་འགྲོ་དགོས་ཀྱི་ཡོད། ད་ཆ་དུད་ཚང་ཚང་མར་ཆུ་ཀ་ལ་ཁྲིད་ཡོད་པས་གྲོང་མི་ཚོ་དགུན་ཁ་ཐག་རིང་དུ་ཆུ་ལེན་པར་འགྲོ་དགོས་ཀྱི་མེད།

    ཤང་ཀྲང་དཀོན་མཆོག་དོན་གྲུབ་ཀྱིས“དེ་སྔ་བྲག་རོང་གྲོང་ཚོའི་ཡོང་འབབ་དབྱར་རྩྭ་དགུན་འབུར་རྟེན་དགོས་ཀྱི་ཡོད། ད་ཆ་འགྲིམ་འགྲུལ་སྟབས་བདེ་བ་དང་ཆུ་གློག་སྒྲིག་བཀོད་ཆ་ཚང་པོ་ཡོད་པ་མ་ཟད། ཡུལ་སྐོར་ལས་རིགས་ཀྱང་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ད་ཆ་བྲག་རོང་གྲོང་ཚོའི་ཡོང་འབབ་འབྲི་རུ་རྫོང་གི་མདུན་གྲལ་དུ་སླེབས་ཡོད”ཅེས་བརྗོད།

    གསའ་མདའ་དགོན་གྱི་དྲན་ཤེས།

    ས་ཕུ་གངས་རི་ནས་ཁ་བྲལ་རྗེས་ང་ཚོ་གསའ་མདའ་དགོན་དུ་འབྱོར། གསའ་མདའ་དགོན་ནས་མཁན་པོ་ཚུལ་ཁྲིམས་རྒྱལ་མཚན་གྱིས་ང་ཚོར་སྐབས་དེ་དུས་དམག་སྡེ་བཅོ་བརྒྱད་པ་བོད་དུ་བསྐྱོད་པའི་སྐོར་གླེང་བྱུང་།

    1951ལོར་ཀྲང་གོ་ཧྭ་ཡིས་སྣེ་ཁྲིད་གནང་བའི་དམག་སྡེ་བཅོ་བརྒྱད་པའི་དཔུང་སྡེ་ཆབ་མདོ་ནས་ལྷ་སར་དཔུང་སྐྱོད་བྱས་པ་དང་གསའ་མདའ་དགོན་བརྒྱུད་སྐབས་ས་གནས་དེ་གའི་འགོ་གཙོ་དང་། མི་སེར། དགོན་སྡེའི་གྲྭ་དམངས་བཅས་ཀྱིས་དགོན་སྡེ་དང་ཐག་ཉེ་ཤོས་ཀྱི་ཉི་གཡའ་རུ་དཔུང་སྡེར་ཕེབས་བསུ་གཟབ་རྒྱས་ཞུས་པ་རེད།

    དམག་སྡེ་བཅོ་བརྒྱད་པའི་དམག་དཔུང་དགོན་པའི་ཉེ་འདབས་ཀྱི་འབྲས་སྤུངས་ཐང་དུ་ངལ་གསོ་ཉིན་འགའ་བརྒྱབ་པ་དང་། དེའི་རིང་དམག་དཔོན་ཆེ་མོ་ཀྲང་གོ་ཧྭ་དང་ཁོང་གི་རྗེས་སུ་འབྲངས་མཁན་དཔོན་དམག་ཚོས་གསའ་མདའ་དགོན་དུ་གྲྭ་དམངས་ལ་འཚམས་འདྲི་བྱས་པ་དང་འབྲེལ། དགོན་སྡེའི་གྲྭ་དམངས་ལ“གྲོས་མཐུན་དོན་ཚན་བཅུ་བདུན”དང་ཏང་གི་མཛད་ཕྱོགས་སྲིད་ཇུས་སྒྲོག་འགྲེལ་བྱས་པ་མ་ཟད། ད་དུང་དགེ་འདུན་པ་བསྟན་པ་རྒྱ་མཚོ་དང་ས་གནས་དེ་གའི་འགོ་པ་རིན་ཆེན་དབང་རྒྱལ་ལ་མའོ་ཀྲུའུ་ཞིའི་སྐུ་པར་རེ་སྤྲད་པ་རེད། ཉིན་གསུམ་པར་དམག་དཔུང་མདུན་སྐྱོད་བྱེད་འགོ་ཚུགས།

    བཅར་འདྲི་མཇུག་འགྲིལ་རྗེས་ཚུལ་ཁྲིམས་རྒྱལ་མཚན་གྱིས་གསར་འགོད་པར“གསའ་མདའ་དགོན་གྱིས་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ད་ཆ་དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་ང་ཚོའི་དགེ་འདུན་པ་མཉམ་དུ་འཚོ་བ་སྐྱེལ་བ་དང་མཉམ་དུ་ལས་ཀ་བྱེད་ཀྱི་ཡོད་པས། ཕན་ཚུན་གང་ཡང་གླེང་བའི་གྲོགས་པོ་ཡག་པོ་ཞིག་ཏུ་གྱུར་ཡོད། “དེ་སྔའི་འཚོ་བ་ཧ་ཅང་སྐྱོ་བ་དང་ད་ཆའི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོད”ཅེས་མྱོང་ཚོར་ཟབ་མོས་བཤད།

    ཕུ་རྫོང་ལུང་ཤུར་གྱིས་ལོ་རྒྱུས་ཀྱི་བདེན་དཔང་བྱས་ནས་དུས་རབས་ཀྱི་ཉམས་འགྱུར་མངོན་པར་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།