ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཏང་སྤྱི་ཁྱབ་ཀྲི་པུས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཐོག“འབུར་དུ་ཐོན་པ་གསུམ”ལ་བརྟེན་ནས་ཏང་འཛུགས་སྐྱོང་གི་སྤུས་རྟགས་ཧུར་ཐག་བཏོད་དེ“སློབ་སྦྱོང་རྣམ་པ་དང་། གསར་གཏོད་རྣམ་པ། ཞབས་ཞུ་རྣམ་པ”བཅས་ཀྱི་ཏང་རྩ་འཛུགས་གཏོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་གྱི་མཁར་རྫོང་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་། ལྗོངས་ཕྱི་ནང་གི་ཁྲོམ་ར་གཉིས་ལ་སྤྱི་འདོམས་བྱས་ནས་ཁྲོམ་ར་དང་གཞི་རིམ་གྱི་ཁ་ཕྱོགས་གཉིས་ལ་དམིགས་པ་དང་། གཙོ་གནད་དམ་འཛིན་དང་། ཞན་ཆ་སེལ་བ། བཀྲག་མདངས་འཚེར་ས་མང་དུ་གཏོང་བ། ལས་སྟེགས་སྐྲུན་པ། ཞབས་འདེགས་ལེགས་སུ་གཏོང་བ་བཅས་བྱས་ནས། མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ལས་ཞུགས་དང་། ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར། སྤུས་ཚད་ལེགས་པ་དང་ཚད་གཞི་མཐོ་བའི་ལས་ཞུགས་ལ་སྐུལ་སྤེལ་གཏོང་བ་བཅས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་བ་རེད།
“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ཁྲོད། ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཏང་སྤྱི་ཁྱབ་ཀྲི་པུས་སློབ་སྦྱོང་སློབ་གསོ་དང་གཞི་རིམ་ཏང་འཛུགས་སྐྱོང་ཟུང་འབྲེལ་བྱས་ནས་ཏང་འཛུགས་སྐྱོང་གི་དྲིལ་བསྒྲགས་གཡུལ་ས་གསར་རྐྱང་ཇུས་འགོད་བྱས་ཐོག་མི་སྤྱིའི་ཉམས་འགྱུར་གྱི་རིག་གནས་ཁྱམས་རིང་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་རིག་གནས་ཁྱམས་རིང་། བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་རིག་གནས་ཁྱམས་རིང་། ཏང་འཛུགས་སྐྱོང་གི་རིག་གནས་ཁྱམས་རིང་། ཏང་ཡོན་གྱི་བྱེད་སྒོ་སྤེལ་ཡུལ་བཅས་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་པའི་ཁར“མི་སྤྱིའི་ཏང་འཛུགས་སྐྱོང”གི་ཚགས་དེབ་ཀྱང་བཏོན་པས་ཏང་འཛུགས་སྐྱོང་དྲིལ་བསྒྲགས་ཀྱི་ཚད་ལྡན་བྱ་སྤྱོད་མངོན་པ་མ་ཟད། ད་དུང་མི་སྤྱིའི་ཏང་འཛུགས་སྐྱོང་དྲིལ་བསྒྲགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ནས། ཏང་ཡོན་ལས་བྱེད་ལས་བཟོ་ཚོས་དུས་དང་རྣམ་པ་ཀུན་ཏུ་ཏང་གཤིས་སློབ་གསོ་དང་ལེན་ཐུབ་སྟེ་ལས་སྒྲུབ་ལས་གཏོད་ཀྱི་སེམས་ཤུགས་འཕེལ་བ་རེད།
ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཏང་སྤྱི་ཁྱབ་ཀྲི་པུས“མི་དམངས་ལ་ཞབས་འདེགས་ཞུ་བའི”ཞབས་ཞུའི་འདུ་ཤེས་དང་། འགན་འཁྲིའི་འདུ་ཤེས། འགན་ཁུར་གྱི་འདུ་ཤེས་བཅས་བརྟན་པོ་བཅངས་ནས། ཞབས་འདེགས་རྣམ་པའི་ལས་ཁུངས་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་རྐང་འཛིན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། ཏང་ཡོན་གྱི“ལས་སྒོའི་འཇོན་ཐང་ཅན་གྱི་བརྒྱུད་རོགས་ཁྲིད་གསུམ”གྱི་བྱེད་སྒོ་སྤེལ་བ། “ཏང་ཡོན་གྱི་གདོང་ལེན་ལས་གནས”དང“མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བ་ཡག་ཤོས”མུ་མཐུད་དཔྱད་འདེམས་བྱེད་པ། ཉེ་འགྲམ་གྱི་མི་དང་ཉེ་འགྲམ་གྱི་བྱ་བའི་དཔེ་མཚོན་བཤད་དེ་ཅུས་ཡོངས་ཀྱི་ལས་བྱེད་ལས་བཟོ་ཚོར་སྔོན་ཐོན་ལ་སློབ་སྦྱོང་དང་། སྔོན་ཐོན་བརྩོན་ལེན། སྔོན་ཐོན་གྱི་རྗེས་སུ་སྙེགས་པ་བཅས་བྱེད་པའི་ཁྲིད་སྟོན་དང་སྐུལ་སློང་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་རང་འཁྲིའི་ལས་གནས་སུ་སྣེ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་བྱང་ཚད་ལེགས་སུ་གཏོང་བ་དང་། སྣེ་ཁྲིད་དེ་ལས་དོན་བསྒྲུབས་ནས་འཕེལ་རྒྱས་དོན་གཉེར། སྣེ་ཁྲིད་དེ་གསར་གཏོད་བྱས་ནས་རྩེ་གྲ་གཏོད་པ། སྣེ་ཁྲིད་དེ་ཞབས་འདེགས་ཞུས་ནས་ལེགས་སྐྱེས་འབུལ་ཚད་བསྡུར་བ། སྣེ་ཁྲིད་དེ་རང་གཅུན་བྱས་ནས་གཟུགས་བརྙན་གཏོད་པ་བཅས་གྲུབ་འབྲས་རྩེ་གྲ་ཐོབ་པར་བྱས་ཏེ། ལས་ཀའི་དཔེ་སྟོན་དང་། ལས་གནས་ཀྱི་གདོང་ལེན། ལས་སྒོའི་འཇོན་ཐང་ཅན། ཞབས་ཞུའི་དཔེ་དམག་བཅས་སུ་གྱུར་བར་བྱས་པ་རེད།
གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་བའི་ཁྲོད། ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ལས་སྒོའི་འཇོན་ཐང་ཆེ་བའི་གྲོང་སྡོད་ལས་བྱེད་པ་བཏང་ནས“སྲིད་ཇུས་ཀྱི་འགྲེལ་བཤད་པ”དང“འཕེལ་རྒྱས་ཀྱི་ཇུས་འདོན་པའི”ལས་ཀའི་འགན་ནུས་འདོན་སྤེལ་ཧུར་ཐག་བྱས་པ་དང་ཆབས་ཅིག གཞི་རིམ་གྱི་ལས་བྱེད་པ་དང་མཉམ་དུ་ལས་ཀ་བྱེད་པ་དང་། མང་ཚོགས་དང་མཉམ་དུ་འཚོ་བ་སྐྱེལ་ཞིང་ངལ་རྩོལ་བྱེད་པ། བློ་སྐྱོར་དང་དབུལ་སྐྱོར་ཤུགས་རྒྱག་སར་བྱས་ནས་མི་སྤྱིའི་འགན་ནུས་ཀྱི་ལེགས་ཆ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ཁག་གི་ཁྱད་ཆོས་མི་འདྲ་བ་ཟུང་འབྲེལ་བྱས་ཏེ། ལས་ཞུགས་ལས་གནས་མཚམས་སྦྱོར་དང་ལས་ཞུགས་གསོ་སྦྱོང་བྱེད་པ་སོགས་ཀྱི་རོགས་སྐྱོར་བྱེད་ཐབས་བཟོས་ནས། ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་ཀྱི་རང་རྟེན་འཇོན་ཐང་ཆེ་རུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ། ས་གནས་དེ་གའི་གྲོང་ཚོ་དང་གྲོང་ལྷན་འཕེལ་རྒྱས་དང་མང་ཚོགས་ཀྱི་འཚོ་བ་ལེགས་སུ་གཏོང་བའི་ཐད་ཐབས་འདོན་ཇུས་འདོན་ཏན་ཏིག་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ་རེད།
བསྡོམས་རྩིས་གྲངས་གཞི་ལས་མངོན་པར་གཞིགས་ན། 2020ལོར། ལྷ་ས་གྲོང་ཁྱེར་གྱི་ལས་ཞུགས་ཀྱི་ལས་འགན་དང་དམིགས་ཚད་ཁག་ཚང་མ་བདེ་བླག་ངང་ལེགས་འགྲུབ་བྱུང་བ་དང་དམིགས་ཚད་ཁག་མང་པོ་ཞིག་ད་དུང་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད། གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་1.46གསར་དུ་ལས་ཞུགས་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3.0%ནང་ཚུན་དུ་ཚོད་འཛིན་ཐུབ་པ། 2020ལོའི་མཐོ་སློབ་སློབ་ཐོན་སློབ་མ་4765ལས་ཞུགས་ཐུབ་ནས་ལས་ཞུགས་ཐུབ་ཚད་99.7%ཟིན་པ། ཞིང་འབྲོག་པ་ཁྲི་8.2ལས་ཞུགས་གཞན་སྒྱུར་ཐུབ་ནས་ཡོང་འབབ་སྒོར་དུང་ཕྱུར་8.44རག་པ་བཅས་རེད། ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་དེ་ཉིད་གྲོང་ཁྱེར་ཡོངས་ཀྱི་དཔྱད་ཞིབ་ཁྲོད་དཔལ་འབྱོར་དམིགས་ཚད་རིགས་ཀྱི་ཨང་དང་པོ་དང་ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་སུ་བདམས་ནས་གཞི་རིམ་ཏང་འཛུགས་སྐྱོང་དང་ལས་ཀའི་ཞབས་འདེགས་གཉིས་ཀར་ཁྲིད་སྟོན་ཐུབ་པ་རེད། གྲུབ་འབྲས་དེ་འདྲ་ཐོབ་པ་ནི་ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་མཐའ་གཅིག་ཏུ་ལག་བསྟར་བྱས་ནས། ལས་ཞུགས་ལས་དོན་དེ་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་ནས་གནས་བབ་མངོན་གསལ་དོད་སར་བཞག་པ་དང་། སྔོན་ཐོན་གྱི་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་དང་། དངོས་སྤྱོད་ཀྱི་གཡུལ་ས་འཛུགས་སྐྱོང་ལ་དམ་འཛིན། རྒྱུན་གཏན་གྱི་བྱེད་སྒོ་འཛུགས་སྐྱོང་ལ་དམ་འཛིན་བཅས་བྱས་པ་ལས་བྱུང་བ་ཞིག་རེད།
ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་དམངས་འཚོའི་བརྩེ་སེམས་ཟབ་མོ་དང་འགན་འཁྲི་འཁུར་སེམས་ཆེན་པོ་བཅངས་ནས་ལས་ཞུཌ་ཀྱི“གཞི་གདན”དང་། དམངས་འཚོ། བདེ་སྐྱིད་བཅས་བརྟན་དུ་བཏང་བ་རེད། གོམ་སྟབས་རྗེས་མར། ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལ་དམ་པོར་དམིགས་ཐོག་འགན་འཁྲི་ལྕི་མོ་མུ་མཐུད་འཁུར་ནས་ནུས་ཤུགས་ཡོད་རྒུས་ལས་ཞུགས་ཀྱི་དམིགས་ཚད་དང་ལས་འགན་ཁག་ཚང་མ་བདེ་བླག་ངང་ལེགས་འགྲུབ་ཡོང་བའི་འགན་ལེན་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་བསྐྲུན་རྒྱུར་ལེགས་སྐྱེས་གསར་པ་འབུལ་རྒྱུ་རེད།