དབུ་ཤོག>ཆེད་སྒྲིག
  • ཧོ་པེའི་དཔའ་བོའི་གནས་ཚུལ་ངོ་མ་ངོ་སྤྲོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-15

    ལི་ཏི་སན་གྱི་རྗེས་རབས་པའི་ཡིག་ཚགས།

    ལི་ཏི་སན་གྱི་ཚ་མོ་ལི་ཧུའེ་ཚུང་1960ལོར་སྐྱེས། ཝུའུ་ཅི་རྫོང་སྨན་ཁང་ནས་རྒན་ཡོལ་ཞུས།

    ལི་ཏི་སན་གྱི་ཚ་བོ་ལི་ཧུའེ་ཅུན་1962ལོར་སྐྱེས། ཝུའུ་ཅི་རྫོང་ནོར་སྲིད་ཅུས་ནས་རྒན་ཡོལ་ཞུས།

    ལི་ཏི་སན་གྱི་ཚ་བོ་ལི་ཧུའེ་ཐེན་ཝུའུ་ཅི་རྫོང་ལི་ཁྲེང་ཏའོ་ཤང་ལི་ཁྲེང་ཏའོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ།

    1176093_yis_1634227200000_s.jpg

    འདི་ནི་1977ལོར་ལི་ཧུའེ་ཚུང(གཡོན་གྱི་དང་པོ)དང་མི་གཞན་མཉམ་དུ་སྤོ་བོ་ལི་ཏི་སན་གྱི་བང་སོའི་མདུན་དུ་བརྒྱབ་པའི་དྲན་རྟེན་འདྲ་པར་ཡིན་པ།

    ལྕགས་སྨྱུག་གཅིག་བུ་ལ་སྤྲོད་རྒྱུ་ནི་ལི་ཏི་སན་གྱི་ཞལ་ཆེམས་རེད། འོན་ཀྱང་ལྕགས་སྨྱུག་དེ་ལི་ཏི་སན་གྱི་བུའི་ལག་ཏུ་མ་འབྱོར་བར་ལྕགས་སྨྱུག་གཞན་ཞིག་ཁོང་དང་ནང་མི་ཚོའི་ཁྱིམ་ནོར་དུ་གྱུར།

    ལི་ཏི་སན་གྱི་ཞིབ་འཇུག་དཔྱད་ཡིག་ཡོངས་བསྒྲགས་བྱས་པ་དང་སྦྲགས་ཚ་བོ་ཚོས་ཀྱང་བྱས་པ་ཅན་གྱི་སྤོ་བོ་ལགས་གྲོངས་ལ་ཁད་དུའང་སེམས་སུ་སྔར་བཞིན་རྒྱང་ཐག་སྤྱི་ལེ་3000ཙམ་ཕྱོད་པའི་ནང་མི་དྲན་བཞིན་ཡོད་པ་ཤེས།

    ཁོང་གིས་ནང་མིར་བཞག་པའི་ཞལ་ཆེམས་ནི། ཅིན་ཤིང་རྟགས་ཅན་གྱི་ལྕགས་སྨྱུག་དེ་ནི་ནན་ཉི་དབན་ས་རྒོད་གསར་སྦོལ་སྐབས་ལུའེ་ཀྲང་ཝང་ཀྲེན་གྱིས་ང་ལ་གནང་བའི་བྱ་དགའ་ཡིན། གལ་ཏེ་གོ་སྐབས་བྱུང་ན་རྩ་འཛུགས་ཀྱིས་ངའི་བུ་ཝུའུ་ཏོའུ་ལ་སྤྲོད་རོགས། ད་དུང་རི་ཅ་མུའུ་མཱ་ཡིས་སྤྲད་པའི་ཝ་མོའི་རྔ་མ་དེ་ངའི་ཨ་མར་སྤྲོད་རོགས་ཞེས་པ་དེ་རེད།

    དེ་ནི་གུང་ཁྲན་ཏང་མི་ཞིག་གིས་ནང་མིར་བཞག་པའི་ཤུལ་བཞག་རྒྱུ་ནོར་ཆ་ཚང་ཡིན། བློ་ཕམ་དགོས་པ་ཞིག་ལ་ལྕགས་སྨྱུག་དེ་ལི་ཏི་སན་གྱི་བུའི་ལག་ཏུ་འཕྲོད་མེད།

    རྗེས་སྣོན་དཔུང་སྡེའི་འཐབ་གྲོགས་ཚོས་ལི་ཏི་སན་གྱི་ཤུལ་བཞག་དངོས་པོ་བརྒྱུད་སྐྱེལ་བྱེད་པའི་ལམ་བར་དུ་ཆུ་རུད་ཐོན་ནས་ལྕགས་སྨྱུག་ཚུད་པའི་དངོས་པོ་ཚང་མ་བོར་བརླག་སོང་བ་རེད།

    སྟབས་ལེགས་པ་ཞིག་ལ་ལི་ཏི་སན་གྱི་འཐབ་གྲོགས་ཚོས་ཞལ་ཆེམས་དེ་བརྗེད་མེད།

    བོད་སྐྱོད་སྔོན་སྐྱོད་ལེན་ཤོག་གི་དེ་སྔའི་ལེན་ཀྲང་གཞོན་པ་ཕེང་ཆིང་ཡུན་གྱིས་རང་ཉིད་ཀྱི་ཅིན་ཤིང་རྟགས་ཅན་གྱི་ལྕགས་སྨྱུག་ལི་ཏི་སན་གྱི་བུ་ལ་སྤྲད་པ་དང་། དེ་ནི་ཕེང་ཆིང་ཡུན་ནན་ཉི་དབན་དུ་སྡོད་སྐབས་ཐོབ་པའི་བྱ་དགའ་རེད།

    “ལྕགས་སྨྱུག་འདི་ང་ཚོའི་ཁྱིམ་གྱིས་ད་བར་ཉར་ཚགས་བྱས་ཡོད”ཅེས་ལི་ཏི་སན་གྱི་ཚ་བོ་ལི་ཧུའེ་ཅུན་གྱིས་བཤད། ལི་ཏི་སན་གྱི་རྗེས་རབས་པ་ཚོས་སྤོ་བོ་ལགས་ཀྱི་སྐོར་ནི་མི་གཞན་གྱི་ས་ནས་ཤེས་པ་ཙམ་ལས་ནང་མིའི་ས་ནས་ཤེས་པ་ཞིག་མིན།

    ཁྱིམ་ཚང་འདིའི་ནང་མིས་མི་ཚེ་གང་པོ་ཞིང་ལས་ལ་གཞོལ་ཅིང་། གཞུང་དྲང་ལ་སྙིང་རུས་ཆེ་བར་བརྟེན་རྩ་འཛུགས་ལ་མི་སྒེར་གྱི་རེ་བ་ཅི་ཡང་འདོན་མྱོང་མེད།

    ཀེང་པིང་ཧའེ་དང་ལི་ཏི་སན་གྱི་ནང་མི་འདྲིས་པོ་ཡོད་པ་དང་། ཝུའུ་ཅི་རྫོང་ལོ་རྒྱུས་རིག་གནས་ཞིབ་འཇུག་ལྷན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་ཡིན་པའི་ཁོང་གིས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་ལྟ་ཀློག་བྱེད་སྐབས་རི་འགོག་དམག་འཁྲུག་ཧྲིལ་པོའི་ནང་ཝུའུ་ཅི་རྫོང་གི་མི་2970དམག་སྡེ་བརྒྱད་པར་ཞུགས་པ་དང་། སྔོན་གཤེགས་དཔའ་བོ་1462ཀྱིས་དམག་སར་རང་སྲོག་བློས་གཏོང་བྱས་ཡོད། ད་དུང་མི་470དམག་དཔོན་ཆེན་པོ་ཧོ་ལུང་གི་དཔུང་སྡེར་ཞུགས་པ་དང་། དེའི་ནང་ལི་ཏི་སན་ཚུད་ཡོད་པ་ཤེས།

    ཧོ་པེ་ཝུའུ་ཅི་རྫོང་དུ་སླེབས་རྗེས་རྫོང་གྲོང་དང་ཐག་མི་རིང་བའི་ལི་ཁྲེང་ཏའོ་གྲོང་ཚོ་ནི་ལི་ཏི་སན་གྱི་ཕ་ཡུལ་རེད།

    ལི་ཏི་སན་གྱི་འཁྲུངས་ལོར་བཤད་ཚུལ་མི་འདྲ་བ་མང་པོ་ཡོད། ཁོང་གི་ཕྱི་རབས་པས་ཀྱང་གསལ་པོ་ཤེས་ཀྱི་མེད། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་བཀླགས་ན་1914ལོ་ནས་1917ལོའི་བར་ཡིན་ཚོད་འདུག

    “ངའི་སྤོ་བོ་ལགས་ལ་གཅེན་གཅུང་ལྔ་ཡོད། ཁོང་རྒན་མགོའི་འོག་མ་དེ་ཡིན་པ་དང་ནང་མི་ཚང་མའི་འཚོ་བ་ཧ་ཅང་སྐྱོ་པོ་ཡོད”ཝུའུ་ཅི་རྫོང་ལི་ཁྲེང་ཏའོ་ཤང་ལི་ཁྲེང་ཏའོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པའི་འགན་འཁུར་བཞིན་པའི་ལི་ཏི་སན་གྱི་ཚ་བོ་ལི་ཧུའེ་ཐན་གྱིས་དེ་ལྟར་བཤད་བྱུང་།

    ལི་ཏི་སན་གྱི་བཞུགས་གནས་རྙིང་པར་སླེབས་སྐབས་ལི་ཧུའེ་ཐེན་གྱིས“ངའི་སྤོ་བོ་ལགས་དེ་སྔོན་འདི་གར་བཞུགས་མྱོང་ཡོད། དེ་སྔ་ས་ཕག་གི་ཁང་པ་རེད། ང་ཚོས་ལོ་རབས་80པར་སོ་ཕག་གི་ཁང་པར་བཟོ་བཅོས་བརྒྱབ་པ་ཡིན”ཞེས་ངོ་སྤྲོད་བྱས།

    1938ལོར་ལི་ཏི་སན་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།

    ལི་ཧུའེ་ཚུང་གིས“སྤོ་བོ་ལགས་ཏང་ནང་ཞུགས་རྗེས་གསང་བའི་ཕྱག་ལས་གནང་གི་ཡོད། ནང་མི་དང་ཁྱིམ་མཚེས་ཚང་མས་ཞིབ་ཕྲའི་གནས་ཚུལ་ཤེས་ཀྱི་མེད། ཁོང་གིས་དེའི་སྐོར་རྨོ་བོ་ལགས་ལའང་ཤོད་མྱོང་མེད”ཅེས་བཤད།

    རི་པིན་དམག་གིས་རྫོང་གྲོང་བཙན་བཟུང་བྱས་པ་དང་། ལི་ཏི་སན་དང་གུང་ཁྲན་ཏང་ཡོན་གཞན་དག་གིས་རང་སར་འགོག་རྒོལ་དྲག་པོ་བྱས།

    1939ལོའི་དབྱར་ཁར་ལི་ཏི་སན་དམག་དཔོན་ཆེན་པོ་ཧོ་ལུང་གི་ཧྲི་ཤོག་120པར་ཞུགས། ཕ་ཡུལ་དང་བྲལ་ནས་ཕིང་ཧན་ལྕགས་ལམ་ནུབ་ངོས་ཀྱི་ཐའེ་ཧང་ཧྲན་རི་བོར་ངེས་མེད་རྒོལ་རྡུང་དམག་འཁྲུག་རྒྱུན་འཁྱོངས་བྱས།

    ཕྱིས་སུ་ཁོང་ཡན་ཨན་རི་འགོག་དམག་སྲིད་སློབ་ཆེན་དུ་སློབ་སྦྱོང་ལ་མངགས། སློབ་མཐར་ཕྱིན་རྗེས་ལུའེ་ཤོག་359ཡི་ཕའེ་ཀྲང་དང་། ཐོན་ཤོག་གི་མི་དམངས་སྐྱེལ་འདྲེན་གྱི་ཀུའུ་ཀྲང་། འབྲེལ་གཏུག་ཀུའུ་ཀྲང་སོགས་ཀྱི་གོ་གནས་ཁུར།

    ནན་ཉི་དབན་གྱི་ཐོན་སྐྱེད་ཆེན་པོའི་ལས་འགུལ་ཁྲོད་དུ་ཁོང་ངལ་རྩོལ་དཔེ་བཟང་བ་དང་འཁེལ་འཐག་མཁས་ཅན་ལ་བདམས། 1946ལོར་ཁོང་ནུབ་བྱང་དམག་དང་མཉམ་དུ་ནུབ་སྐྱོད་བྱས། ཀོན་ཀྲུང་ཐང་དུ་བསྐྱོད་དེ་རྨ་ནུབ་དོག་ལམ་ཤར་གཏོང་དང་མདོ་ལ་རིང་མོ་བརྒལ་ནས་ཤིན་ཅང་དུ་དཔུང་སྐྱོད་བྱས། དེ་རྗེས་སྔོན་སྐྱོད་ལེན་ཤོག་གི་སྣེ་ཁྲིད་དེ་བོད་དུ་བསྐྱོད་ནས་བོད་དུ་སྐར་ལྔའི་དར་དམར་དང་པོ་བཙུགས།

    བུ་ཝུའུ་ཏོའུ་ཡང་གུང་ཁྲན་ཏང་ཡོན་ཞིག་ཡིན་ཞིང་། 1976ལོར་ཁོང་མངའ་རིས་ས་ཁུལ་དུ་ཕ་ལི་ཏི་སན་ལ་དུར་མཆོད་བྱེད་པར་བསྐྱོད། ལི་ཧུའེ་ཚུང་གིས“ཨ་ཕ་ཁྱིམ་དུ་ལོག་རྗེས་ང་ལ་མངའ་རིས་སུ་ལས་ཀ་བྱེད་པར་འགྲོ་འདོད་ཡོད་མེད་དྲིས་བྱུང”ཞེས་སྔར་སོང་གི་ལོ་ཟླར་ཕྱིར་དྲན་བྱེད་བཞིན་བཤད།

    “ངས་འགྲོ་འདོད་འདུག”ཅེས་ལན་བཏབ་པ་ཡིན། སྐབས་དེ་དུས་ངས་མངའ་རིས་ནི་ཐག་རིང་ལུང་ཁུག་གི་ས་ཆ་ཞིག་ཡིན་པ་དང་། སྤོ་བོ་ལགས་ཀྱིས་དེ་གར་རང་སྲོག་བློས་གཏོང་གནང་བ་ལས་གཞན་གང་ཡང་ཤེས་ཀྱི་མེད།

    ཕ་ཡུལ་ནས་ཐོན་ཏེ་ཝུའུ་ལུའུ་མུའུ་ཆི་བརྒྱུད་རླངས་འཁོར་ལ་བསྡད་དེ་ཡེ་ཁྲེང་གྲོང་དུ་འབྱོར་གྱི་འདུག ཟླ་བ་གཅིག་ཙམ་བསྐྱོད་རྗེས་གཞི་ནས་སྤོ་བོ་ལགས་ཀྱི་བང་སོའི་མདུན་དུ་སླེབས་བྱུང་། སྐབས་དེ་དུས་ངས་སྐད་ཤུགས་ཆེན་པོས་ངུ་འབོད་བྱས་པ་ཡིན་ཞེས་ལི་ཧུའེ་ཚུང་གིས་བཤད།

    “ད་ཆ་མངའ་རིས་གང་འདྲ་འདུག”ཅེས་ཁོང་གིས་སེམས་ཁུར་ཆེན་པོས་དྲིས་བྱུང་།

    གསར་འགོད་པའི་ལག་ཐོགས་ཁ་པར་ནང་གི་པར་ལ་ལྟ་བཞིན་ཁོང་གིས“མངའ་རིས་ལ་འགྱུར་ལྡོག་ཆེན་པོ་བྱུང་འདུག”ཅེས་བརྗོད།

    “རྒན་རབས་པའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་རྒྱལ་ཁབ་ལ་ལེགས་སྐྱེས་འབུལ་རྒྱུ་ནི་ང་ཚོའི་ཁྱིམ་སྲོལ་རེད”ཅེས་ལི་ཏི་སན་གྱི་ཡང་ཚ་ལི་པའོ་ཀྲུང་གིས་བཤད།

    1176667_yis_1634227200000_s.jpg

    (རྩ་གཉིས་ཨང་རྟགས་བཤེར་འབེབས་བྱས་ན་ནང་དོན་དེ་བས་མང་བར་བལྟ་ཐུབ)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།