དབུ་ཤོག>ཆེད་སྒྲིག
  • “དཀའ་ངལ་འཕྲད་སྐབས་དམག་ཚུགས་འཚོལ་བ”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-14

    2020ལོའི་ཟླ་12ཚེས་14ཉིན། དར་ཆགས་པའི་གདང་ལའི་ཆི་ལི་གཙང་པོའི་ཟམ་འོག་ཏུ་འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་ཐོན་པའི་རླངས་འཁོར་དང་། ཐོར་ཞིག་སོང་བའི་ར་སྐྱོར། རླངས་འཁོར་གྱི་ཆག་རོ་བཅས་འཇིགས་སྣང་སྐྱེ་བའི་སྣང་ཚུལ་དེ་ནི་བོད་དམག་ཁུལ་ཁང་མཚོ་བོད་དམག་ཚུགས་པུའི་ས་ཚིགས་ཆེ་མོ་ཞིག་གི་ཀྲན་ཀྲང་ལིའུ་ཡན་དང་འཐབ་འཛིང་པ་ཀྲང་ཝུའེ་པིང་གིས་ལས་འཛོལ་ཐོན་ཡུལ་ནས་མཐོང་བའི་གནས་ཚུལ་རེད། ཁ་ལོ་བ་རླངས་འཁོར་གྱི་སྒོ་དང་ཁ་སྒྱུར་འཁོར་ལོའི་བར་དུ་བཙིར་ནས་འགུལ་སྐྱོད་མི་ཐུབ་པར་རྨས་སྐྱོན་ཕོག་པ་དང་ཁ་ལོ་བའི་གཞོགས་སུ་སྡོད་མཁན་ལ་ཡང་རྨས་སྐྱོན་ཚབས་ཆེན་ཕོག་པ་མཐོང་སྐབས་ལིའུ་ཡན་དངངས་སྐྲག་ཆེན་པོ་སྐྱེས།

    ཛ་དྲག་ཆེ་བའི་གནས་ཚུལ་དེར་ཁ་གཏད་གཅོག་སྐབས་ལིའུ་ཡན་གྱིས་འཕྲལ་མར་འགྲིམ་འགྲུལ་ཉེན་རྟོག་པ་དང་དེར་ཡོད་པའི་དོས་སྐྱེལ་ཁ་ལོ་བ་ལས་གྲུབ་པའི་མྱུར་སྐྱོབ་རུ་ཁག་ནང་ཞུགས་ཏེ། རྨས་མ་སྐྱོབ་འགོ་ཚུགས། ཚང་མས་ཤུགས་གང་ཡོད་ཀྱིས་རླངས་འཁོར་གྱི་སྒོ་དང་ཁ་སྒྱུར་འཁོར་ལོ་འཐེན་ཡང་འཐེན་མི་ཐུབ་པའི་སྐབས་སུ་ལིའུ་ཡན་གྱིས་དེ་མུར་དོས་སྐྱེལ་ཁ་ལོ་བའི་ལག་ནས་འདེགས་ཆས་2དང་། ཐོ་བ། ལྕགས་ཧྲེང་བཅས་གཡར་ནས་རླངས་འཁོར་གྱི་སྒོ་ཕྱེ་བ་དང་ཆབས་ཅིག ཁ་ལོ་བར་སེམས་གསོ་བཏང་། ཚང་མའི་འབད་བརྩོན་འོག་སྐར་མ་30ཡང་མ་འགོར་བར་ཁ་ལོ་བ་སྐྱོབ་ཐུབ་ནས་སྨན་ཁང་དུ་བསྐྱལ་བ་རེད།

    ས་བབ་མཐོ་ཚད་སྨི་5231ཟིན་པའི་གདང་ལར་སླར་ཡང་ཞི་འཇམ་དུ་གནས་ཤིང་། ཕྱི་དྲོའི་ཆུ་ཚོད་6པར་རོགས་སྐྱོབ་ནང་ཞུགས་མཁན་ཞིག་གིས་ལིའུ་ཡན་ལ“ཐུགས་རྗེ་ཆེ། རྨས་མའི་སྲོག་ལ་ཉེན་ཁ་མི་འདུག”ཅེས་པའི་འཕྲིན་ཐུང་བཏང་བ་འབྱོར་སྐབས་ལིའུ་ཡན་ད་གཟོད་སེམས་ལྷོད་དུ་བབས།

    མཚོ་བོད་ལམ་གྱི་གདང་ལའི་ལམ་དུམ་དུ་གནམ་གཤིས་ཡག་པོ་མེད་ཚེ་རླངས་འཁོར་འགག་པའི་གནས་ཚུལ་ཡང་སེ་ཐོན་གྱི་ཡོད། རླངས་འཁོར་འགག་སྐབས་ཁ་ལོ་བ་ཚོར་དམག་ཚུགས་ཀྱི་དཔོན་དམག་ཚོས་ཆུ་སྐོལ་དང་། སྨན། གསོ་རླུང་། སྟབས་བདེའི་ཐུག་པ། བག་ལེབ་སོགས་སྐྱེལ་གྱི་ཡོད། དེའི་སྟབས་ཀྱིས་མཚོ་བོད་ལམ་བུར་སྐྱོད་སྐབས་ཁ་ལོ་བ་དང་དམག་ཚུགས་ཉེ་འགྲམ་གྱི་མང་ཚོགས་ཚོར“དཀའ་ངལ་འཕྲད་སྐབས་དམག་ཚུགས་འཚོལ་བའི”གོམས་གཤིས་ཤིག་འཇགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།