དབུ་ཤོག>ཆེད་སྒྲིག
  • སེམས་ནུས་གཅིག་སྒྲིལ་གྱིས་འཕེལ་རྒྱས་དོན་དུ་གཉེར། འབད་འབུངས་ཡར་བརྩོན་གྱིས་དུས་རབས་གསར་པར་སྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-14

    འདས་པའི་ལོ་ལྔར་ཕྱིར་མིག་བལྟས་ཚེ་རིན་སྤུངས་རྫོང་ལ་དངོས་དངོས་རྗེན་རྗེན་གྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་ཡོད་དེ། ལས་སྒྲུབ་ལས་གཏོད་ཀྱི་སྐྱེ་སྟོབས་རྒྱས་པ་དང་། འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་ཤིང་བརྟན་དུ་སོང་བ། སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡིན་པ། དབུལ་སྒྲོལ་འགག་སྒྲོལ་ཐུགས་གྲ་ལེགས་སྒྲིག་ངང་མཇུག་འགྲིལ་བ། མི་དམངས་ཀྱི་འཚོ་བ་བདེ་ཞིང་སྐྱིད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོན་ཆེན་པོ་བྱུང་བ། རྨང་གཞིའི་སྒྲིག་བཀོད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་སོགས་རིན་སྤུངས་རྫོང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་འབད་འབུངས་མདུན་སྐྱོད་ངང་རྒྱལ་ཡོངས་དང་། རང་སྐྱོང་ལྗོངས། གཞིས་རྩེ་གྲོང་ཁྱེར་བཅས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་བདེ་བླག་ངང་སྐྱོད་འགོ་ཚུགས་ཡོད།

    ཏང་འཛུགས་སྐྱོང་གི་སྤུས་ཚད་ལེགས་སུ་ཕྱིན་པ།

    ལོ་ལྔའི་རིང་། རིན་སྤུངས་རྫོང་གིས་ཏང་འཛུགས་སྐྱོང་དེ་བྱ་གཞག་ཁག་གི་རྩ་བར་བརྩིས་ཤིང་། རླབས་ཆེན་གྱི་བསམ་བློར་བརྟེན་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་འཁུར་སེམས་སྐྱེད་སྲིང་བྱེད་པ་དང་རང་ངོས་འཐུས་ཚང་དང་། རང་ངོས་དྭངས་གཙང་། རང་ངོས་གསར་བརྗེས། རང་ངོས་ཡར་རྒྱས་བཅས་ཀྱི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱས་ཏེ། སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམ་ཡང་གནས་པར་བྱས་ནས་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་བྱས་ཡོད།

    གཞི་རིམ་ཏང་འཛུགས་སྐྱོང་གི་རྨང་གཞི་སྲ་བརྟན་བྱུང་ཞིང་། ཏང་རྩ་འཛུགས་191དོར་སྒྲིལ་བསྐྱར་སྒྲིག་བྱས་ཏེ་རྩ་འཛུགས་ཡོངས་སུ་ཁྱབ་པ་དང་། གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་པ། ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པ་བཅས་བྱུང་ནས་ཏང་དར་ལྷབ་ལྷུབ་ཏུ་གཡོ་བའི་དམག་འཐབ་མཁར་རྫོང་ཞིག་ཏུ་གྱུར་ཡོད། ལྷག་པར་དུ་རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དེ་སྡེ་ཚན་གྱི་འགན་འཁུར་བ་གཅིག་པུས་བྱེད་པ་དང་། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་41ཚང་མ་བཅོས་སྒྲིག་བྱས་པ་མ་ཟད་ཞིབ་བཤེར་རྩིས་ལེན་བྱས་པ། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་68ཚང་མ་ཚད་ལྡན་ཅན་དུ་བསྐྲུན་ཟིན་ནས་བེད་སྤྱོད་གཏོང་འགོ་ཚུགས་ཏེ“གྲོང་ཚོའི་ལས་བྱེད་པའི་ཁྱིམ་གཞིས”དང་། “ཏང་ཡོན་གྱི་ཁྱིམ་གཞིས” “མང་ཚོགས་ཀྱི་ཁྱིམ་གཞིས”བཅས་སུ་གྱུར་པ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱང་དེ་སྔའི“ཁྱོན་ཡོངས་ལ་ཁྱབ་པ་དང་གྲངས་འབོར་ལ་སྣང་ཆེན་བྱེད་པ”ནས་ད་ཆའི“ཕན་འབྲས་དང་སྤུས་ཚད་ལ་སྣང་ཆེན་བྱེད་པའི”བར་འགྱུར་ལྡོག་བྱུང་བ། བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། བདེ་སྲུང་དང་འདུམ་འགྲིག ཡུལ་དམག་སོགས་ཀྱི་རྩ་འཛུགས་ཁྱོན་ཡོངས་ལ་ཁྱབ་ཡོད་པ་རེད།

    འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ།

    ལོ་ལྔའི་རིང་། རིན་སྤུངས་རྫོང་གིས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་མི་སེམས་ལ་གཏིང་ཟབ་ཟུག་པར་བྱས་ཤིང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་སྒྲིལ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་བཏང་སྟེ་རྫོང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་བརྟན་ཐོག་ཡར་འཕེལ་བྱུང་ཡོད།

    2020ལོར་རྫོང་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་8.69ཟིན་པ་དེ་2015ལོ་ལས་89.32%འཕར་བ་དང་། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་10790ཟིན་པ་དེ་2015ལོ་ལས་79.28%འཕར་བ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཐུགས་གྲ་ལེགས་སྒྲིག་ངང་མཇུག་འགྲིལ་ནས་རྫོང་ཡོངས་སུ་དབུལ་པོ་ཐོན་ཚད་31.4%ནས་0%བར་ཆག་སྟེ་དུས་བཀག་ལྟར་དབུལ་སྒྲོལ་ལས་འགན་ལེགས་གྲུབ་ཟིན་པ་དང་དབུལ་ཞྭ་བདེ་བླག་ངང་ཕུད་ཡོད།

    རྣམ་གྲངས་འཆར་འགོད་བདེ་བླག་ངང་ལེགས་གྲུབ་ཟིན་ཞིང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱས་ཏེ། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་27.93བཏང་བའི་རྣམ་གྲངས་321དོན་འཁྱོལ་བྱས་པར་ཕན་འབྲས་ཐོན་པ་དང་། དུས་མཚུངས་སུ་ཐོན་ལས་སྣ་ཚོགས་ཇུས་འགོད་དང་ལག་བསྟར་བྱས་པར་ཕན་འབྲས་ཡག་པོ་ཐོན་པ། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་སྦྲེལ་མཐུད་ཧུར་ཐག་བྱས་ནས་བོད་སྐྱོར་རྣམ་གྲངས་45བདེ་བླག་ངང་ལག་བསྟར་བྱས་པར་ཁྱོན་མ་དངུལ་སྒོར་ཁྲི་9019.35བཏང་ཡོད་པ་རེད།

    སྐྱེ་ཁམས་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པ།

    ལོ་ལྔའི་རིང་། རིན་སྤུངས་རྫོང་གི་སྐྱེ་ཁམས་ཁོར་ཡུག་དེ་བས་ལེགས་སུ་ཕྱིན་ཞིང་། “སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ། གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ་སྐྱེ་ཁམས་ཤེས་དཔལ་གྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཁོར་ཡུག་གི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།

    སྡོད་མལ་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་ཕྱིན་ཞིང་། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སོགས་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུར་སྐུལ་སློང་ཧུར་ཐག་བྱས་ཏེ་གྲོང་ཚོ་དང་། ལམ་རྒྱུད། ཆུ་ཁོངས། མཚེའུ་ཁོངས། ཞིང་ཁ། སྒོ་ར་བཅས་ཀྱི་ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བ་དང་། མ་དངུལ་སྒོར་ཁྲི་205.6བཏང་ནས་གྲོང་གསེབ་ཀྱི་གསང་སྤྱོད་1028སྒྱུར་བཀོད་ལེགས་གྲུབ་དང་མ་དངུལ་སྒོར་ཁྲི་1639བཏང་ནས“གསང་སྤྱོད་གསར་བརྗེ”ལེགས་གྲུབ་ཟིན་པ། ནོར་ལུག་ཆེད་ལས་མཉམ་ལས་རྩ་འཛུགས་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་ཀྱི་མི་ཕྱུགས་ལོགས་དབྱེའི་ལས་དོན་ལ་སྐུལ་འདེད་བཏང་ཡོད།

    མཐུན་སྒྲིལ་བརྟན་ལྷིང་གི་རྣམ་པ་རྒྱུན་མཐུད་ལེགས་སུ་ཕྱིན་པ།

    སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ཏེ་ཕུགས་ཕན་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་དེ་དུས་བདེའི་རིན་སྤུངས་འཛུགས་སྐྲུན་ལ་མངོན་གསལ་དོད་པའི་ཕན་འབྲས་ཐོན་པ་དང་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ཡོད།

    《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ལྗོངས་འཛུགས་གཏོད་ཀྱི་སྲོལ་ཡིག》ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རིགས་ཁག་གི་ལྷུ་ཚིགས་གལ་ཆེན་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་གཞི་རྟེན་དང་རྣམ་པ་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་བཏང་ནས་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ཡོད། རིན་སྤུངས་རྫོང་ཨུད་དང་རྫོང་སྲིད་གཞུང་ལ་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་ཀྱི་མཚན་སྙན་ཐོབ་པ་དང་། བྱེ་བ་ཤང་ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་ཀྱི་མཚན་སྙན་ཐོབ་པ། ཕུ་སྣ་གྲོང་ཚོའི་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་བྱས་རྗེས་ལྗོངས་ཕྱི་ནང་གི་སྨྱན་སྦྱོར་གྱིས་འཕྲིན་སྤེལ་རྒྱ་ཁྱབ་བཅས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།