ཉིན་ཤས་གོང་། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རེས་སྐོར་གཉིས་པའི་སྐོར་སྐྱོད་མཛུབ་ཁྲིད་ལས་དོན་སྤེལ་ཚུན། མཛུབ་ཁྲིད་ཚོགས་ཆུང་ཁག་གིས“ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། དགོངས་དོན་རྟོཌ་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ”བཅས་ཀྱི་བླང་བྱ་ནན་པོ་གཞིར་བཟུང་། ས་ཆ་དངོས་སུ་མཛུབ་ཁྲིད་དང་། དཔྱད་གཞིའི་ཡིག་རིགས་ལྟ་ཀློག བཅར་འདྲི་གླེང་མོལ་སོཌ་ཀྱི་བྱེད་ཐབས་སྤྱད་དེ་སྐོར་སྐྱོད་མཛུབ་ཁྲིད་ལས་དོན་གྱི་དམིགས་སའི་རང་བཞིན་ཆེ་རུ་བཏང་ཐོག སྐོར་སྐྱོད་མཛུབ་ཁྲིད་ལས་དོན་ཕྱོགས་ཡོངས་ལ་ཁྱབ་པའི་འགན་ལེན་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཤིང་། མཛུབ་ཁྲིད་ཚོགས་ཆུང་ཁག་གིས་མཛུབ་ཁྲིད་བྱ་ཡུལ་ས་ཁུལ་དང་། སྡེ་ཚན། ཚན་པ་བཅས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ལ་དམ་འཛིན་ཡག་པོ་བྱེད་པར་སྐུལ་འདེད་བཏང་སྟེ“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ནང་དོན་གལ་ཆེན་ལ་བརྩིས་ཡོད། “བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དེ་བཞིན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ནས། གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ངོས་འཛིན་དང་གོ་བ་གཏིང་ཟབ་ལེན་པ་དང་། གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་ཆབ་སྲིད་ཀྱི་སྒུལ་ཤུགས་ཆེན་པོ་དང་། བསམ་པའི་སྒུལ་ཤུགས་ཆེན་པོ། ལས་ཀའི་སྒུལ་ཤུགས་ཆེན་པོ་བཅས་ལ་ཏན་ཏིག་འགྱུར་བ་བྱས་ཏེ་ཐོག་མཐའ་བར་གསུམ་དུ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཡོད།
མཛུབ་ཁྲིད་བྱ་ཡུལ་ས་ཁུལ་དང་། སྡེ་ཚན། ཚན་པ་བཅས་ཀྱིས་ཆེད་དོན་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུར་སྐུལ་འདེད་བཏང་ཞིང་། མཛུབ་ཁྲིད་ཚོགས་ཆུང་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱས་ཚུལ་དང་། མྱོང་ཚོར། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་བཏོན་ཚུལ། རང་འགན་གཙང་སྒྲུབ་བྱས་ཚུལ་སོགས་ལ་དམིགས་ནས་མཛུབ་ཁྲིད་བྱ་ཡུལ་ས་ཁུལ་དང་། སྡེ་ཚན། ཚན་པ་བཅས་ཀྱི་ཏང་ཀྲི་པུས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུར་སྐུལ་འདེད་བཏང་སྟེ། ཆེད་དོན་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུའི་ཐོག་བཏོན་པའི་བསམ་འཆར་དང་གྲོས་འགོ་དག་ཐེར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱས་ཡོད། མཛུབ་ཁྲིད་ཚོགས་ཆུང་ཁག་གིས་སྐབས་བསྟུན་འཐེན་བཤེར་དང་། ཟུར་ཞུགས་མཛུབ་ཁྲིད། སྐོར་ཞིབ་ཟུར་ཉན་སོགས་ཀྱི་བྱེད་ཐབས་སྤྱད་དེ་མཛུབ་ཁྲིད་བྱ་ཡུལ་ཚན་པ་ཁག་གི་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུའི་མཛུབ་ཁྲིད་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད།
མཛུབ་ཁྲིད་བྱ་ཡུལ་ས་ཁུལ་དང་། སྡེ་ཚན། ཚན་པ་བཅས་ཀྱིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་དོན་འཁྱོལ་ཡག་པོ་བྱེད་པར་སྐུལ་འདེད་བཏང་ཞིང་། ས་ཁུལ་དང་གྲོང་ཁྱེར་དང་། སྡེ་ཚན། ཚན་པ་བཅས་ཁག་གིས་འགན་ནུས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་རྣམ་གྲངས་དང་གྲོང་སྡོད་ལས་དོན་རུ་ཁག་ལ་བརྟེན་པ་དང་གྲོང་གསེབ་དང་སྡེ་ཁུལ་སོགས་ལ་ཕྱོགས་ནས་མང་ཚོགས་ལ་བྱ་བ་དངོས་བསྒྲུབས་པས་ལས་དོན་སྤེལ་ཤུགས་ཆེ་བ་དང་མང་ཚོགས་བློ་ཡིད་ཚིམ་པོ་བྱུང་ཡོད།
གོམ་སྟབས་རྗེས་མར་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་མཛུབ་ཁྲིད་བྱ་ཡུལ་ས་ཁུལ་དང་། སྡེ་ཚན། ཚན་པ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། གོ་བ་ལེན་པ། ལག་བསྟར་དོན་འཁྱོལ་གཏིང་ཟབ་བཅས་བྱ་རྒྱུར་སྐུལ་འདེད་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དང་ཕུགས་ཀྱི་འཐབ་ཇུས་ལས་འགན་ལ་བརྩི་བ་དང་། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རིང་ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། 《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར》ཞིབ་ཚགས་སུ་གཏོང་བ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བ་བྱེད་རྒྱུ་དང་། དེ་དང་ཆབས་ཅིག་གནད་དོན་གྱི་སྟོན་ཕྱོགས་དང་ཕན་འབྲས་ཀྱི་སྟོན་ཕྱོགས་ལ་ཤུགས་སྣོན་བརྒྱབ་ནས་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་གྲོང་ཁྱེར་དང་ས་ཁུལ་ཁག་དང་ཚན་པ་ཁག་གི་ཏང་ཨུད(ཏང་ཙུའུ)དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མཛུབ་ཁྲིད་བྱ་ཡུལ་ས་ཁུལ་དང་སྡེ་ཚན་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་འགན་འཁུར་བློ་མཐུན་གཙོ་བོར་ལས་དོན་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་དུས་ཐོག་ཏུ་ཚུར་ལན་བྱེད་པ་དང་། མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ཧུར་ཐག་སྤེལ་བ། བོད་རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་བྱས་པའི་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ་བཅས་བྱས་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གི་བྱ་བ་དངོས་སྒྲུབ་པའི་གསལ་ཐོ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།